བོད་ནང་གི་སྡེ་དགེ་འདན་མའི་ནད་པར་རོགས་རམ་བྱས།
དེའང་འདི་ལོའི་ཕྱི་ཟླ་དང་པོའི་ཚེས་ ༥ ཉིན་བོད་ནང་གནས་བཞུགས། སྡེ་དགེ་འདན་མ་ཤུག་པ་སྡེ་བ་ནས་ཡིན་པ། ནད་པ་ཚེ་རིང་ལྷ་མོ་ལགས་ཀྱིས་སྦིར་སྡེ་དགེ་ས་གནས་འབྲེལ་མཐུད་པ་བརྒྱུད་ནས་སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་དབུས་ཡིག་ཚང་ལ། ཁོ་མོ་མཁལ་མ་ནད་པར་གྱུར་ཅིང་། ལོ་ན་ཆུང་བའི་བུ་ཕྲུག་བཞི་ཡོད་པ་དང་། ནང་གི་རྒྱུ་ནོར་ཡོད་ཚད་དེ་དེ་སྔོན་སྨན་ཡོན་ཆེད་བཏང་ནས་ད་ཆར་ཛ་དྲག་དཀའ་ངལ་འོག་ལུས་ཡོད་པས། སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱིས་ད་བར་བོད་ཕྱི་ནང་གཉིས་ཀྱི་ནད་པ་ཉམ་ཐག་མང་པོ་ཞིག་ལ་རོགས་རམ་བྱས་ཏེ་ཕན་ཐོག་རྒྱ་ཆེན་བྱུང་འདུག་པས། ཁོ་མོ་ལའང་བྱམས་པ་དང་བརྩེ་བ་ཆེན་པོས་གཟིགས་ཏེ་རོགས་རམ་ཞིག་བཀའ་དྲིན་མ་ཆུང་ཞེས་པའི་བདེ་སྡུག་སྙན་ཞུ་འབྱོར་ཡོད་ལ། ནམ་རྒྱུན་གྱི་ལམ་སྲོལ་ལྟར་སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་ཡན་ལག་མྱུར་སྐྱོབ་ཁང་ནས་ཞིབ་འཇུག་ཚོགས་ཆུང་ཆེད་འཛུགས་ཀྱིས་ཞིབ་འཇུག་བྱས་འབྲས་སུ། སྙན་ཞུ་ནང་གསལ་ལྟར་ར་འཕྲོད་བྱུང་སྟེ། དབུས་ནས་ད་རེས་ས་བགོས་སུ་ཁེལ་བའི་སུད་སི་ས་གནས་སྡེ་དགེ་ཚོགས་པར་བརྒྱུད་ཞལ་འདེབས་ཀྱི་རོགས་དན་ཡོང་བའི་བརྡ་ཁྱབ་གཏོང་པ་བཞིན། མང་ཚོགས་ཀྱིས་ཐུགས་ཁུར་ཆེན་པོས་སུད་སྒོར་ ༡༨༨༧ (ཀྲུང་སྒོར་བསྒྱུར་ ༡༢༦༤༣) གནང་སོན་བྱུང་པ་རྣམས་ས་གནས་སུ་བཏང་སྟེ་ ༢༠༡༩་༡་༣༡ ཉིན་ནད་པར་འཕྲོད་པའི་འབྱོར་འཛིན་འབུལ་འབྱོར་བྱུང་ཡོད་པ་རེད།
བསམ་ཚུལ་འབྲི།
འབྲེལ་ཡོད་ཀྱི་རྩོམ་གཞན།
- སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་དབུས་རྒྱུན་སྐབས་ ༣ པའི་ལོ་འཁོར་༣ གྱི་ལས་བསྡོམས་སྙིང་བསྡུས།
- ཨ་ཧྥི་ཏབ་ཀརྨ་སིང་པུ་རེ་ཝལ་ (Aftab Karma Singh Pureval) ལགས་ཨ་རིའི་གྲོང་ཁྱེར་སིན་སི་ན་ཊི་( Cincinnati) ཡི་སྤྱི་ཁྱབ་གྲོང་ཁྱེར་དཔོན་པོའི་གོ་གནས་ཀྱི་རྒྱལ་ཁ་ཐོབ་པ།
- བོད་ཕྲུག་༢༧་ལ་སྲིད་སྐྱོང་གི་སློབ་ཡོན་གཟེངས་རྟགས་ཐོབ་པའི་ནང་རང་རེ་སྡེ་དགེ་བའི་སློབ་མ་གཅིག་ཡོད་པ་རེད།
- ༑ ༢༠༢༡ ལོའི་སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་ཚོགས་པའི་དམིགས་འདུན་ལྟར་ཛ་དྲག་ནད་པ་དང་ཉམས་ཐག་དཀའ་ངལ་ཅན་རྣམས་ལ་རོགས་རམ་ཞུས་པའི་སྐོར།
- ༑ ༢༠༢༡ ལོའི་སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་ཚོགས་པའི་དམིགས་འདུན་ལྟར་ཛ་དྲག་ནད་པ་དང་ཉམས་ཐག་དཀའ་ངལ་ཅན་རྣམས་ལ་རོགས་རམ་ཞུས་པའི་སྐོར།