སྡེ་དགེ་རྫ་ཆུ་ཁར་སྐད་འབོད་ངོ་རྒོལ།
འབྲེལ་ཡོད་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཕྱི་ལོ་ ༢༠༡༤ཟླ་༡༡ཚེས་༢༦ རེས་གཟའ་ལྷག་པའི་ཉིན་རྒྱབ་ཀྱི་བོད་ནང་གི་དུས་ཚོད་༣:༥༠ཡར་མར་ཞིག་ལ་སྡེ་དགེ རྫ་ཆུ་ཁ། རྫ་སྐེད། མང་དགེ་དགོན་གྱི་གྲྭ་བསོད་ནམས་ཡར་འཕེལ་གྱིས་ལག་ཏུ་༧གོང་ས་མཆོག་གི་སྐུ་པར་ཆེན་པོ་ཞིག་བཟུང་ནས་བོད་ལ་རང་དབང་དགོས། ༧གོང་ས་མཆོག་སྐུ་ཚེ་ཁྲིད་ལོ་བརྟན་པར་ཤོག ཅེས་པའི་འབོད་ཚིག་སྒྲོག་གིན་སེར་ཤུལ་རྫོང་ཐོག་ཏུ་ཞི་བའི་རྔམ་སྟོན་ཁྲོམ་བསྐོར་བྱས་ཡོད་པ་དང་། སྐར་མ་ཁ་ཤས་རྗེས་ལ་ས་གནས་ཉེན་རྟོག་པ་སླེབས་ཏེ་ཁོང་བཙན་ཁྲིད་བྱས་འདུག
བསོད་ནམས་ཡར་འཕེལ་ལགས་ནི་རང་ལོ་༢༢ ཡིན་པ་དང་། ཕའི་མིང་ལ་ལེགས་ཚོགས་ཡོན་ཏན་དང་། མའི་མིང་ལ་བདེ་མཚོ་ཟེར། གནས་ཚུལ་དེ་བྱུང་བའི་རྗེས་སུ་ས་གནས་ཉེན་རྟོག་པ་མང་དགེ་དགོན་དུ་འགྲོ་བཞིན་ཡོད་འདུག མང་དགེ་དགོན་དུ་གནས་ཚུལ་དེ་ཐོག་མ་མ་ཡིན་པར་༢༠༠༨ལོའི་གསུམ་བཅུ་དུས་དྲན་ཉིན་མང་དགེ་དགོན་གྱི་གྲྭ་བཟོད་པ་ལགས་ཀྱིས་ལྷ་སའི་གཙུག་ལག་ཁང་གི་མདུན་ཐང་ནས་རྔམ་སྟོན་ཁྲོམ་བསྐོར་བྱས་ཏེ་ལོ་༥ཡི་ཁྲིམས་བཅད་ཕོག་ཡོད་ལ། ༢༠༡༣ལོའི་གསུམ་བཅུ་དུས་དྲན་ཉིན་དགོན་དེའི་དགེ་འདུན་པ་གསུམ་གྱིས་སེར་ཤུལ་རྫོང་ཐོག་ཏུ་ཞི་བའི་རྔམ་སྟོན་ཁྲོམ་བསྐོར་བྱས་ཏེ་འཛིན་བཟུང་བྱས་པའི་གནས་ཚུལ་སོགས་བྱུང་ཡོད་འདུག ད་ལྟ་སེར་ཤུལ་རྫོང་གཡས་གཡོན་དུ་དྲ་སྒོ་བཀག་ཟིན་པའི་གནས་སྟངས་ཆགས་ཡོད་འདུག
བསམ་ཚུལ་འབྲི།
འབྲེལ་ཡོད་ཀྱི་རྩོམ་གཞན།
- སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་དབུས་རྒྱུན་སྐབས་ ༣ པའི་ལོ་འཁོར་༣ གྱི་ལས་བསྡོམས་སྙིང་བསྡུས།
- ཨ་ཧྥི་ཏབ་ཀརྨ་སིང་པུ་རེ་ཝལ་ (Aftab Karma Singh Pureval) ལགས་ཨ་རིའི་གྲོང་ཁྱེར་སིན་སི་ན་ཊི་( Cincinnati) ཡི་སྤྱི་ཁྱབ་གྲོང་ཁྱེར་དཔོན་པོའི་གོ་གནས་ཀྱི་རྒྱལ་ཁ་ཐོབ་པ།
- བོད་ཕྲུག་༢༧་ལ་སྲིད་སྐྱོང་གི་སློབ་ཡོན་གཟེངས་རྟགས་ཐོབ་པའི་ནང་རང་རེ་སྡེ་དགེ་བའི་སློབ་མ་གཅིག་ཡོད་པ་རེད།
- དབུས་རྒྱུན་སྐབས་གསུམ་པའི་ཚོགས་ཐེངས་གཉིས་པ་དེ་བསྐོང་ཚོགས་གནང་
- ལོ་གསར་པའི་འཚམ་འདྲི་བཀྲ་ཤིས་བདེ་ལེགས།