སྡེ་དགེ་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོ་རྒྱལ་ཁའི་ངང་གྲོལ་བ།
༈ དེའང་ཉིན་གསུམ་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་སྡེ་དགེ་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོ་བསྐོང་འཚོག་གནང་ནས་ཚོགས་འདུ་རྒྱལ་ཁའི་ངང་གྲོལ་བ།
ན་ནིང་ཕྱི་ལོ་༢༠༡༢་༡༡་༡༧ ཉིན་དབུ་བརྙེས་པའི་ཕུ་ནུ་གྲོས་ར་ཞེས་པའི་དྲ་ཐོག་ཚོགས་པས་ལོ་གཅིག་ཙམ་རིང་། སྡེ་དགེ་ཚང་གི་ཕྱོགས་བཞིའི་དཔོན་འགོ་བཞི་ནས་བརྩིས་པའི་རྒྱལ་རབས་ལོ་རྒྱུས་ནང་གི་སྡེ་དགེ་བ་ཕྱོགས་འདུས་རང་བཞིན་ཅན་གྱི་དབུས་ས་གཉིས་ཀྱི་ཚོགས་སྡེ་མང་པོ་ཞིག་བཙུགས་ཏེ། སྡེ་དགེ་དྲ་བ་གསར་བཟོ་དང་། སྡེ་དགེ་རྒྱལ་ཡོངས་ཚོགས་ཆེན་གོ་སྒྲིག དེ་བཞིན་ཚོགས་ཐོག་དེ་ནས་སྡེ་དགེའི་དབུས་རྒྱུན་འདེམ་བསྐོ་བྱ་རྒྱུའི་ལས་རིམ་ལྟར། འདི་ཟླའི་ཕྱི་ཚེས་ ༨ ནས་ ༡༠ བར་ཉིན་གསུམ་རིང་། རྒྱལ་གར་གྱི་རྒྱལ་ས་ལྡི་ལི་རུ་སྡེ་དགེ་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོ་དེ་བསྐོང་འཚོག་གནང་ནས། མང་གཙོའི་ལམ་སྲོལ་འོག་ཚོགས་པའི་སྒྲིག་གཞི་དང་། གྲོས་ཆོད་ཁག་གཏན་འབེབ་དང་། སྐབས་དང་པོའི་རྒྱུན་ལས་འོས་འདེམས་དང་བསྐོ་བཞག་བྱས་ནས་ཚོགས་འདུ་རྒྱལ་ཁའི་ངང་གྲོལ་སོང་། ཚོགས་ཐོག་ཏུ་བོད་མི་མང་སྤྱི་འཐུས་མཁན་པོ་ནོར་བུ་ཚེ་རིང་། སྤྱི་འཐུས་དབྱངས་ཅན་སྒྲོལ་དཀར། ཕུ་ནུ་གྲོས་རའི་ཚོགས་གཙོ་འཆམ་ར་དྲི་མེད་རྒྱལ་མཚན། བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་དགེ་ལེགས་འཇམ་དབྱངས་ལགས་ཀྱིས་གཙོས། ཨ་རི། ཧྥི་རན་སི། སྦེལ་ཇམ། བལ་ཡུལ། རྒྱ་གར་ནང་གི་ས་གནས་ཁག་མང་པོ་ཞིག་གི་སྡེ་དགེའི་མང་ཚོགས་ཀྱི་སྐུ་ཚབ་བཅས་ཚོགས་ཞུགས་མི་སྣ་བརྒྱ་ལྷག་ཙམ་བྱུང་ཡོད་པ་རེད།
One Response
བསམ་ཚུལ་འབྲི།

འབྲེལ་ཡོད་ཀྱི་རྩོམ་གཞན།
-
སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་དབུས་རྒྱུན་སྐབས་ ༣ པའི་ལོ་འཁོར་༣ གྱི་ལས་བསྡོམས་སྙིང་བསྡུས།
-
ཨ་ཧྥི་ཏབ་ཀརྨ་སིང་པུ་རེ་ཝལ་ (Aftab Karma Singh Pureval) ལགས་ཨ་རིའི་གྲོང་ཁྱེར་སིན་སི་ན་ཊི་( Cincinnati) ཡི་སྤྱི་ཁྱབ་གྲོང་ཁྱེར་དཔོན་པོའི་གོ་གནས་ཀྱི་རྒྱལ་ཁ་ཐོབ་པ།
-
བོད་ཕྲུག་༢༧་ལ་སྲིད་སྐྱོང་གི་སློབ་ཡོན་གཟེངས་རྟགས་ཐོབ་པའི་ནང་རང་རེ་སྡེ་དགེ་བའི་སློབ་མ་གཅིག་ཡོད་པ་རེད།
-
དབུས་རྒྱུན་སྐབས་གསུམ་པའི་ཚོགས་ཐེངས་གཉིས་པ་དེ་བསྐོང་ཚོགས་གནང་
-
ལོ་གསར་པའི་འཚམ་འདྲི་བཀྲ་ཤིས་བདེ་ལེགས།
༄། །རྣམ་ལྷན་ནས་མ་བསྐུལ་དྭང་བས་སྡེ་དགེ་དྲྭ་བའི་ལྷན་ཚོགས་བཙུགས་ཏེ་སྤྱི་སྨན་གྱི་རེ་འདུན་གྱིས། རྩ་ཆེའི་དུས་ཚོད་དང་དངོས་པོའི་འགྲོ་གྲོན་གཏོང་ནས་དུས་འགྱུར་དང་བསྟུན་ལེགས་སྤེལ་ཉེས་འགོག་གི་རེ་འདུན་གྱིས་བྱེད་ཕྱོགས་ལ་རྗེས་སུ་ཡིད་རངས་དང་། སླད་དུས་ཀྱི་འགྲོས་དང་མཐུན་པར་རྐྱེན་ངན་གྱིས་མ་གོས་པར་གོང་འཕེལ་འབྱུང་བའི་རེ་སྨོན་ཡོད། གོང་མིང་པས་དྲྭ་རྒྱ་མཐོང་བ་དང་༢༠༡༣།༡༡།༡༥ཉིན་ཕུལ།།