English

  • མདུན་ངོས།
  • རྒྱལ་རབས།
  • ལོ་རྒྱུས།
    • ལུང་ཚན།
    • གནས་རི།
    • བྲག་ནགས་མཚོ།
    • སྣ་ཚོགས།
  • དགོན་སྡེ།
    • སྡེ་དགེའི་དབུ་ཁག་ལྔ།
    • གཡུང་དྲུང་བོན།
    • སྔ་འགྱུར་རྙིང་མ།
    • རྒྱལ་བ་བཀའ་བརྒྱུད།
    • དཔལ་ལྡན་ས་སྐྱ།
    • རི་བོ་དགེ་ལུགས།
  • པར་ཁང།
  • མི་སྣ།
    • སྐྱེས་ཆེན་དམ་པ།
    • ཤེས་ལྡན་མཁས་པ།
    • རླབས་ཆེན་མི་སྣ།
    • རྩོམ་པ་པོ།
    • ལྷ་པ།
    • སྒྲུང་པ།
    • གཞས་པ་གཞས་མ།
    • གྲགས་ཅན་མི་སྣ་གཞན།
  • ཆས་གོས།
    • རྒྱལ་བློན།
    • ཕོ་ཆས།
    • མོ་ཆས།
  • ཡུལ་སྲོལ།
    • བཟང་ངན་བརྩི་སྲོལ།
    • འབྲོག་པ།
    • རོང་པ།
    • རོང་མ་འབྲོག
    • ཡུལ་སྲོལ་ཁག་ཅིག
    • དུས་ཆེན།
  • ལས་འགུལ།
  • ལག་ཤེས།
    • ལྷ་བཟོ།
    • པར་བརྐོས།
    • མགར་བ།
    • རྫ་བཟོ།
    • ཤོག་བུ་བཟོ་བ།
    • ཤིང་བཟོ་བ།
    • འཚེམ་བཟོ།
    • སྤུ་རིགས་བཟོ་བ།
  • གླུ་གཞས།
    • སྡེ་དགེའི་བྲོ་ཆེན།
    • མགུར་མོ།
    • གླུའི་རིགས།
    • གླིང་བྲོ།
    • ཁེད་(གབ་ཚིག)
    • གཏམ་དཔེ།
  • ངོ་སྤྲོད།

སྡེ་དགེ་རྒྱལ་ཡོངས་ཚོགས་ཆེན་གྱི་གསལ་བརྡ།

འདོན་སྤེལ། 2013/10/2 5:17 AM རྩོམ་པ་པོ།

ཚོགས་ཆེན་གསལ་བརྡ
༈ བཀུར་འོས་རྒྱ་ཆེའི་སྡེ་དགེ་བ་ཡོངས་ལ་གུས་འདུད་ཆེན་པོའི་ཐོག་ཕུ་ནུ་གྲོས་རའི་ངོས་ནས་ཆེད་དུ་ཞུ་གསོལ་འདེབས་དོན།

མཁྱེན་གསལ་ལྟར་ཕུ་ནུ་གྲོས་ར་ནི་ ༢༠༡༢་༡༡་༡༧ ཉིན་དྲྭ་ཐོག་ཏུ་དབུ་བརྙེས་པ་དང་། སྡེ་དགེ་བའི་ཆོས་དང་རིག་གཞུང་། ཡུལ་སྲོལ་གོམས་གཤིས་བཟང་པོ་རྣམས་རྒྱུད་འཛིན་དང་། ཉམ་ཐག་དང་སློབ་ཕྲུག་དཀའ་ངལ་ཅན་ལ་རོགས་སྐྱོར། རྩ་ཆེའི་ལོ་རྒྱུས་མཁོ་སྒྲུབ་བྱ་རྒྱུ་བཅས་ཀྱི་དམིགས་ཡུལ་འོག  ལུང་ཚན་དང་ཆོས་བརྒྱུད། ཚོགས་སྡེ་དང་གང་ཟག་སྒེར་བཅས་ཀྱི་རིས་སུ་མ་ཆད་ཅིང་། ཕྱོགས་སུ་མ་ལྷུང་པའི་ཐོག་ནས་ལས་འཆར་གཙོ་བོ་ཁག་གསུམ་བསྒྲིགས་པ་སྟེ། ༡་སྡེ་དགེ་དྲྭ་རྒྱ་བཟོ་རྒྱུ། ༢་སྡེ་དགེའི་ལོ་རྒྱུས་མཁོ་སྒྲུབ། ༣་ལོ་གཅིག་ནང་ཚུན་སྡེ་དགེ་ཚོགས་ཆེན་ཞིག་གོ་སྒྲིག་ཞུས་ཏེ་སྡེ་དགེ་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ཞིག་འཛུགས་ཐུབ་པར་བྱ་རྒྱུ་བཅས་ཡིན།  ༢༠༡༣་༢་༡༥ ཉིན་ www.dhege.com སྡེ་དགེ་དྲ་བ་ལེགས་གྲུབ་ཐོག་དངོས་སུ་ཤར་གཏོང་བྱེད་ཐུབ་པ་བྱུང་ཡོད་ལ། ད་བར་ལོ་རྒྱུས་ཀྱང་མཁོ་སྒྲུབ་བྱེད་བཞིན་པས་མཚོན་སྡེ་དགེ་བའི་དུས་གསུམ་གྱི་ཆེད་དུ་བྱ་དཀའ་བྱེད་གཏད་ཀྱི་ཁྲོད་ལས་དོན་བསྒྲུབས་དང་སྒྲུབ་མུས་ཡིན།

ད་ལྟ་ནི་ཕུ་ནུ་གྲོས་ར་དབུ་བརྙེས་ནས་ཟླ་བ་ ༡༡ ཟིན་ལ་ཉེ་བར་ཡིན་དུས། ཚོགས་ཆེན་གོ་སྒྲིག་བྱེད་བཞིན་ཡོད་ལ། ཕུ་ནུ་གྲོས་རའི་ས་གནས་འཐུས་མི་ལྷན་ཚོགས་ནས་འདི་ལོའི་ཕྱི་ཟླ་༡༡ ཚེས་ ༨ བོད་ཟླ་ ༩ ཚེས་ ༥ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་ཉིན་གསུམ་རིང་སྡེ་དགེ་རྒྱལ་ཡོངས་ཚོགས་ཆེན་འཚོག་རྒྱུར་གཏན་འབེབ་གྲུབ་སོང་བས། གཤམ་གསལ་ཚོགས་བཅར་མི་འགྲོའི་གྲངས་ལྟར་ཁུངས་སོ་སོ་ནས་འདེམས་སྒྲུག་ཐོག་ཚོགས་ཞུགས་གནང་རོགས། ཚོགས་འདུའི་བརྗོད་གཞི་ནི། འཛུགས་འཆར་སྡེ་དགེ་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་སྒྲིག་གཞི་གཏན་འབེབ་དང་། གོང་གསལ་དམིགས་ཡུལ་དང་འབྲེལ་བའི་གྲོས་ཆོད་གྲོས་འཆར་ཁག་གཏན་འབེབ། དབུས་རྒྱུན་ལས་འོས་འདེམས་བྱ་རྒྱུ་བཅས་ཡིན། ཚོགས་འདུའི་རིང་ཞལ་ལག་དང་བཞུགས་ཤག་བཅས་འདི་ནས་གྲ་སྒྲིག་ཞུ་བཞིན་ཡོད་ལ། ས་མིག་ནང་གསལ་རྒྱ་བལ་འབྲུག་གསུམ་གྱི་ཚོགས་བཅར་བ་རྣམ་པར་མེ་འཁོར་ཨང་གསུམ་པ་དང་། སྤྱི་སྤྱོད་རླངས་འཁོར་བཅས་ཀྱི་ལམ་གྲོན་ཀྱང་འབུལ་འཆར་ཡོད་མོད། དཀའ་ངལ་ཆེན་པོ་མེད་ཚེ་ལམ་གྲོན་ཁོངས་སོ་སོ་ནས་གཏོང་ཐུབ་ན་བཀའ་དྲིན་མ་ཆུང་ཞུ།

ཐུགས་སྣང་དགོས་རྒྱུར། ཚོགས་བཅར་བའི་མཚན་ཐོ་ ༢༠༡༣་༡༠་༢༠ ནང་ཚུན་ས་གནས་སོ་སོའི་ཕུ་ནུ་གྲོས་རའི་འཐུས་མིའམ། གོ་སྒྲིག་པར་ངེས་འཕྲོད་དགོས་རྒྱུ་བཅས།

ཕུ་ནུ་གྲོས་རའི་ས་གནས་འཐུས་མི་ལྷན་ཚོགས་ནས་ ༢༠༡༣་༡༠་༡ ཉིན།

གྲངས། ས་གནས། མི་གྲངས། གྲངས། ས་གནས། མི་གྲངས། གྲངས། ས་གནས། མི་གྲངས།
       1. བལ་ཡུལ། ༡༠ 8. འབྲུག ༣      15. ཨ་རི་སྡེ་དགེ་ཚོགས་པ། ༣
       2. སྦིར། ༡༠ 9. ལྡི་ལི། ༣      16. སུད་སི་སྡེ་དགེ་ཚོགས་པ། ༣
       3. སྦེལ་ཀོབ། ༡༠ 10. ལྡེ་ར་ལྡུན། ༣      17. སྦེལ་ཇམ་སྡེ་དགེ་ཚོགས་པ། ༣
       4. ཀ་ལ་མིན་ཏྲོན། ༥ 11. མོན་གྷོ། ༣      15. ཁེ་ན་དྲ་སྡེ་དགེ་ཚོགས་པ། ༣
       5. དྷ་ས། ༣ 12. ཤིང་ལོང་། ༢      16. ཕྷི་རན་སི་སྡེ་དགེ་ཚོགས་པ། ༢
       6. འབྲས་ལྗོངས། ༤ 13. ས་གནས་འཐུས་མི། ༢༤      17.
       7. མཚོ་པདྨ། ༣ 14. དངས་བླངས་པ། ༢༥      18.

 

One Response

  1. Karma Kalsang says:
    November 14, 2013 at 9:06 pm

    བདག་གིས་རེ་བ་ནི་ད་རིང་ཚོགས་འདི་དུས་སྐབས་ཀརྨ་བཀའ་བརྒྱུད་པའི་བླ་ཆེན་ཞ་དམར་དང་སུ་ཏི་གཉིས་མཐུན་འབྲེལ་བྱེད་རྒྱུ་ཀརྨ་པ་གཉིས་ཕན་ཚུལ་འཇལ་སྤྲོད་གནང་རྒྱུ་གྲོས་མོ་བྱེད་ཐུབ་པ་འབད་བརྩོན་བྱེད་རོགས་ཞུ་ང་རང་འདྲ་པོ་དཔེ་གཞག་ན་འཇིག་རྟེན་འདི་ཐོག་ཀམ་ཚང་རྙོག་དྲ་དེ་མེད་པ་ཆགས་པ་ཡིན་དེ་ལས་ལྷག་ཚད་དགོས་པ་པ་མེད་པ་ཁ་ཞེན་གཉིས་མེད་ཡིན་ཚོགས་འདི་ལ་ཕེབས་བསམ་པའི་རེ་བ་ཡོད་སྟེ་ཕ་ཡུལ་སྡེ་དགེ་མིན་པའི་བྱ་ཐབས་བྲལ། ད་རེང་སྡེ་ཚོགས་པའི་གོ་སྐབས་འདི་མ་ཤོར་བ་རྒྱལ་བ་ཡབ་སྲས་རྣམས་མཐུན་འབྲེལ་བྱེད་རྒྱུ་ཐབས་ཤེས་གང་འདྲ་གནང་དགོས་ན་གནང་རོགས་ཞུ།
    ཞབས་འདེབས་འདྲ་ཕུལ་དགོས་ན་གང་ཐུབ་བྱེད་ཆོགས གུས་ཏྲེ་ཧོར་ཁམས་པ་ཀརྨ་སྐལ་བཟང་ནས་སྙིང་ནས་རེ་བ་ཡིན།

    Reply

བསམ་ཚུལ་འབྲི།

Click here to cancel reply.

' རྩོམ་འོག་མ། སྡེ་དགེ་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོ་རྒྱལ་ཁའི་ངང་གྲོལ་བ།

འབྲེལ་ཡོད་ཀྱི་རྩོམ་གཞན།

  • ས་གནས་ཡུལ་མིའི་རེ་འབོད་ལ་བདག་སྐྱོང་དགོས་པའི་ཡོངས་ཁྱབ་བསྒྲགས་གཏམ།
  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་ ༢༠༢༢ ལོའི་སློབ་ཡོན་གསལ་བསྒྲགས།
  • ༄༅། །འཛམ་གླིང་ཤར་ནུབ་གང་དུ་བཞུགས་ཡོད་པའི་རང་རེེའི་སྡེ་དགེ་བ་ཕུ་ནུ་མིང་སྲིང་ཡོངས་ལ་སྡེ་དགེའི་ཉིན་མོའི་གསལ་བརྡ།
  • སྡེ་དགེ་པ་འཛིན་གྲྭ་བཅུ་པའི་སློབ་མ་ཡོངས་ནས་དོ་སྣང་གནང་དགོས་རྒྱུ་གལ་ཆེ།
  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་ ༢༠༡༩ ལོའི་སློབ་ཡོན་འབུལ་འགོ་བཙུགས།

ཁྱབ་བསྒྲགས། མང་ ...
    Advertisement
འབྲེལ་མཐུད།
Advertisement
Advertisement
Advertisement
Advertisement
ངོ་དེབ།











  • ཁམས་པའི་དྲ་བ།
  • སྡེ་དགེའི་པར་ཁང་།
  • བོད་ཀྱི་བང་ཆེན།
  • བོད་ཀྱི་དུས་བབ།
  • རྒྱལ་བ་རིན་པོ་ཆེ།
  • ཆུ་སྒང་དྲ་བ།
  • བོད་ཀྱི་ཆ་འཕྲིན།
  • ཨ་རིའི་བརྙན་འཕྲིན།
  • བོད་ཀྱི་གཞས་ཚིག་དྲ་བ།་
  • དྲི་བ་དྲིས་ལན་དྲ་བ།
  • བོད་ཀྱི་འཕྲུལ་དེབ་དྲ་བ།
  • སམ་བྷོ་ཏྲ་དྲ་བ།།
  • འོད་ཟེར་དྲ་བ།
  • བོད་གཞུང་དྲ་བ།
  • སེང་རྡོར་དྲ་བ།།
  • སྨོན་ལམ་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • སྐར་ཁུང་དྲ་བ།
  • གེ་སར་རིག་གནས་དྲ་བ།
  • ཕ་ཡུལ་དྲ་བ།
  • སྤྱི་འཐུས་དྲ་བ།
  • འཛི་སྒར་དྲ་བ།
  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་།
  • © 2020 Dege Gyalyong welfare Society
  • House # D-44, New Tibetan Camp. New Aruna Nagar, Majnu-ka-tilla, Delhi-110054, India.
  • E-mail: [email protected] Tel. 01123815056 Mb: +9717153449

བཟོ་སྐྲུན་པ། བསྟན་འཛིན་ཆོས་གྲགས།