English

  • མདུན་ངོས།
  • རྒྱལ་རབས།
  • ལོ་རྒྱུས།
    • ལུང་ཚན།
    • གནས་རི།
    • བྲག་ནགས་མཚོ།
    • སྣ་ཚོགས།
  • དགོན་སྡེ།
    • སྡེ་དགེའི་དབུ་ཁག་ལྔ།
    • གཡུང་དྲུང་བོན།
    • སྔ་འགྱུར་རྙིང་མ།
    • རྒྱལ་བ་བཀའ་བརྒྱུད།
    • དཔལ་ལྡན་ས་སྐྱ།
    • རི་བོ་དགེ་ལུགས།
  • པར་ཁང།
  • མི་སྣ།
    • སྐྱེས་ཆེན་དམ་པ།
    • ཤེས་ལྡན་མཁས་པ།
    • རླབས་ཆེན་མི་སྣ།
    • རྩོམ་པ་པོ།
    • ལྷ་པ།
    • སྒྲུང་པ།
    • གཞས་པ་གཞས་མ།
    • གྲགས་ཅན་མི་སྣ་གཞན།
  • ཆས་གོས།
    • རྒྱལ་བློན།
    • ཕོ་ཆས།
    • མོ་ཆས།
  • ཡུལ་སྲོལ།
    • བཟང་ངན་བརྩི་སྲོལ།
    • འབྲོག་པ།
    • རོང་པ།
    • རོང་མ་འབྲོག
    • ཡུལ་སྲོལ་ཁག་ཅིག
    • དུས་ཆེན།
  • ལས་འགུལ།
  • ལག་ཤེས།
    • ལྷ་བཟོ།
    • པར་བརྐོས།
    • མགར་བ།
    • རྫ་བཟོ།
    • ཤོག་བུ་བཟོ་བ།
    • ཤིང་བཟོ་བ།
    • འཚེམ་བཟོ།
    • སྤུ་རིགས་བཟོ་བ།
  • གླུ་གཞས།
    • སྡེ་དགེའི་བྲོ་ཆེན།
    • མགུར་མོ།
    • གླུའི་རིགས།
    • གླིང་བྲོ།
    • ཁེད་(གབ་ཚིག)
    • གཏམ་དཔེ།
  • ངོ་སྤྲོད།

སྡེ་དགེ་འདན་མའི་ཆེད་དུ་བསྒྲགས་གཏམ།

འདོན་སྤེལ། 2014/08/15 1:59 PM རྩོམ་པ་པོ།

༈ གསར་འགོད་བསྒྲགས་གཏམ།

༈ རྒྱུན་དུ་བོད་ས་ཁྱོན་ཡོངས་ནས་རང་དབང་དང་ཐོབ་ཐང་བརྩད་དེ་རང་ལུས་ཀྱང་མེར་སྲེག་བཞིན་ཡོད་པ་ནི། གུ་དོགས་དང་དྲག་གནོན་གྱི་བྱ་སྤྱོད་རྒྱུན་ཆད་ཀྱིན་མེད་པས་ཡིན། དེ་བཞིན་ ༢༠༡༤།༨།༡༡ ཉིན་སྡེ་དགེ་འདན་མ་ཕྱོགས་ནས་སྡེ་དཔོན་དབང་གྲགས་ལགས་རང་ཁྱིམ་ནས་མཚན་མོའི་ཆུ་ཚོད་ ༡༢ ཙམ་ན་བཙན་ཁྲིད་བྱས་པ་དང་། ཚེས་ ༡༢ ཉིན་སྲིད་གཞུང་སྒོ་འགྲམ་དུ་མང་ཚོགས་ཀྱིས་ཁོང་གློད་བཀྲོལ་དགོས་པའི་མཐེ་བོང་གནམ་སློང་གི་ཞི་བའི་འབོད་སྐུལ་བྱས་པར་དུག་བླངས་དང་མེ་མདས་དྲག་གནོན་བྱས་ཏེ། དབང་གྲགས་ཀྱི་བུ་ཀུན་དགའ་ཤེས་རབ་དང་། སྤུན་མཆེད་བཟང་པོ་སོགས་བོད་མི་ ༡༠ ཙམ་ལ་རྨས་སྐྱོན་རྫབ་ཆེན་བཟོས་འདུག ད་དུང་སྡེ་དཔོན་གཞོན་པ་དབང་ཆེན་གྱིས་གཙོས་བོད་མི་ ༢༠ ཡན་མན་ཞིག་འཇུ་བཟུང་བྱས་འདུག ཚེས་ ༡༣ ཉིན་ཤུག་པ་གྲོང་སྡེ་ཁྱོན་ཡོངས་ནས་དྲག་པོའི་དམག་གིས་བསྐོར་ཏེ། ད་ལྟ་མེ་མདའི་སོ་ཁ་ན་ཉེས་མེད་མང་ཚོགས་འ་ཆད་འུ་ཐུག་ངང་ལུས་འདུག་པར་སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་ངོས་ནས་སེམས་ཚོར་ཆེན་པོའི་ཐོག་གདུང་སེམས་མཉམ་བསྐྱེད་ཞུ་བཞིན་ཡོད་ལ། སྐྱོ་གདུང་དང་དཀའ་སྡུག་ཇི་ཙམ་ཆེ་ནའང་བཟོད་བསྲན་དང་ཞི་བའི་ལམ་ནས་སེལ་ཐབས་ལས་བཟང་བ་མེད་པ་དྲན་གསོ་ཞུ་བཞིན་ཡོད།

རྒྱ་གཞུང་གིས་མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་དོན་ཚན་ ༡༠ པ། “རང་ཉིད་ཀྱི་ཡུལ་སྲོལ་གོམས་གཤིས་སྔར་མུས་འཛིན་པའམ་བསྒྱུར་བཅོས་བྱེད་པའི་རང་ དབང་ཡོད་པར་འགན་སྲུང་བྱ་རྒྱུ་”ཞེས་པ་དང་། དོན་ཚན་ ༡༡ པ། “མི་རིགས་ཁག་གི་སྤྱི་དམངས་ལ་ཆོས་དད་རང་མོས་ཀྱི་རང་དབང་ཡོད་པར་འགན་སྲུང་བྱ་རྒྱུ་”ཞེས་གཏན་འབེབས་དྲིལ་བསྒྲགས་བྱེད་བཞིན་ཡོད་ཀྱང་། ཕྱི་ཚེས་ ༡༡ ཉིན་འདན་མའི་བསང་གསོལ་གྱི་ཆོས་ཕྱོགས་བྱེད་སྒོ་དང་། འདན་མའི་རྟ་རྒྱུགས་འགྲན་བསྡུར་གྱི་སྲོལ་རྒྱུན་བྱེད་སྒོ་ཁག་བཅས་ལ་སྲིད་གཞུང་གིས་དམ་དྲག་ཤུགས་ཆེན་བྱས་པས་མ་ཚད། ཤུག་པ་སྡེ་བའི་བྲོ་བ་དག་ལ་མཐོང་ཆུང་དང་བརྙས་བཅོས་བྱས་པའི་བརྒྱུད་རིམ་འོག གོང་གསལ་གནས་ཚུལ་བྱུང་པ་ནི་འགྲོ་བ་མིའི་བཟང་སྤྱོད་ལས་ཡོངས་སུ་འདས་ཤིང་། རྒྱ་གཞུང་རང་ཉིད་ཀྱིས་གཏན་འབེབས་བྱས་པའི་བཅའ་ཁྲིམས་ལའང་འགལ་འཛོལ་བྱས་འདུག་པར་ཧ་ཅང་བློ་ཕམ་བྱུང་།

ནམ་རྒྱུན་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིན་གྱིས་གཙོས་དཔོན་རིགས་ཚོས་སྤྱི་ཚོགས་འཆམ་མཐུན་ཡར་སྐུལ་ཞེས་ཤུགས་ཀྱིས་སྒྲོག་བཞིན་ཡོད་པ་དག་འདྲ་མཉམ་གྱི་ལྟ་བ་དང་། ཞི་མོལ་གྱི་ལམ་ནས་ཡོང་དགོས་པ་ཞིག་ལས་དེ་དག་ལས་ལྡོག་ཚེ། མ་འོངས་པའི་འཇིག་ཉེན་ནི་ཁ་ཙམ་གྱིས་ཐག་གཅོད་ཐུབ་པ་ཞིག་གཏན་ནས་མིན་པས། གཤམ་གསལ་འབོད་བསྐུལ་དག་སྐབས་འཕྲལ་ལག་བསྟར་མ་བྱས་ཚེ། འདན་མའི་ཡུལ་ཕྱོགས་འདིར་མཚོན་ན་ཞིང་ཆེན་གསུམ་དང་། རྫོང་ཁག་བཞིའི་མི་མང་འཚོ་སྡོད་བྱས་ཡོད་པས་འུ་ཐུག་ཐབས་ཟད་ཀྱི་གནས་སུ་བཀར་བཞིན་པ་འདི་དག་གི་མཇུག་འབྲས་ཅི་ཡོང་ཚོད་དཔག་དཀའ་བ་ཞིག་ཡིན་དུས། དེའི་འགན་ཚང་མ་ས་གནས་སྲིད་གཞུང་དང་རྒྱ་ནག་གཞུང་གི་ལས་བྱེད་ཚོས་ཁུར་དགོས་པ་རེད།

༡༽ སྡེ་དཔོན་རྒན་གཞོན་གྱི་གཙོས་འཇུ་བཟུང་བྱས་པ་རྣམས་ཆ་རྐྱེན་མེད་པའི་ཐོག་འཕྲལ་དུ་གློད་བཀྲོལ་དགོས།

༢༽ ཤུག་པ་སྡེ་བའི་ནང་ཡོད་པའི་དམག་མི་རྣམས་འཕྲལ་དུ་ཕྱིར་ལོག་དགོས།

༣༽ རྨས་མ་རྣམས་ལ་གཡས་ཁག་གཡོན་བཀྲི་མེད་པར་དུས་ཐོག་སྨན་བཅོས་གང་ལེགས་བྱ་དགོས།

མཐའ་དོན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་གཙོས་དྲང་བདེན་དང་ཞི་བདེར་དགའ་བའི་འཛམ་གླིང་རྒྱལ་ཁབ་ཁག་དང་། ཚོགས་པ། དེ་བཞིན་མི་མང་ཡོངས་ཀྱིས་སྡེ་དགེ་འདན་མའི་ཡུལ་གྱི་ཛ་དྲག་དཀའ་སྡུག་འདི་དག་འཕྲལ་དུ་སེལ་ཐབས་སུ་སྒོ་ཀུན་ནས་རྒྱབ་སྐྱོར་དང་ནུས་པ་འདོན་རོགས་ཞུ་ཞེས་

སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་ ༢༠༡༤་༨་༡༥ ཉིན་ཕུལ།

བསམ་ཚུལ་འབྲི།

Click here to cancel reply.

' རྩོམ་འོག་མ། འདན་མར་དྲག་གནོན་ལ་ངོ་རྒོལ་སྐད་འབོད་དང་སྐྱོན་བརྗོད།

འབྲེལ་ཡོད་ཀྱི་རྩོམ་གཞན།

  • ས་གནས་ཡུལ་མིའི་རེ་འབོད་ལ་བདག་སྐྱོང་དགོས་པའི་ཡོངས་ཁྱབ་བསྒྲགས་གཏམ།
  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་ ༢༠༢༢ ལོའི་སློབ་ཡོན་གསལ་བསྒྲགས།
  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་དབུས་རྒྱུན་སྐབས་ ༣ པའི་ལོ་འཁོར་༣ གྱི་ལས་བསྡོམས་སྙིང་བསྡུས།
  • ༄༅། །འཛམ་གླིང་ཤར་ནུབ་གང་དུ་བཞུགས་ཡོད་པའི་རང་རེེའི་སྡེ་དགེ་བ་ཕུ་ནུ་མིང་སྲིང་ཡོངས་ལ་སྡེ་དགེའི་ཉིན་མོའི་གསལ་བརྡ།
  • ༄༅། །མཁྱེན་དཔྱོད་ཀྱི་འོད་སྣང་ལུགས་གཉིས་དཔལ་གྱི་མཁའ་དབྱིངས་ན་འཚེར་བཞིན་པའི་ཆོས་རྒྱལ་སྡེ་དགེ་རྒྱལ་པོའི་ལྷ་འབངས་སུ་གཏོགས་པའི་རྒྱ་ཆེའི་རྩོམ་རིག་པ་ཡོངས་ལ་ཆེད་གསོལ།

ཁྱབ་བསྒྲགས། མང་ ...
    Advertisement
འབྲེལ་མཐུད།
Advertisement
Advertisement
Advertisement
Advertisement
ངོ་དེབ།











  • ཁམས་པའི་དྲ་བ།
  • སྡེ་དགེའི་པར་ཁང་།
  • བོད་ཀྱི་བང་ཆེན།
  • བོད་ཀྱི་དུས་བབ།
  • རྒྱལ་བ་རིན་པོ་ཆེ།
  • ཆུ་སྒང་དྲ་བ།
  • བོད་ཀྱི་ཆ་འཕྲིན།
  • ཨ་རིའི་བརྙན་འཕྲིན།
  • བོད་ཀྱི་གཞས་ཚིག་དྲ་བ།་
  • དྲི་བ་དྲིས་ལན་དྲ་བ།
  • བོད་ཀྱི་འཕྲུལ་དེབ་དྲ་བ།
  • སམ་བྷོ་ཏྲ་དྲ་བ།།
  • འོད་ཟེར་དྲ་བ།
  • བོད་གཞུང་དྲ་བ།
  • སེང་རྡོར་དྲ་བ།།
  • སྨོན་ལམ་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • སྐར་ཁུང་དྲ་བ།
  • གེ་སར་རིག་གནས་དྲ་བ།
  • ཕ་ཡུལ་དྲ་བ།
  • སྤྱི་འཐུས་དྲ་བ།
  • འཛི་སྒར་དྲ་བ།
  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་།
  • © 2020 Dege Gyalyong welfare Society
  • House # D-44, New Tibetan Camp. New Aruna Nagar, Majnu-ka-tilla, Delhi-110054, India.
  • E-mail: [email protected] Tel. 01123815056 Mb: +9717153449

བཟོ་སྐྲུན་པ། བསྟན་འཛིན་ཆོས་གྲགས།