སྡེ་དགེ་རྒྱལ་ཡོངས་ལྷན་ཚོཊ་ཀྱི་ ༢༠༡༩ ལོའི་སློབ་ཡོན་གསལ་བསྒྲགས།
སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་ ༢༠༡༩ ལོའི་སློབ་ཡོན་གསལ་བསྒྲགས།
༈ དེའང་སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་དམིགས་ཡུལ་གཙོ་བོ་གཅིག་ནི། མ་འོངས་བོད་ཀྱི་སོན་རྩར་གྱུར་པའི་གཞོན་སྐྱེས་འདི་དག་སྤྱི་ཚོགས་ཐོག་ལ་འདབ་གཤོག་གཉིས་ལྡན་ཅན་ཞིག་ཡོང་ཐབས་སུ། མཐུན་རྐྱེན་སྦྱོར་སྐྲུན་དང་། སྐུལ་འདེད་ནན་གཏོང་བྱ་རྒྱུ་དེ་ཡིན་པ་ལྟར། ཕྱི་ལོ་ ༢༠༡༦ ལོ་ནས་མཐོ་རིམ་སློབ་གྲྭར་འགྲིམ་མཁན་གྱི་སློབ་ཕྲུག་གྲངས་ ༨ ལ་སློབ་ཡོན་གྱི་མཐུན་འགྱུར་ཞུས་ནས་འདི་ལོར་སློབ་ཐོན་བྱུང་ཐུབ་ཡོད་པ་རེད།
དེ་བཞིན་འདི་ལོའང་མུ་མཐུད་དེ་མཐོ་རིམ་སློབ་མ་གྲངས་ ༨ ལ་ལོ་རེར་ཧིན་སྒོར་ ༡༡༠༠༠ རེ་ཕུལ་ནས། ལོ་གསུམ་རིང་སློབ་ཡོན་ནར་འབུལ་ཞུ་རྒྱུའི་ཆ་རྐྱེན་དང་ཐག་གཅོད་བྱུང་སོང་པས། འབྲེལ་ཆགས་ཚོས་གཤམ་གསལ་ཆ་རྐྱེན་རྣམས་འདི་ལོའི་ཕྱི་ཟླ་ ༥ ཚེས་ ༡ ནང་ཚུན་དབུས་ཡིག་ཚང་དུ་འབུལ་འབྱོར་ཐུབ་དགོས་རྒྱུའི་གསལ་བརྡ་དང་། སློབ་ཡོན་ཞུ་མཁན་རྣམས་སློབ་ཡོན་སྤྲད་རྒྱུ་ལ་དཀའ་ངལ་ཡོད་མཁན་ཤ་སྟག་ཡིན་པའི་འབོད་སྐུལ་དང་བཅས་
སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་དབུས་ཡིག་ཚང་ནས་ ༢༠༡༩་༢་༡༧ ཉིན།
སློབ་ཡོན་ཞུ་མཁན་གྱི་ཆ་རྐྱེན།
༡༽ སྡེ་དགེ་རྒྱལ་ཡོངས་ལྷན་ཚོཊ་ཀྱི་ཚོཊ་མིའི་ལག་དེབ་ངོ་བཤུས།
༢༽ ས་གནས་སྡེ་དགེ་ཚོཊ་པའི་ངོས་སྦྱོར་ཡི་གེ་དངོས།
༣༽ རང་གི་མགོ་པར་གཉིས།
༤༽ འཛིན་རིམ་ ༡༢ ཐོན་པའི་རྒྱུགས་འབྲས་ཤོག་ལྷེའི་ངོ་བཤུས།
༥༽ མཐོ་སློབ་གང་དུ་ཚུད་པའི་སློབ་གྲྭའི་ངོས་སྦྱོར་ཡིག་ཆ་དངོས།
༦༽ མཐོ་སློབ་གང་དུ་ཚུད་པའི་སློབ་ཡོན་འབྱོར་འཛིན་ངོ་བཤུས།
བསམ་ཚུལ་འབྲི།
འབྲེལ་ཡོད་ཀྱི་རྩོམ་གཞན།
- ས་གནས་ཡུལ་མིའི་རེ་འབོད་ལ་བདག་སྐྱོང་དགོས་པའི་ཡོངས་ཁྱབ་བསྒྲགས་གཏམ།
- སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་ ༢༠༢༢ ལོའི་སློབ་ཡོན་གསལ་བསྒྲགས།
- ༄༅། །འཛམ་གླིང་ཤར་ནུབ་གང་དུ་བཞུགས་ཡོད་པའི་རང་རེེའི་སྡེ་དགེ་བ་ཕུ་ནུ་མིང་སྲིང་ཡོངས་ལ་སྡེ་དགེའི་ཉིན་མོའི་གསལ་བརྡ།
- སྡེ་དགེ་པ་འཛིན་གྲྭ་བཅུ་པའི་སློབ་མ་ཡོངས་ནས་དོ་སྣང་གནང་དགོས་རྒྱུ་གལ་ཆེ།
- སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་ ༢༠༡༩ ལོའི་སློབ་ཡོན་འབུལ་འགོ་བཙུགས།