English

  • མདུན་ངོས།
  • རྒྱལ་རབས།
  • ལོ་རྒྱུས།
    • ལུང་ཚན།
    • གནས་རི།
    • བྲག་ནགས་མཚོ།
    • སྣ་ཚོགས།
  • དགོན་སྡེ།
    • སྡེ་དགེའི་དབུ་ཁག་ལྔ།
    • གཡུང་དྲུང་བོན།
    • སྔ་འགྱུར་རྙིང་མ།
    • རྒྱལ་བ་བཀའ་བརྒྱུད།
    • དཔལ་ལྡན་ས་སྐྱ།
    • རི་བོ་དགེ་ལུགས།
  • པར་ཁང།
  • མི་སྣ།
    • སྐྱེས་ཆེན་དམ་པ།
    • ཤེས་ལྡན་མཁས་པ།
    • རླབས་ཆེན་མི་སྣ།
    • རྩོམ་པ་པོ།
    • ལྷ་པ།
    • སྒྲུང་པ།
    • གཞས་པ་གཞས་མ།
    • གྲགས་ཅན་མི་སྣ་གཞན།
  • ཆས་གོས།
    • རྒྱལ་བློན།
    • ཕོ་ཆས།
    • མོ་ཆས།
  • ཡུལ་སྲོལ།
    • བཟང་ངན་བརྩི་སྲོལ།
    • འབྲོག་པ།
    • རོང་པ།
    • རོང་མ་འབྲོག
    • ཡུལ་སྲོལ་ཁག་ཅིག
    • དུས་ཆེན།
  • ལས་འགུལ།
  • ལག་ཤེས།
    • ལྷ་བཟོ།
    • པར་བརྐོས།
    • མགར་བ།
    • རྫ་བཟོ།
    • ཤོག་བུ་བཟོ་བ།
    • ཤིང་བཟོ་བ།
    • འཚེམ་བཟོ།
    • སྤུ་རིགས་བཟོ་བ།
  • གླུ་གཞས།
    • སྡེ་དགེའི་བྲོ་ཆེན།
    • མགུར་མོ།
    • གླུའི་རིགས།
    • གླིང་བྲོ།
    • ཁེད་(གབ་ཚིག)
    • གཏམ་དཔེ།
  • ངོ་སྤྲོད།

སྡེ་དགེ་སྤོ་ལུ་ནས་རི་ཉིལ་ཏེ་འབྲི་ཆུ་འགག་པའི་ཛ་དྲག་དཀའ་ངལ།

འདོན་སྤེལ། 2018/11/8 8:13 PM རྩོམ་པ་པོ།

D10FF49B-43D6-435B-9B9D-2723358735E8འདི་ནས་ཡུལ་དངོས་ལ་རྒྱུས་ལོན་བྱས་ཏེ་གནས་ཚུལ་འབྱོར་བ་ལྟར་ན། འདི་ཟླའི་ཕྱི་ཚེས་ ༣ ཉིན་གྱི་ཕྱི་དྲོར་སྡེ་དགེ་འཇོ་མདའ། སྤོ་ལུའི་ཕྱོགས་ནས་ཁ་སྔོན་ཕྱི་ཟླ་༡༠ ཚེས་༡༡ ཉིན་རི་ཉིལ་ཏེ་འབྲི་ཆུ་བཀག་སའི་ཕྱོགས་ནས་བསྐྱར་དུ་རི་བོ་ཉིལ་ཏེ་འབྲི་ཆུ་བཀག་པའི་ཛ་དྲག་གནས་ཚུལ་ཐོན་ཡོད་པ་དང་། ད་ལྟ་སྤོ་ལུ་ཤང་དང་དེའི་ཉེ་འཁོར་གྱི་གྲོང་ཚོ་དང་། ཞིང་ཁ་མང་པོ་ཞིག་ཆུའི་ནང་ནུབ་བཞིན་ཡོད་པ་རེད།

སྤྱིར་བཏང་འབྲི་ཆུ་དང་རྩམ་ཆུ་གཉིས་པོ་འབྲི་རྩམ་སུམ་མདོ་ནས་འདྲེས་ཏེ་འབབ་བཞིན་ཡོད་པ་དང་། འབྲི་རྩམ་སུམ་མདོའི་མར་ཙམ་ནས་འབྲི་ཆུའི་(དཔལ་ཡུལ)ཤར་(འཇོ་མདའ)ནུབ་ཀྱི་རི་བོ་ཕན་ཚུན་ཉིལ་ཏེ་འབྲི་ཆུའི་འབབ་མཚམས་བཅད་ཡོད་པས་མ་ཚད། རི་བོ་ཉིལ་བའི་ས་རོ་རྡོ་རོའི་མཐོ་ཚད་ལ་ཐོག་བརྩེགས་ ༥༠ ཡན་མན་ཡོད་ཚུལ་བཤད་ཡོད། ད་བར་མི་དང་འཕྲུལ་འཁོར་གྱིས་དེ་དག་གཤོང་ཐབས་བྱེད་བཞིན་ཡོད་མོད། ད་དུང་མུ་མཐུད་འབད་བརྩོན་བྱས་ཀྱང་ཆུ་ཚོད་ ༣༠ ཡན་མན་འགོར་སྲིད་པའི་གནས་ཚུལ་འབྱོར་ཡོད།

ས་གནས་མང་ཚོགས་རྣམས་ས་གནས་གཞན་དུ་གནས་སྤོ་བྱས་ནས་ད་བར་མིའི་ཚེ་77234512-100D-48AF-A8A2-615E96D3F51Aསྲོག་ཤོར་བའི་གནས་ཚུལ་བྱུང་མེད་ཀྱང་། སྤོ་ལུ་ཤང་གི་སློབ་གྲྭ་དང་། ལས་ཁུངས། ཞིང་ཁ། གྲོང་ཚོ་བཅས་ད་ཆར་གང་འཚམས་ཆུའི་ནང་ནུབ་ཚར་ཡོད་པས་མ་ཚད། རྩམ་ཆུའི་ངོགས་ན་ཆགས་པའི་སྤོ་ལུ་དགོན་པའི་ཉེ་འགྲམ་ནའང་རྩམ་ཆུ་དང་འབྲི་ཆུ་གྱེན་དུ་འཁྱིལ་ནས་ཉེན་ཚབ་ཆེན་པོ་འགྱུར་ཡོད་པ་རེད། ད་ཆར་ས་གནས་མང་ཚོགས་ཀྱི་སེམས་འཚབ་བྱ་ས་གཙོ་བོ་ཞིག་ནི། རང་རང་གི་ས་ཁང་དང་། ཞིང་ཁ་ཙམ་མིན་པ། སྤོ་ལུ་དགོན་པ་འདི་ལོ་རྒྱུས་ཡུན་རིང་ལྡན་པའི་དགོན་པ་རྩ་ཆེན་ཞིག་ཡིན་པས་མ་ཚད། སྐུ་གསུང་ཐུགས་རྟེན་རྩ་ཆེན་མང་པོ་ཞིག་ཡོད་སྟབས་འདི་ཉིད་སྲུང་སྐྱོབ་བྱ་རྒྱུ་དེ་ཡིན་པ་རེད།

འདིའི་ཐད་ནས་སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱིས་དབུས་བྱེས་འཁོད་བོད་མི་སྤྱི་དང་ཡང་སྒོས་སྡེ་དགེའི་མང་ཚོགས་ཚོས་ཉིན་ལྟར་གནས་ཚུལ་བཟང་པོ་རེ་ཐོན་པར་རེ་སྒུག་དང་བཅས་སེམས་འཚབ་ཆེན་པོ་བྱེད་ཀྱིན་ཡོད་པ་རེད།

dege old2
dege 3 0C73D89E-576C-4E1C-936D-BD31F1091492

One Response

  1. ཐུབ་བསྟན། says:
    November 11, 2018 at 7:05 am

    སེམས་གཏིང་ནས་གདུང་སེམས་མཉམ་སྐྱེད་དང་མཆོག་གསུམ་ལ་གསོལ་འདེབས་སྨོན་ལམ་ཞུ་རྒྱུ་ཡིན།

    Reply

བསམ་ཚུལ་འབྲི།

Click here to cancel reply.

' རྩོམ་འོག་མ། འབྲི་ཆུ་འགག་པའི་གནོད་ཐེབས་ས་ཁུལ་ལ་གདུང་སེམས་མཉམ་བསྐྱེད།

འབྲེལ་ཡོད་ཀྱི་རྩོམ་གཞན།

  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་དབུས་རྒྱུན་སྐབས་ ༣ པའི་ལོ་འཁོར་༣ གྱི་ལས་བསྡོམས་སྙིང་བསྡུས།
  • ཨ་ཧྥི་ཏབ་ཀརྨ་སིང་པུ་རེ་ཝལ་ (Aftab Karma Singh Pureval) ལགས་ཨ་རིའི་གྲོང་ཁྱེར་སིན་སི་ན་ཊི་( Cincinnati) ཡི་སྤྱི་ཁྱབ་གྲོང་ཁྱེར་དཔོན་པོའི་གོ་གནས་ཀྱི་རྒྱལ་ཁ་ཐོབ་པ།
  • བོད་ཕྲུག་༢༧་ལ་སྲིད་སྐྱོང་གི་སློབ་ཡོན་གཟེངས་རྟགས་ཐོབ་པའི་ནང་རང་རེ་སྡེ་དགེ་བའི་སློབ་མ་གཅིག་ཡོད་པ་རེད།
  • དབུས་རྒྱུན་སྐབས་གསུམ་པའི་ཚོགས་ཐེངས་གཉིས་པ་དེ་བསྐོང་ཚོགས་གནང་
  • ལོ་གསར་པའི་འཚམ་འདྲི་བཀྲ་ཤིས་བདེ་ལེགས།

ཁྱབ་བསྒྲགས། མང་ ...
    Advertisement
འབྲེལ་མཐུད།
Advertisement
Advertisement
Advertisement
Advertisement
ངོ་དེབ།











  • ཁམས་པའི་དྲ་བ།
  • སྡེ་དགེའི་པར་ཁང་།
  • བོད་ཀྱི་བང་ཆེན།
  • བོད་ཀྱི་དུས་བབ།
  • རྒྱལ་བ་རིན་པོ་ཆེ།
  • ཆུ་སྒང་དྲ་བ།
  • བོད་ཀྱི་ཆ་འཕྲིན།
  • ཨ་རིའི་བརྙན་འཕྲིན།
  • བོད་ཀྱི་གཞས་ཚིག་དྲ་བ།་
  • དྲི་བ་དྲིས་ལན་དྲ་བ།
  • བོད་ཀྱི་འཕྲུལ་དེབ་དྲ་བ།
  • སམ་བྷོ་ཏྲ་དྲ་བ།།
  • འོད་ཟེར་དྲ་བ།
  • བོད་གཞུང་དྲ་བ།
  • སེང་རྡོར་དྲ་བ།།
  • སྨོན་ལམ་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • སྐར་ཁུང་དྲ་བ།
  • གེ་སར་རིག་གནས་དྲ་བ།
  • ཕ་ཡུལ་དྲ་བ།
  • སྤྱི་འཐུས་དྲ་བ།
  • འཛི་སྒར་དྲ་བ།
  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་།
  • © 2020 Dege Gyalyong welfare Society
  • House # D-44, New Tibetan Camp. New Aruna Nagar, Majnu-ka-tilla, Delhi-110054, India.
  • E-mail: [email protected] Tel. 01123815056 Mb: +9717153449

བཟོ་སྐྲུན་པ། བསྟན་འཛིན་ཆོས་གྲགས།