English

  • མདུན་ངོས།
  • རྒྱལ་རབས།
  • ལོ་རྒྱུས།
    • ལུང་ཚན།
    • གནས་རི།
    • བྲག་ནགས་མཚོ།
    • སྣ་ཚོགས།
  • དགོན་སྡེ།
    • སྡེ་དགེའི་དབུ་ཁག་ལྔ།
    • གཡུང་དྲུང་བོན།
    • སྔ་འགྱུར་རྙིང་མ།
    • རྒྱལ་བ་བཀའ་བརྒྱུད།
    • དཔལ་ལྡན་ས་སྐྱ།
    • རི་བོ་དགེ་ལུགས།
  • པར་ཁང།
  • མི་སྣ།
    • སྐྱེས་ཆེན་དམ་པ།
    • ཤེས་ལྡན་མཁས་པ།
    • རླབས་ཆེན་མི་སྣ།
    • རྩོམ་པ་པོ།
    • ལྷ་པ།
    • སྒྲུང་པ།
    • གཞས་པ་གཞས་མ།
    • གྲགས་ཅན་མི་སྣ་གཞན།
  • ཆས་གོས།
    • རྒྱལ་བློན།
    • ཕོ་ཆས།
    • མོ་ཆས།
  • ཡུལ་སྲོལ།
    • བཟང་ངན་བརྩི་སྲོལ།
    • འབྲོག་པ།
    • རོང་པ།
    • རོང་མ་འབྲོག
    • ཡུལ་སྲོལ་ཁག་ཅིག
    • དུས་ཆེན།
  • ལས་འགུལ།
  • ལག་ཤེས།
    • ལྷ་བཟོ།
    • པར་བརྐོས།
    • མགར་བ།
    • རྫ་བཟོ།
    • ཤོག་བུ་བཟོ་བ།
    • ཤིང་བཟོ་བ།
    • འཚེམ་བཟོ།
    • སྤུ་རིགས་བཟོ་བ།
  • གླུ་གཞས།
    • སྡེ་དགེའི་བྲོ་ཆེན།
    • མགུར་མོ།
    • གླུའི་རིགས།
    • གླིང་བྲོ།
    • ཁེད་(གབ་ཚིག)
    • གཏམ་དཔེ།
  • ངོ་སྤྲོད།

སྡེ་དགེ་རྒྱལ་པོའི་དབྱར་ཐོངས་ཀྱི་སྤྲོ་སྐྱིད་གླིང་།

འདོན་སྤེལ། 2017/12/27 3:19 PM རྩོམ་པ་པོ།

སྡེ་དགེ་རྒྱལ་པོའི་དབྱར་ཐོངས་ཀྱི་སྤྲོ་སྐྱིད་གླིང་།

རྩོམ་པ་པོ། མཁས་དབང་ཐུབ་བསྟན་ཕུན་ཚོགས།

མདོ་ཁམས་སྡེ་དགེའི་རིག་གནས་ཀྱི་ལྟེ་བ།  ཤར་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་ཞེས་གངས་རིའི་ལྗོངས་འདིར་སྙན་པས་ཡོངས་སུ་ཁྱབ་པའི་གནས་མཆོག་དེ་ནི།  དེང་སྡེ་དགེ་རྫོང་གི་ཤར་ཕྱོགས་ལེ་དབར་བདུན་ཅུ་ཙམ་གྱི་ས་གནས་སུ་ཆགས་ཡོད།    དགོན་པ་དེ་ནི་སྤྱི་ལོ་༡༧༢༧ལོར་སྡེ་དགེའི་རྒྱལ་རབས་ལྔ་པ་ཆོས་རྒྱལ་བསྟན་པ་ཚེ་རིང་གིས་སྦྱིན་བདག་གནང་ནས་བཏབ་ཅིང་།    སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་ཆོས་དང་རིག་གནས་ཐམས་ཅད་དར་སྤེལ་གཏོང་བའི་གདན་ས་གཙོ་བོར་ཞིག་ཆགས།

དཔལ་སྤུངས་དགོན།   བཀའ་བརྒྱུད་པ།
ལྷག་པར་དུ་མདོ་ཁམས་ཕྱོགས་འདིར་གནས་ལྔ་རིག་པའི་སློབ་གྲྭ་ཐོག་མར་བཏབ་ཅིང་།  སློབ་གྲྭ་དེར་ལ་བཟོ་དང་།  གསོ་བ།  བརྡ་སྤྲོད་རིག་པ་དང་།  ཚད་མ་རིག་པ།  སྙན་ངག་དང་།   སྐར་རྩིས་རིག་པ་སོགས་ཐུན་མོང་གི་རིག་གནས་སློབ་གཉེར་རྒྱ་ཆེན་སྤེལ་སྟབས།   ལོ་རྒྱུས་ཐོག་མཛད་རྗེས་མང་པོ་ཞིག་འཇོག་ཡོད་པ་ནི།    དེང་གི་དུས་འདིར་ཟུར་ལུགས་གསོ་བ་རིག་པའི་འབྱུང་ཁུངས་སྡེ་དགེའི་ཡུལ་ཟེར་བ་འདི་ཡང་སྐབས་དེར་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་སློབ་རིག་སློབ་གྲྭ་ནང་དུ་ཟུར་ལུགས་གསོ་བ་རིག་པའི་ཁྲིད་རྒྱུན་དང་།  ལག་ལེན་འཆད་ཁྲིད་གནང་སྟེ་གསོ་བསྐྱངས་གནང་བའི་མཁས་པ་གླིང་སྨན་བཀྲ་འབུམ་པ་དང་།  དབོན་ཀརྨ་བསམ་གཏན།   ཀརྨ་ངེས་དོན་བསྟན་འཛིན།   ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ།   འཇུ་མི་ཕམ།   གནས་གནས་བཀྲ་ཤིས་ཆོས་འཕེལ།  ཇ་ཡོག་བསྟན་འཕེལ་ལ་སོགས་པའི་དུས་རབས་རིམ་བྱུང་གི་ཟུར་ལུགས་གསོ་རིག་རྒྱུན་འཛིན་དང་དར་སྤེལ་གཏོང་མཁན་རྣམས་བྱུང་ཞིང་།   དེ་བཞིན་དུ་མཚུར་ལུགས་ལོ་ཐོ་དཔལ་སྤུངས་པའི་ཕྱག་བཞེས་དང་།   བོད་ཀྱི་མཛེས་རྩལ་རི་ལས་སྒར་ལུགས་གསར་མ་སི་ཏུའི་ལུགས་སོགས་བོད་ཁམས་ཡོངས་སུ་སྙན་གྲགས་ཆེ་བའི་རིག་གནས་ཕལ་ཆེའི་འབྱུང་ཁུངས་གཙོ་བོར་གནས་འདིར་ཆགས་ཡོད་པ་རེད།    །

སྤེ་ཝ་དགོན།    ས་སྐྱ་པ།
ཡུལ་འདིའི་རིག་གནས་ཀྱི་ཁྱད་ཆོས་ནི།   ཐོག་མར་དཔེ་རོང་འགག་ནས་ཡར་འོང་བ་དང་དཔེ་ཝ་དགོན་པ་མཇལ་རྒྱུ་ཡོད།   དེ་ནི་བོད་ཀྱི་ས་སྐྱ་པའི་གྲུབ་མཐའ་ཡིན་ཞིང་དགོན་འདིར་ས་སྐྱའི་ཆོས་ལུགས་ཀྱི་རིག་གནས་དང་།  རྟེན་གསུམ་མི་འདྲ་བ་མང་པོ་མཇལ་རྒྱུ་ཡོད།
དེ་ནས་ལེ་དབར་ལྔ་ཙམ་གྱི་ས་ན་དཔལ་སྤུངས་དགོན་པ་ཡོད་ཅིང་དེ་ནི་བོད་གངས་ཅན་ལྗོངས་འདིར་རྒྱལ་བ་བཀའ་བརྒྱུད་པའི་གདན་ས་གཙོ་བོ་གོང་འོག་བར་གསུམ་ཞེས་པའི་ཡ་གྱལ་གཅིག་རེད།   དེ་ལ་བཀའ་བརྒྱུད་པའི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གནས།  རྟེན་གསུམ།  སྤར་ཤིང་སོགས་དང་།   བོད་ལྗོངས་ཡོངས་ལ་ཤིན་ཏུ་དཀོན་པའི་གསང་སྔགས་ནཱ་རོ་ཆོས་དྲུག་གི་བསྙེན་སྒྲུབ་ལོ་གསུམ་ཟླ་གསུམ་གཅད་རྒྱ་བཞུགས་ཡུལ་གྱི་སྒྲུབ་ཁང་གོང་འོག་གཉིས་ཡོད།   ལོ་ལྟར་བོད་ཀྱི་ལོ་སར་སྐབས་སུ་རྩ་རླུང་འཕྲུལ་འཁོར་ལ་སྦྱོང་བརྡ་མཐར་ཕྱིན་པར་སོང་པའི་སྒྲུབ་བླ་རྣམས་མི་ལ་རས་པའི་རྣམ་ཐར་ལྟར་རས་རྐྱང་ཁོ་ནའི་གོས་ཀྱིས་མཚན་ཐུན་གཅིག་གི་གྲང་ལྷག་བརྒལ་ནས་ཞོགས་པ་གཏུམ་མོའི་མེ་དྲོད་ཀྱི་ནུས་པ་ཁྲོམ་སྟོན་ཆེད་དུ་རས་པ་རྣམས་ཁྲོམ་བསྐོར་ཕེབས་པའི་ལྟད་མོ་ཡོད།  །

དཔལ་སྤུངས་རས་ཆོས།
དགོན་དེའི་ལྷོ་ནུབ་ཕྱོགས་ཀྱི་ཕ་རི་ན་རྡོ་བྲག་དགོན་པ་ཡོད།   དེ་ནི་གསང་སྔགས་རྙིང་མའི་དགོན་པ་ཞིག་ཡིན།   དེ་ལ་སྔགས་རྙིང་མ་པའི་ལུགས་ཀྱི་ཆོས་དང་རིག་གནས་སྐོར།  ལྷ་སྐུ་རྟེན་གསུམ་སྐོར།   འཆམ་དང་གར་སྟབས་སོགས་རྙིང་ས་སྐྱ་དང་བཀའ་བརྒྱུད་གཉིས་ཀ་མི་འདྲབའི་ཐུན་མིན་གྱི་ཁྱད་ཆོས་ཅན་མཇལ་རྒྱུ་ཡོད།  །

རྡོ་བྲག་དགོན།   རྙིང་མ་པ།
དཔལ་སྤུངས་དགོན་ནས་རི་འགོ་ཡར་ལེ་དབར་གསུམ་ཙམ་གྱི་རི་ཁྲོད་ན་རི་ཁྲོད་དགོན་པ་ཡོད།  དེ་ནི་ཤང་པ་བཀའ་བརྒྱུད་ཀྱི་དགོན་པ་ཡིན།  དེང་དུས་བོད་ཁམས་ཡོངས་ལ་ཤང་པའི་དགོན་པ་གཉིས་ལས་མེད། གཅིག་ནི་བོད་ལྗོངས་རྣམ་གླིང་རྫོང་གི་ཤང་གི་ཞུང་ཞུང་དགོན་པ་རེད།  གཞན་གཅིག་ཡོད་པ་ནི།  སི་ཁྲོན་སྡེ་དགེ་རྫོང་གི་དཔལ་སྤུངས་རི་ཁྲོད་དགོན་པ་རེད།   དེར་ལ་ཤང་ལུགས་ཀྱི་ནི་གུ་ཆོས་དྲུག་དང་།   གསེར་ཆོས་རྣམ་ལྔ་ཉམས་ལེན་བྱ་ཡུལ་གྱི་སྒྲུབ་ཁང་དང་།  ལྷ་ཁང་ཆུང་ངུ་གཅིག  གྲྭ་ཤག་ཁ་ཤས་ཙམ་ཡོད།  ཤང་པ་བཀའ་བརྒྱུད་ཀྱི་རིག་གནས་ལ་ཤེས་རྟོགས་དགོས་ན་མདོ་ཁམས་ཕྱོགས་སུ་དགོན་པ་འདི་ལས་མེད་པ་ཞིག་རེད།    དེས་ནས་ལུང་པ་འདིའི་ནང་དུ་ཆོས་ལུགས་ཀྱི་དབང་དུ་བྱས་ན་ས་སྐྱ་པ་དང་།  རྙིང་མ་པ་དང་།  མར་པ་བཀའ་བརྒྱུད་དང་།  ཤང་པ་བཀའ་བརྒྱུད་བཅས་གྲུབ་མཐའ་བཞིའི་རིག་གནས་ལ་ཉིན་གཅིག་གིས་ལྟ་བསྐོར་བྱེད་ཆོག་པ་རེད།

དཔལ་སྤུངས་རི་ཁྲོད་དགོན།   ཤང་པ་བཀའ་བརྒྱུད།

མཛེས་ལྗོངས་ཀྱི་དབང་དུ་བྱས་ན།    དཔལ་སྤུངས་དགོན་གྱི་ཤར་ཕྱོགས་སུ་ག་ས་ནགས་དང་།   ལྷོ་ནུབ་ཕྱོགས་སུ་སྡོང་པོ་ནགས་སོགས་དགོན་དེའི་ཕྱོགས་མཚམས་རྣམས་གདོད་མའི་ནགས་ཀླུང་མཐུག་པོས་བསྐོར་བ།    དད་ལྡན་རྣམས་ལ་འཇམ་མགོན་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་གནས་སྒོ་ཕྱེས་པའི་ཙཱ་རི་ཊ་གཉིས་པའི་གནས་རི་རང་བྱུང་གི་གཟུགས་བརྙན་སྣ་ཚོག་གྲུབ་པའི་བྲག་རི་དང་།  ནགས་ཀླུང་གིས་བསྐོར་བ།    དེ་ནས་བྱང་ཕྱོགས་སུ་ལེ་དབར་ཉི་ཤུ་ཙམ་སོང་ན་དཔའ་འོག་ཕུ་ན།  ཀོན་སྤྲུལ་ཡོན་ཏན་རྒྱ་མཚོས་མདོ་ཁམས་གནས་ཆེན་ཉེར་ལྔའི་མདོ་བྱང་གཏེར་ནས་བཞེས་པའི་གནས་རི་དཔའ་བོ་དབང་ཆེན་བྲག་དཀར་ཞེས་པ་བུ་དཔའ་བོའི་དབུ་རྨོག་ཐང་ལ་བཞག་པ་ལྟ་བུའི་རི་དེའི་ཞོལ་དུ་དཔའ་འོག་ཕུག་ཞབས་ཟེར་ཐང་ཟེར་བ་ཞིག་ཡོད།

དཔའ་བོ་དབང་ཆེན་བྲག
ཐང་དེའི་ཉེ་སྐོར་གྱི་རི་ཀླུང་རྣམས་ལ་དབྱར་གྱི་དུས་སུ་མེ་ཏོག་ཁ་དོག་སྣ་ཚོགས་འཇམ་མཚོན་ལྟར་བཀྲ་བ།   གཡང་དཀར་ལུག་ཁྱུ་ལྷོ་སྤྲིན་ལྟར་འཁྲིགས་པ།   ནོར་ཕྱུགས་རྣམས་ནི་འབྲོང་ཁྱུ་ལྟར་རྒྱུ་བ།   ཆུ་བོ་རྣམས་ཡན་ལག་བརྒྱད་ལྡན་ལྟར་དྭངས་ཤིང་བསིལ་བའི་གནས་དེར།   ས་སྐྱོང་མི་ཡི་དབང་པོ་སྡེ་དགེའི་རྒྱལ་རབས་རིམ་བྱོན་རྣམས་ལོ་ལྟར་དབྱར་ཉི་ལྡོག་གི་རྗེས་སུ་དབྱར་ཐོངས་ཕེབས་ནས་རྟ་རྒྱུག   མདའ་འཕེན།   བྲོ་བརྡུང་།  གླུ་ལེན།  ཡུལ་ལྷ་གསོལ་མཆོད་ཀྱི་བསང་དང་།  སྒྲ་བླ་དཔང་བསྟོད་བྱ་ཞིང་།   སྤྲོ་སངས་ཀྱི་ལྟད་མོ་བདུན་ཕྲག་རེར་བཞུགས་པའི་སྲོལ་དར།

དཔའ་འོག་གི་དབྱར་གྱི་མཛེས་ལྗོངས།

སྡེ་དགེའི་རྒྱལ་རབས་ལོ་རྒྱུས་ལས་འཁོད་པ་ལྟར་ན།   སྡེ་དགེའི་རྒྱལ་རབས་བཞི་པ་ས་སྐྱོང་བསོད་ནམས་ཕུན་ཚོགས་ཀྱི་སྐབས་སུ།   དཔའ་འོག་རྩིག་མདའི་མཆོད་རྟེན་གསར་བཞེངས་བྱས་པའི་སྐོར་འཁོད་ཡོད་པ་ལ་བརྟག་ན་ཆོས་རྒྱལ་བསྟན་པ་ཚེ་རིང་གི་སྔོན་ནས་དཔའ་འོག་ཕུག་ཞབས་འདི་སྡེ་དགེའི་དབྱར་ཐོངས་རྟ་རྒྱུག་བྱེད་ས་བྱུང་ཡོད་པ་འདྲ།

ཐང་འདིའི་ཐང་དཀྱིལ་ལ་མ་ཎི་རྡོ་མཁར་དང་།  དེའི་མདུན་ན་སྡེ་དགེ་རྒྱལ་པོའི་གཟིམ་གུར་ཕུབ་ས།  དེའི་མཐའ་སྐོར་ན་རིམ་བཞིན་དཔོན་རིགས་རྣམས་དང་།  སྡེ་འབངས་རྣམས་སྒར་འདེབས་ས།   དེའི་རྒྱབ་ཙམ་ན་ལྷ་བསངས་གཏང་སའི་བསང་ཁྲི་ཡོད།  དེ་ལས་ཡར་ཙམ་ན་བྲག་དིལ་ཞིག་ཡོད་པ་དེ་ལ་དེང་སང་ཡང་སྡེ་དགེ་བཞུགས་ས་ཟེར།    རྟ་རྒྱུག་པའི་ཉིན་མོ་དེར་སྡེ་དགེ་རྒྱལ་པོ་བྲག་དིལ་དེའི་འགོ་ལ་བཞུགས་ནས་ལྟད་མོ་གཟིགས་སྲོལ་ཡོད་པ་རེད།     །

དཔའ་འོག་ཕུག་ཞབས་ཐང་།
མདོར་ན་དཔལ་སྤུངས་ཡུལ་འདིར་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དྲུག་དང་ལྡན་པའི་ཡུལ་ཞིག་ཡིན་པ་ནི།
དཔལ་སྤུངས་དགོན་པའི་ཐུན་མིན་གྱི་ཆེ་བ།
1   གནས་ཀྱི་ཆེ་བ།  འབྲི་གུང་བྱང་ཆུབ་གླིང་པས་གདན་ས་བཏབས་ཏེ་བྱིན་གྱིས་བརླབས་ནས་ལོ་ངོ་བརྒྱད་བརྒྱ་ལྷག་ཙམ་ཕྱིན་པ་དང་།  ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་ཙཱ་འདྲའི་གནས་སྒོ་ཕྱེས་པས་འཕགས་ཡུལ་གྱི་ཙ་རི་ཏྲ་དང་གཉིས་སུ་མེད་པའི་བྱིན་བརླབ་ཀྱི་ཚན་ཁ་ཆེ་བའི་སྒྲུབ་པའི་གནས་ཀྱི་ཆེ་བ།
2    ཆོས་ཀྱི་ཆེ་བ།  རྒྱལ་བའི་བཀའ་ལུང་དྲི་མ་མེད་པ་མར་ལུགས་དང་།  ཤངས་ལུགས་གཉིས་ཀྱི་རྒྱུད་སྡེའི་སྙིང་ཁུ་ཐམས་ཅད་ཚང་ལ་མ་ནོར་བ་བླ་མ་དམ་པ་ཟམ་མ་ཆད་པའི་སྙན་བརྒྱུད་ལོ་གསུམ་ཟླ་གསུམ་གྱི་གཅད་རྒྱའི་སྒོ་ནས་ཉམས་ལེན་གནད་དུ་བཟུང་བས་བསྒྲུབ་བྱའི་ཆོས་ཀྱི་ཆེ་བ།
3   བླ་མའི་ཆེ་བ།   གནས་ལྔ་རིག་པའི་མ་ཧཱ་པཎྜི་ཏ་ཆེན་པོ་སི་ཏུ་ཆོས་ཀྱི་འབྱུང་གནས་དང་།  མཛོད་ཆེན་རྣམ་ལྔའི་སྲོལ་འབྱེད་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་རྣམ་གཉིས་ཀྱིས་གཟིགས་སྐྱོང་འོག་ཕྲིན་ལས་ཕྱོགས་མཐའ་རུ་འཕེལ་བས་ཆོས་བདག་བླ་མའི་ཆེ་བ།  །

4  སྲིད་ཀྱི་ཆེ་བ།     སི་ཏུ་པདྨ་དབང་མཆོག་གིས་ས་སྐྱོང་སྡེ་དགེ་རྒྱལ་པོའི་དབུ་བླ་དང་རྒྱལ་ཚབ་གཅིག་ལྕོག་གནང་སྟེ་སྡེ་དགེའི་ཆོས་སྲིད་ལུགས་གཉིས་དགུང་དུ་བཏེགས་པས་དབུ་བླ་ཁག་ལྔའི་ཡང་རྩེར་གྱུར་པའི་འཇིག་རྟེན་སྲིད་ལུགས་ཀྱི་ཐོབ་ཐང་གི་ཆེ་བ།
5  ཤེས་རིག་ཡོན་ཏན་གྱི་ཆེ་བ།  དཔལ་སྤུངས་ལྔ་རིག་སློབ་གླིང་འདིར་ཆོས་དང་རིག་གནས་གཉིས་ཀར་ཐུན་མོང་དུ་སློབ་གཉེར་བྱ་ཡུལ་དང་།    མདོ་ཁམས་མཁས་པ་ཐམས་ཅད་ཀྱི་འབྱུང་གནས།  བོད་ཀྱི་གཙུག་ལག་སློབ་སྡེ་ཐོག་མར་གྱུར་པས་ཚན་རིག་རིག་གནས་ཀྱི་ཆེ་བ།
6   འབྱོར་པའི་སྦྱིན་བདག་གི་ཆེ་བ།   གངས་ལྗོངས་བཀའ་ཡི་མདུན་ན་འདོན་ཆེན་པོ་མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ་དང་།  ང་ཕོད་ངག་དབང་འཇིགས་མེད་རྣམ་གཉིས་ཀྱིས་ཐུགས་བརྩེས་བསྐྱངས་ཤིང་། རྒྱ་འཇང་ལ་སོགས་ཕྱོགས་ཀྱི་རྒྱལ་ཕྲན་མང་པོའི་མཆོད་གནས་སུ་གྱུར་པས།  རྒྱ་ནག་པོའི་ཡུལ་གྱི་ཇ་ཞིང་དང་།  འཇང་ཁྲ་མོའི་ཡུལ་གྱི་འབྲས་ཞིང་སོགས་སྟོབས་འབྱོར་དང་མངའ་འབངས་ཀྱིས་ཕྱུག་པས་འབྱོར་པའི་སྦྱིན་བདག་གི་ཆེ་བ་བཅས་སོ།  །
དེ་ལྟར་ཆེ་བ་དྲུག་ལྡན་ཤར་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་གི་ལོ་རྒྱུས་ངོ་སྤྲོད་མདོར་བསྡུས་སྒྲོ་བསྐུར་དང་བྲལ་བ་འདི་ནི་རེ་དོགས་མེད་པའི་རྒྱལ་ཁམས་པ་དེས་བྲིས་པའོ།  ཐམས་ཅད་བཀྲ་ཤིས་པར་གྱུར་ཅིག

' རྩོམ་འོག་མ། སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་ ༧ པར་འཚམས་འཕྲིན།

འབྲེལ་ཡོད་ཀྱི་རྩོམ་གཞན།

  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་དབུས་རྒྱུན་སྐབས་ ༣ པའི་ལོ་འཁོར་༣ གྱི་ལས་བསྡོམས་སྙིང་བསྡུས།
  • ཨ་ཧྥི་ཏབ་ཀརྨ་སིང་པུ་རེ་ཝལ་ (Aftab Karma Singh Pureval) ལགས་ཨ་རིའི་གྲོང་ཁྱེར་སིན་སི་ན་ཊི་( Cincinnati) ཡི་སྤྱི་ཁྱབ་གྲོང་ཁྱེར་དཔོན་པོའི་གོ་གནས་ཀྱི་རྒྱལ་ཁ་ཐོབ་པ།
  • བོད་ཕྲུག་༢༧་ལ་སྲིད་སྐྱོང་གི་སློབ་ཡོན་གཟེངས་རྟགས་ཐོབ་པའི་ནང་རང་རེ་སྡེ་དགེ་བའི་སློབ་མ་གཅིག་ཡོད་པ་རེད།
  • ༈ གདུང་སེམས་མཉམ་བསྐྱེད་ཞུ་བཞིན་ཡོད།
  • དབུས་རྒྱུན་སྐབས་གསུམ་པའི་ཚོགས་ཐེངས་གཉིས་པ་དེ་བསྐོང་ཚོགས་གནང་

ཁྱབ་བསྒྲགས། མང་ ...
    Advertisement
འབྲེལ་མཐུད།
Advertisement
Advertisement
Advertisement
Advertisement
ངོ་དེབ།











  • ཁམས་པའི་དྲ་བ།
  • སྡེ་དགེའི་པར་ཁང་།
  • བོད་ཀྱི་བང་ཆེན།
  • བོད་ཀྱི་དུས་བབ།
  • རྒྱལ་བ་རིན་པོ་ཆེ།
  • ཆུ་སྒང་དྲ་བ།
  • བོད་ཀྱི་ཆ་འཕྲིན།
  • ཨ་རིའི་བརྙན་འཕྲིན།
  • བོད་ཀྱི་གཞས་ཚིག་དྲ་བ།་
  • དྲི་བ་དྲིས་ལན་དྲ་བ།
  • བོད་ཀྱི་འཕྲུལ་དེབ་དྲ་བ།
  • སམ་བྷོ་ཏྲ་དྲ་བ།།
  • འོད་ཟེར་དྲ་བ།
  • བོད་གཞུང་དྲ་བ།
  • སེང་རྡོར་དྲ་བ།།
  • སྨོན་ལམ་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • སྐར་ཁུང་དྲ་བ།
  • གེ་སར་རིག་གནས་དྲ་བ།
  • ཕ་ཡུལ་དྲ་བ།
  • སྤྱི་འཐུས་དྲ་བ།
  • འཛི་སྒར་དྲ་བ།
  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་།
  • © 2020 Dege Gyalyong welfare Society
  • House # D-44, New Tibetan Camp. New Aruna Nagar, Majnu-ka-tilla, Delhi-110054, India.
  • E-mail: [email protected] Tel. 01123815056 Mb: +9717153449

བཟོ་སྐྲུན་པ། བསྟན་འཛིན་ཆོས་གྲགས།