English

  • མདུན་ངོས།
  • རྒྱལ་རབས།
  • ལོ་རྒྱུས།
    • ལུང་ཚན།
    • གནས་རི།
    • བྲག་ནགས་མཚོ།
    • སྣ་ཚོགས།
  • དགོན་སྡེ།
    • སྡེ་དགེའི་དབུ་ཁག་ལྔ།
    • གཡུང་དྲུང་བོན།
    • སྔ་འགྱུར་རྙིང་མ།
    • རྒྱལ་བ་བཀའ་བརྒྱུད།
    • དཔལ་ལྡན་ས་སྐྱ།
    • རི་བོ་དགེ་ལུགས།
  • པར་ཁང།
  • མི་སྣ།
    • སྐྱེས་ཆེན་དམ་པ།
    • ཤེས་ལྡན་མཁས་པ།
    • རླབས་ཆེན་མི་སྣ།
    • རྩོམ་པ་པོ།
    • ལྷ་པ།
    • སྒྲུང་པ།
    • གཞས་པ་གཞས་མ།
    • གྲགས་ཅན་མི་སྣ་གཞན།
  • ཆས་གོས།
    • རྒྱལ་བློན།
    • ཕོ་ཆས།
    • མོ་ཆས།
  • ཡུལ་སྲོལ།
    • བཟང་ངན་བརྩི་སྲོལ།
    • འབྲོག་པ།
    • རོང་པ།
    • རོང་མ་འབྲོག
    • ཡུལ་སྲོལ་ཁག་ཅིག
    • དུས་ཆེན།
  • ལས་འགུལ།
  • ལག་ཤེས།
    • ལྷ་བཟོ།
    • པར་བརྐོས།
    • མགར་བ།
    • རྫ་བཟོ།
    • ཤོག་བུ་བཟོ་བ།
    • ཤིང་བཟོ་བ།
    • འཚེམ་བཟོ།
    • སྤུ་རིགས་བཟོ་བ།
  • གླུ་གཞས།
    • སྡེ་དགེའི་བྲོ་ཆེན།
    • མགུར་མོ།
    • གླུའི་རིགས།
    • གླིང་བྲོ།
    • ཁེད་(གབ་ཚིག)
    • གཏམ་དཔེ།
  • ངོ་སྤྲོད།

སྡེ་དགེ་ཡུལ་གྱི་བུད་མེད་ཚོའི་ཆས་གོས་སྐོར།

འདོན་སྤེལ། 2014/12/6 11:44 AM རྩོམ་པ་པོ།

༼མདོ་ཁམས་སྡེ་དགེའི་ཡུལ་དུ་དར་བའི་ཞབས་བྲོའི་རྣམ་པར་བཞག་པ་ལེགས་སྨོན་ནཱ་དའི་རོལ་མོ་ཞེས་པ་ལས་ཟུར་འདོན་བྱས།༽

སྡེ་དགེ་ཡུལ་གྱི་བུད་མེད་ཚོའི་ཆས་གོས་སྐོར།

རྩོམ་པ་པོ། རབ་བརྟན་དགེ་ལེགས་ཕུན་ཚོགས། ཡོང་ཁུངས། སྡེ་དགེ་དྲ་བ།

2012022833892249ཆེ་ཁག་རིགས་ཀྱི་བུད་མེད་རྣམས་ཀྱིས་སྐྲ་ཞིབ་ལྷས་བྱས་པ་ལ་སྐྲ་མཐུད་སྟོང་སྐུད་ནག་པོ་དང༌། ཅོ་མདུད་བཅིངས་པ་ལ་གཡུ་ལྡན་དོ་གསུམ་ཅི་རིགས་དང༌། སྐྲ་སྦྲེལ་སྔ་དུས་ཤེལ་དཀར་སེར་དམར་ལྗང་བརྒྱད་གཞོག་བྱས་པ་དང༌། ཕྱིས་དུས་གཡུ་དང་བྱེ་ཆུང་མང་པོ་བསྟར་ལ་བརྒྱུས་པ་སུམ་གཤིབ་བྱས་པའི་སྣེ་མོ་སྐྲའི་ལན་བུའམ་ཅོ་རྔ་ལ་འདོགས་པའི་སྣེ་མོར་སྟོང་སྐུད་ཀྱི་སྐྲ་ཚར་རྒྱགས། དུས་རྒྱུན་ཅོ་མདུད་བཅིངས་ནས་འགྲོ་ཞིང་དགའ་སྟོན་རྟེན་འབྲེལ་སོགས་གུས་ཞབས་དང་འབྲེལ་བའི་ཚེ། ཅོ་མདུད་བཤིགས་ཏེ་རྒྱབ་ནས་མངགས་པའི་ཅོ་རྔའི་སྣེ་མོ་སྐ་རགས་བར་ནས་ཡར་འདོགས། ཐོད་ཁ་ནས་སྐྲ་སྒོ་ཕྱེས་པའི་གཡས་གཡོན་དུ་ལྷས་ཚིག་ཆུང་ངུ་རེའི་ཐོག་ལ་ཐོད་གཡུའམ་ལེན་གཡུ་ཟེར་བའི་གཡུ་ཆུང་གཅིག་གམ་གསུམ་རེ་བརྒྱུས་པའི་སྣེ་མོ་རྣ་ལྟག་ནས་དཀྲི། མགོ་རྒྱན་ལ་མགོ་དཀྱིལ་དུ་མགོ་གཡུ་བསྐོར་ཞེས་བྱེ་རུ་གཉིས་ཀྱིས་གཙུག་གཡུ་བསྐོར་ཏེ་གཡུ་བྱེ་སུམ་རྩེག་དང༌༑ དཔྲལ་བར་སྤོས་ཤེལ་བྱེ་རུའི་ཏོག་ཅན། ལྟག་པར་གསེར་མེ་ལ་གཡུ་ཕྲ་ཅན། ཡང་དཔྲལ་ལྟག་གཉིས་ཀར་གསེར་མེ་བཏགས་ན་དཔྲལ་མེ་ལ་བྱེ་ཕྲ་དང༌། ལྟག་མེ་ལ་གཡུ་ཕྲ་རྒྱག་སྲོལ་འདུག །རྣ་བ་གཡས་གཡོན་ལ་རྣ་རྒྱན་ཚེ་བུམ་ཅན་ནམ་འབང་ཚང་ཅན་ཆ་རེ་བཏགས། སྐེ་ལ་གཟི་བྱེ་གཡུ་སོགས་རིན་ཆེན་གྱི་རིགས་རྣམས་ལེགས་པར་བརྒྱུས་པའི་དཀྱིལ་དུ་གསེར་གབ་དྲུག་ཕྲ་ཅན་ཡོད་པའི་སྐེ་རྒྱན་ནམ་སྐེ་ཚེ་རིང་ཐུང་ཅི་རིགས་བཏགས། ལག་པའི་འཁྲིག་མ་གཡོན་པར་ལག་གདུབ་དང༌། དཀྱིལ་མཛུབ་མ་ལ་སོར་གདུབ་དང་མཛུབ་རྒྱན་ཕྲ་རྒྱན་ཅན་གོན། འབུ་རས་སམ་དར་དམར་ལྟ་བུས་རྒྱབ་སྟོད་ནས་ཕྲག་པ་གཡས་གཡོན་གཉིས་ཀྱི་སྟེང་དུ་དཀྲིས་ཏེ་མདུན་དུ་ཁུག་མདུད་བྱས་པའི་སྣེ་གཉིས་མདུན་ནས་མར་མངགས། འདི་ནི་གུས་ཞབས་མཚོན་པའི་བརྡ་ཁྱད་པར་ཅན་ཞིག་ཡིན་པས་དགའ་སྟོན་མཛད་སྒོ་སོགས་ཀྱི་སྐབས་སུ་མེད་ཐབས་མེད་པར་བྱེད་ཅིང༌། འདི་ལ་རྒྱབ་ལེན་ནམ་རྒྱབ་ཡོལ་ཡང་ཟེར་ལ། ཕྲག་འཕེན་ནམ་ཕྲག་ཡོལ་ཡང་ཟེར། གྱོན་གོས་འཕྲུག་ལྭ་ཐེར་སྣམ་སོགས་དང༌། སྐ་རགས་ལྗང་གུས་གོས་འདབས་ལོང་བུར་སླེབས་པ་བྱས་ནས་ཤུར་བུར་བཅིངས་པའི་ཁ་ཚར་རྒྱབ་ནས་མངགས་པ་སྐྱེས་པ་དང་མཚུངས། 10841688_968779539804231_968912205_nདེ་ཡང་ཕོ་ཆས་རྣམས་ཁོག་ཆེ་ཞིང་ཕུ་དུང་རིང་བ་དང༌། མོ་ཆས་རྣམས་ཕོ་ཆས་ལ་ལྟོས་ན་ཁོག་ཆུང་ཞིང་ཕུ་དུང་ཐུང་བ་ཡིན། མདུན་དུ་པང་ཐོག་ལ་གོས་ཆེན་ནག་པོའི་པང་ཁེབས་སམ་པང་གདན་རྒྱག་ཅིང༌། ནག་པོའི་སྟེང་རྒྱན་ཆ་རྣམས་བཏགས་པས་ཤིན་ཏུ་བཀྲ་བ་ཡོང་བ་ཡིན། དེ་ཡང་ཕྱི་གོས་ཕུ་དུང་གཉིས་ཀ་འདུང་པ་ལས་ཕུད་སྲོལ་མེད། དར་ཁྲུས་ཟིལ་སྐྱའམ་དམར་སྐྱ་ནང་དང་ལྗང་གུ་ཕྱི་ལ་བྱས་པའི་ནང་འཇམ་རྒྱ་གསེར་ལེབ་ཤན་ཅན་གོན་ཅིང༌། ལྗང་གུ་ཕྱི་ལ་བྱེད་པ་ནི་ལྗང་གུའི་ཐོག་ཏུ་སྐེ་རྒྱན་བཏགས་པས་ཤིན་ཏུ་བཀྲ་བ་ཡོང་བ་ཡིན། བོད་ལྷམ་སྣ་མ་རྡོག་རྐྱང་ཅན་ཤས་ཆེར་གྱོན། གློ་གཡས་གཡོན་ལ་གསེར་དངུལ་བཀྲ་མའི་གློ་གཟར་ལ་སྟོང་སྐུད་ཚར་ལོ་ཆུང་ངུ་རེ་དང་མཉམ་དུ་གཡས་སུ་མཚུར་ཁུག་དང༌། གཡོན་དུ་དངུལ་གྱི་གྲི་ཆུང་དཔྱངས། དངུལ་གྱི་ཐག་པས་མདུན་དཀྱིལ་དུ་གསེར་དངུལ་བཀྲ་མའི་པང་ཁུག་གམ་འབའ་ཁུག་དང༌། དེའི་མཐའ་ལ་པང་རྒྱན་གཡེར་ཁ་མང་པོས་མཛེས་པ་བྲན་ཏེ་འགྲོ་དུས་སིལ་ཁྲོལ་གྱི་སྒྲ་སྒྲོགས་པ་སོགས་ཕོ་མོའི་ཆས་གོས་དང༌༑ རྒྱན་ཆའི་རིགས་རྣམས་ཀྱང་དུས་ཀྱི་འཁོར་ལོའི་འགྲོས་དང་བསྟུན་ཅུང་ཟད་འགྱུར་བ་ལས་ཕལ་ཆེར་སྔོན་ཁྲ་མོ་གླིང་གི་དུས་ལྟར་གནས་པ་སྟེ། གླིང་སྒྲུང་སྟག་གཟིག་ནོར་འབྱེད་ལས། དབུ་ཞྭ་ཞྭ་འདབ་ཡར་འཛོང་ལ། །པདྨ་རཱ་གའི་ཏོག་གིས་སྤྲས། །རྨ་བྱའི་འཕྲུལ་ཤར་ལྔ་པ་བཙུགས། །གོས་ཆེན་རྒྱན་གཞི་སེར་པོ་ལ། །ཆུ་སྲམ་དཀར་པོས་མཐའ་རྒྱན་རྒྱབ། །ཆུ་དར་དཀར་པོའི་སྐུ་ཆིངས་གསོལ། །རྐང་ལྷམ་འཇའ་རིས་སུམ་བསྐོར་ལ། །ཆུ་དར་དམར་པོའི་ལྷམ་སྒྲོག་བཅིངས། །རྐང་གོས་ཁ་དོག་དཀར་པོ་ལ། །དམར་སྨུག་དར་གྱི་གདོང་དར་ཅན། །སེར་པོ་གསེར་གྱི་རྣ་ལོང་ལ༑ །སྔོན་པོ་གཡུ་ཡི་ཕྲ་རྒྱན་ཅན། །ཁམ་པ་དངུལ་གྱི་གློ་ཟུང་ལ། །རྒྱ་བྱུར་སྤྲུག་མའི་ཕྲ་རྒྱན་ཅན། །གཟི་ཞགས་ནོར་བུའི་མགུལ་རྒྱན་གསོལ། །གོས་ཆེན་སེར་པོའི་ཕོར་ཁུག་ལ། །སྟོང་སྐུད་དམར་པོའི་ཚར་ལོས་བརྒྱན། །བ་སོ་དཀར་པོའི་ཁ་འཐེན་སྤྲས། །ཞེས་གསུངས་པ་དང་ཕལ་ཆེར་མཐུན་ཞིང༌། དེས་ན་སྔར་ཆོས་རྒྱལ་སྲོང་བཙན་སྒམ་པོས་དཔའ་བོ་རྣམས་ལ་ལེགས་སྐྱེས་ཁ་བཏགས་ཀྱི་ཚབ་ཏུ་དཔའ་བོ་སྟག་གཟིག་འདྲ་བ་མཚོན་ཕྱིར་སྟག་རས་དང་གཟིག་རས་སྐེ་ལ་བསྒྲོན་པ་དང༌། སྡར་མ་རྣམས་ལ་ཝ་འདྲའི་སྡར་མ་མཚོན་ཕྱིར་མགོ་ལ་ཝ་རྔ་རེ་བཀོན་པ་ལ་བརྟེན་ནས་རིམ་གྱིས་སྲོལ་རྒྱུན་དུ་ཆགས་པའི་གཅན་གཟན་གྱི་པགས་པས་གོས་མཐར་བསྐོར་བ་དང༌། དགྲ་ལྷ་འཁོར་བའི་རྟེན་མཚོན་ཡིན་པའི་ཟོལ་གྱིས་མཚོན་ཆ་འདོགས་པའི་སྲོལ་ཅུང་ཟད་བྱུང་ཡང༌། ད་ལྟར་ནི་དགོས་པ་ལས་དགག་པ་གཙོ་ཆེ་བར་མཐོང་ནས་གཅན་གཟན་གྱི་པགས་པས་གོས་རྒྱན་དུ་བྱེད་པའི་ལུགས་སྲོལ་དེ་ཉིད་རྩ་མེད་དུ་སོང་ཟིན་ཞིང༌། མཚོན་ཆ་འདོགས་པ་ལའང་སྐྱོན་ཆ་ཞིག་ལས་དགེ་མཚན་ཆེ་བ་གང་ཡང་མེད་པར་མཐོང་ནས་ད་ལྟར་ཡ་རབས་ཤེས་ལྡན་ཀུན་གྱིས་མཚོན་ཆས་རྒྱན་ཆ་བྱེད་ཀྱི་མེད་པར་ཤེས་པར་བྱའོ། །བྲོ་གར་དང་གོས་རྒྱན་ཙམ་དུ་མ་ཟད་གཞན་ལ་གླུ་དང༌། མགུར་གླུ། སྒྲུང་གཏམ་སོགས་ཡུལ་སྲོལ་གོམས་གཤིས་ཕལ་ཆེར་ཡང་སྔོན་ཁྲ་མོ་གླིང་གི་དུས་ལྟར་ལས་འཕོ་འགྱུར་ཆེར་མ་བྱུང་བར་གནས་ཡོད་པ་ཁོང་དུ་ཆུད་པར་བྱའོ། །

3 Responses

  1. ཉག་ཕྲུག་རིན་ཆེན says:
    April 20, 2017 at 6:26 am

    བཀྲ་ཤིས་བདེ་ལེགས

    Reply
  2. བླ་མ་སྐལ་བཟང་ལ། འབྲུག་པ། says:
    September 18, 2018 at 1:14 am

    འཚེམ་བཟོའི་བྱུང་རབས་གསུང་གནང་།
    སྤྱིར་འཛམ་གླིང་ནང་།
    བྱེ་བྲག་བོད་ཁམས་དང་མོན་ཡུལ་དུ།

    Reply
    • བླ་མ་སྐལ་བཟང་ལ། འབྲུག་པ། says:
      September 18, 2018 at 1:16 am

      གོང་ལྟར་འཚེམ་བཟོའི་བྱུང་རབས་ཤེས་འདོད་པ་ཡིན་ལ།

      Reply

བསམ་ཚུལ་འབྲི།

Click here to cancel reply.

' རྩོམ་འོག་མ། སྡེ་དགེའི་དམངས་ཁྲོད་ཀྱི་མགུར་མོའི་རིགས། སྟོད་ཆ།

ཁྱབ་བསྒྲགས། མང་ ...
    Advertisement
འབྲེལ་མཐུད།
Advertisement
Advertisement
Advertisement
Advertisement
ངོ་དེབ།











  • ཁམས་པའི་དྲ་བ།
  • སྡེ་དགེའི་པར་ཁང་།
  • བོད་ཀྱི་བང་ཆེན།
  • བོད་ཀྱི་དུས་བབ།
  • རྒྱལ་བ་རིན་པོ་ཆེ།
  • ཆུ་སྒང་དྲ་བ།
  • བོད་ཀྱི་ཆ་འཕྲིན།
  • ཨ་རིའི་བརྙན་འཕྲིན།
  • བོད་ཀྱི་གཞས་ཚིག་དྲ་བ།་
  • དྲི་བ་དྲིས་ལན་དྲ་བ།
  • བོད་ཀྱི་འཕྲུལ་དེབ་དྲ་བ།
  • སམ་བྷོ་ཏྲ་དྲ་བ།།
  • འོད་ཟེར་དྲ་བ།
  • བོད་གཞུང་དྲ་བ།
  • སེང་རྡོར་དྲ་བ།།
  • སྨོན་ལམ་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • སྐར་ཁུང་དྲ་བ།
  • གེ་སར་རིག་གནས་དྲ་བ།
  • ཕ་ཡུལ་དྲ་བ།
  • སྤྱི་འཐུས་དྲ་བ།
  • འཛི་སྒར་དྲ་བ།
  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་།
  • © 2020 Dege Gyalyong welfare Society
  • House # D-44, New Tibetan Camp. New Aruna Nagar, Majnu-ka-tilla, Delhi-110054, India.
  • E-mail: [email protected] Tel. 01123815056 Mb: +9717153449

བཟོ་སྐྲུན་པ། བསྟན་འཛིན་ཆོས་གྲགས།