སྡེ་དགེ་ཡིད་ལྷུང་ནས་ངོ་རྒོལ་སྐད་འབོད་བྱུང་འདུག
ཟླ་འདིའི་ཕྱི་ཚེས་ ༨ ཉིན་གྱི་ཕྱི་དྲོ་ཆུ་ཚུད་ ༣ དང་སྐར་མ་༡༥ ཙམ་ན། སྡེ་དགེ་རྫོང་ཡིད་ལྷུང་ཁུལ། མ་ཎི་གད་འགོའི་ས་གནས་སྲིད་གཞུང་གི་སྒོ་འགྲམ་ནས་བོད་མི་ཞིག་གིས་ངོ་རྒོལ་སྐད་འབོད་བྱས་ཏེ་སྐར་མ་འགའ་ཤས་ཕྱིན་རྗེས་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ། སྡེ་དགེ་རྫོང་དུ་བཙན་ཁྲིད་བྱས་སོང་ཡོད་འདུག
དེའང་ངོ་རྒོལ་སྐད་འབོད་འདིའི་སྐོར་གྱི་གློག་བརྙན་ཞིག་ས་གནས་ས་ཐོག་ནས་འབྱོར་བ་དེའི་ནང་ནས་ཧ་གོ་བ་ལྟར་ན། ངོ་རྒོལ་བ་ཁོང་གིས་ལག་གཡས་པས་ཁུག་མ་ཞིག་ཁྱེར་ཡོད་པ་དེ་ལས། ལག་གཡས་པས་ཤོག་གུ་མང་པོ་རེ་ཕྱིར་བཏོན་ཏེ། ནམ་མཁར་གཏོར་བཞིན། ༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཁྲི་ལོར་བརྟན་པར་ཤོག་ཅེས་སོགས་སྐད་འབོད་གནང་གི་འདུག་ལ། དེའི་ཟུར་ན་ཡོད་པའི་བོད་མི་ཚོས། མྱི་སྐྱིད་པོའི་འགི ཕོ་སར་ཟེར་ན་འདི་འདྲ་དགོས་རེད་ཅེས་དང་། ཉི་མ་ལྷ་ས། ཕོ་ལྷ་བསོ་རྒྱུ་ཞིག་འགི ༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་མཁྱེན། དེ་འདྲའི་མྱི་སྐྱིད་པོའི་འགི་ཞེས་གཅིག་རྗེས་གཉིས་འཐུད་དུ་ཕོ་ལྷ་བསོ་ཞེས་ཚང་མས་སྐད་འབོད་བྱེད་ཀྱིན་འདུག ས་གནས་ནས་བརྗོད་པ་ལྟར་ན། སྐབས་འདིར་བོད་མི་མང་པོ་ཞིག་འདུ་འཛོམས་ཐོག་སྐད་འབོད་བྱས་སོང་ལ། དེའི་བར་ནས་ཕོ་སར་དེ་བྲོས་སོང་ནའང་འགྲིག་ས་རེད་དེ། སྐད་འབོད་བརྒྱབ་ནས་འདུག་སྡོད་པ་ལས་གཏན་ནས་བྲོས་ཀྱིན་མི་འདུག་ཟེར། དེ་ནས་མི་འགྱང་བ་ཉེན་རྟོག་པ་འབྱོར་ཏེ་ཁོང་སྡེ་དགེ་རྫོང་དུ་ཁྲིད་ཕྱིན་སོང་ཞེས་པ་ཙམ་ལས། ཁོང་གི་མཚན་དང་། གྲོང་ཚོ་སོགས་ཅིའང་ཁ་གསལ་ཤེས་ཐུབ་ཀྱིན་མི་འདུག་ལ། ས་གནས་མང་ཚོགས་ཀྱི་གནས་ཚུལ་གྱིས་མཚོན་གནས་ཚུལ་ཞིབ་ཕྲ་མཁོ་སྒྲུབ་ཐུབ་ཁག་པོར་གྱུར་འདུག
དེ་བཞིན་ན་ནིང་ཕྱི་ཟླ་ ༦ པའི་ནང་དུ་ས་གནས་འདི་ན་གངས་ལྗོངས་འཚེ་མེད་དཔའ་བོའི་མཐུན་དབུ་བརྙེས་ཏེ་ཕྱོགས་དེའི་མང་ཚོགས་མང་པོ་ཞིག་མཉམ་ཞུགས་ཐོག་སྔོན་ཆད་ཕུ་ནུ་ནང་འཛིང་ཆུང་ཚགས་ཤོར་བ་དང་། བྱས་ཉེས་ཀྱི་ངོ་ཚ་བཟོས་པ་རྣམས་ལ་འགྱོད་བཤགས་དང་། ད་ནས་བོད་པ་ནང་ཁུལ་དུ་ནང་དམེ་འཁྲུགས་རྩོད་སོགས་མི་བྱ་རྒྱུའི་ཁས་ལེན་དམ་བཅའ་བཅས་གནང་ཡོད་པ་རེད།
འདི་འབྲེལ་གློག་བརྙན་གྱི་གཟིགས་འདོད་ཚེ་ངའི་སྟེང་ན་སྣུན་རོགས།
One Response
བསམ་ཚུལ་འབྲི།
འབྲེལ་ཡོད་ཀྱི་རྩོམ་གཞན།
- སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་དབུས་རྒྱུན་སྐབས་ ༣ པའི་ལོ་འཁོར་༣ གྱི་ལས་བསྡོམས་སྙིང་བསྡུས།
- ཨ་ཧྥི་ཏབ་ཀརྨ་སིང་པུ་རེ་ཝལ་ (Aftab Karma Singh Pureval) ལགས་ཨ་རིའི་གྲོང་ཁྱེར་སིན་སི་ན་ཊི་( Cincinnati) ཡི་སྤྱི་ཁྱབ་གྲོང་ཁྱེར་དཔོན་པོའི་གོ་གནས་ཀྱི་རྒྱལ་ཁ་ཐོབ་པ།
- བོད་ཕྲུག་༢༧་ལ་སྲིད་སྐྱོང་གི་སློབ་ཡོན་གཟེངས་རྟགས་ཐོབ་པའི་ནང་རང་རེ་སྡེ་དགེ་བའི་སློབ་མ་གཅིག་ཡོད་པ་རེད།
- དབུས་རྒྱུན་སྐབས་གསུམ་པའི་ཚོགས་ཐེངས་གཉིས་པ་དེ་བསྐོང་ཚོགས་གནང་
- ལོ་གསར་པའི་འཚམ་འདྲི་བཀྲ་ཤིས་བདེ་ལེགས།
http://www.freetibet.org/news-media/na/footage-lone-protester