English

  • མདུན་ངོས།
  • རྒྱལ་རབས།
  • ལོ་རྒྱུས།
    • ལུང་ཚན།
    • གནས་རི།
    • བྲག་ནགས་མཚོ།
    • སྣ་ཚོགས།
  • དགོན་སྡེ།
    • སྡེ་དགེའི་དབུ་ཁག་ལྔ།
    • གཡུང་དྲུང་བོན།
    • སྔ་འགྱུར་རྙིང་མ།
    • རྒྱལ་བ་བཀའ་བརྒྱུད།
    • དཔལ་ལྡན་ས་སྐྱ།
    • རི་བོ་དགེ་ལུགས།
  • པར་ཁང།
  • མི་སྣ།
    • སྐྱེས་ཆེན་དམ་པ།
    • ཤེས་ལྡན་མཁས་པ།
    • རླབས་ཆེན་མི་སྣ།
    • རྩོམ་པ་པོ།
    • ལྷ་པ།
    • སྒྲུང་པ།
    • གཞས་པ་གཞས་མ།
    • གྲགས་ཅན་མི་སྣ་གཞན།
  • ཆས་གོས།
    • རྒྱལ་བློན།
    • ཕོ་ཆས།
    • མོ་ཆས།
  • ཡུལ་སྲོལ།
    • བཟང་ངན་བརྩི་སྲོལ།
    • འབྲོག་པ།
    • རོང་པ།
    • རོང་མ་འབྲོག
    • ཡུལ་སྲོལ་ཁག་ཅིག
    • དུས་ཆེན།
  • ལས་འགུལ།
  • ལག་ཤེས།
    • ལྷ་བཟོ།
    • པར་བརྐོས།
    • མགར་བ།
    • རྫ་བཟོ།
    • ཤོག་བུ་བཟོ་བ།
    • ཤིང་བཟོ་བ།
    • འཚེམ་བཟོ།
    • སྤུ་རིགས་བཟོ་བ།
  • གླུ་གཞས།
    • སྡེ་དགེའི་བྲོ་ཆེན།
    • མགུར་མོ།
    • གླུའི་རིགས།
    • གླིང་བྲོ།
    • ཁེད་(གབ་ཚིག)
    • གཏམ་དཔེ།
  • ངོ་སྤྲོད།

སྡེ་དགེ་ཞེས་པའི་དོན།

འདོན་སྤེལ། 2016/05/28 3:55 PM རྩོམ་པ་པོ།

སྡེ་དགེ་ཞེས་པའི་དོན།

མཁན་པོ་སྐལ་ལྡན་ཚེ་རིང་མཆོག་གིས་གསུངས།

དེ་ཡང་སྡེ་དགེ་ཟེར་བ་དེ་ནི་སྔོན་གྱི་ལོ་རྒྱུས་དང་ད་ལྟའི་གནས་སྟངས་གང་ལ་བལྟས་ཀྱང་ཆོས་དང་འཇིག་རྟེན་གང་ཐད་ལ་ཡུལ་ཀ་གཞན་དང་མ་འདྲ་བ་དང་མ་དམན་པ་ཕུན་སུམ་ཚོགས་པ་ཞིག་ཡོད་རྒྱུ་དེ་རེད། འོ་ན་སྡེ་དགེ་ཟེར་བའི་མིང་དེ་དང་པོ་གང་ནས་བྱུང་ཟེར་ན། ༧ས་སྐྱ་གོང་མ་རྣམ་ལྔའི་ཡ་གྱལ་༧འགྲོ་མགོན་ཆོས་རྒྱལ་འཕགས་པའི་དུས་སུ་སྡེ་དགེའི་གདུང་རབས་ཀྱི་མི་དགེ་སློང་བསོད་ནམས་རིན་ཆེན་ཞུ་རྒྱུ་ཞིག་འགྲོ་མགོན་ཆོས་རྒྱལ་འཕགས་པའི་ལས་ཚན་བཅུ་གསུམ་གྱི་ཡ་གྱལ་གསོལ་དཔོན་གྱི་ལས་ཀ་བྱེད་མཁན་དེ་ཐོག་མ་འགྲོ་མགོན་ཆོས་འཕཊ་མཇལ་ཁ་བྱོན་དུས་འགྲོ་མགོན་ཆོས་འཕགས་ཀྱིས་སྡེ་བཞི་དགེ་བཅུའི་ཕྱུག་པའི་སྐྱེས་བུ་ཕེབས་བྱུང་གསུངས་ནས་སྡེ་དགེ་ཞེས་པའི་སྡེ་བཞི་དགེ་བཅུ་གཉིས་ཀྱི་མིང་དེ་དང་པོ་དགེ་སློང་བསོད་ནམས་རིན་ཆེན་ལ་འགྲོ་མགོན་ཆོས་རྒྱལ་འཕགས་པས་བཏགས་པ་རེད། དེ་ནས་རིམ་བཞིན་སྡེ་དགེ་མི་རབས་དེ་ཐོག་མ་གླིང་ཚང་གི་ལྕགས་རྭ་ལ་གཞིས་ཆགས། དེ་ནས་བོ་ཐར་བཀྲ་ཤིས་སེང་གེ་དུས་སུ་གྲུབ་ཆེན་ཐང་སྟོང་རྒྱལ་པོ་འདིར་བྱོན་སྐབས་ཐང་རྒྱལ་ལྷ་ཁང་ཕྱག་བཏབ་པ་ནས་བཟུང་མི་ཡི་མིང་དེ་ས་གནས་ལ་ཆགས་ནས་ས་གནས་དེ་ལ་ཡོད་པའི་མི་ཚོ་ལ་སྡེ་བཞི་དགེ་བཅུ་ཕུན་སུམ་ཚོགས་པ་འཛོམས་དུས།ས་གནས་ཁོ་རང་ལ་སྡེ་དགེ་ཞེས་པའི་མིང་ཆགས་སོང་བར་རེད། ཡང་སྡེ་བཞི་དང་དགེ་བཅུ་ཟེར་བ་དེ་གང་རེད་ཟེར་ན་དེར་ངོ་སྤྲོད་བསྡུས་ཙམ་བྱེད་རྒྱུ་ཡིན། དང་པོ་སྡེ་བཞི་ཟེར་བ་ནི། ནོར་དང་འདོད་པ་ཆོས་དང་ཐར་པ་སྟེ་བཞི་རེད། ནོར་ཟེར་ན་རྒྱུ་ནོར་ལོངས་སྤྱོད་ཟས་གོས་སོགས་ཕུན་སུམ་ཚོགས་པ་འཛོམས་པ་དེ་ནོར་རེད། འདོད་པ་ནི་གནས་སྐབས་ང་རང་ཚོའི་རེ་བའམ་དགོས་པའི་ཟས་མེད་ལ་ཟས་ཡོད་པ་གོས་མེད་ལ་གོས་དང་ནད་པ་ལ་སྨན་སོགས་ཕུན་སུམ་ཚོགས་པ་ཐོབ་རྒྱུ་དེ་ལ་འདོད་པ་ཟེར། ཆོས་ཟེར་ན་ང་ཚོ་ནང་པ་སངས་རྒྱས་པའི་ཆོས་འདིར་རེད། ཐར་པ་ཟེར་ན་ཆོས་དེ་ལ་བརྟེན་ནས་ང་རང་ཚོ་སངས་རྒྱས་ཀྱི་གོ་འཕང་ཐོབ་རྒྱུ་དེ་ལ་ཐར་པ་ཟེར་རེད།དེ་ལྟར་ཡིན་དུས་ནོར་དང་འདོད་པ་ཆོས་དང་ཐར་པ་བཞི་ལ་སྡེ་བཞི་ཟེར་བ་རེད། དེ་ནས་དགེ་བཅུ་ཟེར་རྒྱུ་དེ་ནི་ཕྱི་ཡུལ་ལ་ཡོད་པའི་དགེ་བ་བཅུ་དང་། ནང་སེམས་ཅན་ལ་ཡོད་པའི་དགེ་བ་བཅུ་སྟེ་དེ་འདྲ་ཡོད་རེད།ཕྱི་ཡུལ་གྱི་དགེ་བ་བཅུ་ནི། ཁང་ས་ཞིང་ས་ས་ཡི་དགེ།ཁང་ཤིང་འབུད་ཤིང་ཤིང་གི་དགེ།ཞིང་ཆུ་བཏུང་ཆུ་ཆུ་ཡི་དགེ།ཁང་རྡོ་འཐག་རྡོ་རྡོ་ཡི་དགེ།གམ་འབྲོག་རྒྱང་འབྲོག་རྩྭ་ཡི་དགེ།སྟེ་དེ་བཅུ་ལ་ཕྱི་ཡུལ་གྱི་དགེ་བ་བཅུ་ཡིན་ཞིང་།ཁང་པ་ལས་སའི་ས་དང་ཞིང་གི་ས་དེ་ཚོ་ཕུན་སུམ་ཚོགས་པ་ཡོད་རྒྱུ་དེ་ས་ཡི་དགེ་བ་གཉིས་དང་། ཁང་པ་ལས་རྫས་ཤིང་དང་འབུད་རྒྱུའི་ཤིང་སོགས་ནགས་ཚལ་ཕུན་ཚོགས་ཡོད་པ་དེ་ཤིང་གི་དགེ་བ་གཉིས་དང་། ཡང་ཁང་ལས་ཀྱི་རྡོ་དང་དཔེར་ན་ཡོས་སམ་རྩམ་པ་འཐག་དགོས་ན་འཆིག་གི་རྡོ་སོགས་མདོར་ན་རྡོ་ཡི་སྤྱོད་མཁོ་ཕུན་ཚོགས་ཡོད་རྒྱུ་ནི་རྡོ་ཡི་དགེ་བ་གཉིས་དང་།  ཡང་ང་ཚོས་བཏུང་རྒྱུའི་ཆུ་དང་ཞིང་ལ་འདྲེན་རྒྱུའི་ཆུ་སྟེ་དྭངས་བསིལ་གྱི་ཆུ་ཕུན་ཚོགས་ཡོད་རྒྱུ་དེ་ཆུ་ཡི་དགེ་བ་གཉིས་དང་། ཡང་འབྲོག་པ་ཞིང་པ་གང་ཡིན་ཡང་རྩྭ་ཐང་ཕུན་སུམ་ཚོགས་པ་འཛོམས་ས་ཞིག་ཡིན་དུས་དེ་ནི་རྩྭ་ཡི་དགེ་བ་གཉིས་ཏེ་མདོར་ན་ཕྱི་ཡུལ་ལ་ཡོད་པའི་དགེ་བ་བཅུ་ཟེར་ན་དེ་འདྲ་ཞིག་དང་། ནང་གང་ཟག་ལ་ཡོད་པའི་དགེ་བ་བཅུ་ནི། ལུས་ཀྱི་སྒོ་ནས་སྲོག་གཅོད་མ་བྱིན་ལེན་དང་འདོད་པས་ལོག་པ་གཡེང་བ་སྟེ་གསུམ།ངག་གི་སྒོ་ནས་རྫུན་ཕྲ་མ་ཚིག་རྩུབ་ངག་འཁྱལ་བཞི།ཡིད་ཀྱི་སྒོ་ནས་བརྣབ་སེམས་གནོད་སེམས་ལོག་པ་ལྟ་བ་གསུམ་སྟེ་མི་དགེ་བཅུ་སྤོངས་པའི་དགེ་བ་བཅུ་ཡི་ཁྲིམས་སྲུང་མཁན་གྱི་གང་ཟག་མང་པོ་ཞིག་ཡོད་དུས། དེ་ནི་ནང་སེམས་ཅན་ལ་ཡོད་པའི་དགེ་བ་བཅུ་སྟེ་མདོར་བསྡུ་ན།སྡེ་དགེ་ནི་སྡེ་བཞི་དགེ་བཅུ་ཕུན་སུམ་ཚོགས་པ་ཡོད་སའི་ས་གནས་ཤིག་ཡིན་ལ།དེ་ཡང་གནའ་སྔ་ནས་ཡིན་ནའང་སྡེ་དགེ་ཆོས་རྒྱལ་རིམ་བྱོན་དུས་ཀྱི་ཆོས་རྒྱལ་ཆེན་པོ་དེ་ཚོ་ཡིན་ན་རེད།དེ་ལས་གཞན་བླ་མ་སྐྱེས་ཆེན་དམ་པ་མང་པོ་ཞིག་གིས་ཞབས་ཀྱིས་བཅགས་ཏེ་དུས་ད་ལྟའི་བར་དུ་ཆོས་དང་རིག་གནས་ཕུན་སུམ་ཚོགས་པ་དར་ཞིང་རྒྱས་པའི་ས་གནས་ཤིག་ཆགས་འདུག་ཡོད་པར་རེད། ཅེས་གསུངས་སོ། །

 

བསམ་ཚུལ་འབྲི།

Click here to cancel reply.

' རྩོམ་འོག་མ། སྨན་ཤོད་ནས་རྒྱ་མི་ཚོང་ལས་པས་རི་དགས་ལྐོག་གསོད།

འབྲེལ་ཡོད་ཀྱི་རྩོམ་གཞན།

  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་དབུས་རྒྱུན་སྐབས་ ༣ པའི་ལོ་འཁོར་༣ གྱི་ལས་བསྡོམས་སྙིང་བསྡུས།
  • ཨ་ཧྥི་ཏབ་ཀརྨ་སིང་པུ་རེ་ཝལ་ (Aftab Karma Singh Pureval) ལགས་ཨ་རིའི་གྲོང་ཁྱེར་སིན་སི་ན་ཊི་( Cincinnati) ཡི་སྤྱི་ཁྱབ་གྲོང་ཁྱེར་དཔོན་པོའི་གོ་གནས་ཀྱི་རྒྱལ་ཁ་ཐོབ་པ།
  • བོད་ཕྲུག་༢༧་ལ་སྲིད་སྐྱོང་གི་སློབ་ཡོན་གཟེངས་རྟགས་ཐོབ་པའི་ནང་རང་རེ་སྡེ་དགེ་བའི་སློབ་མ་གཅིག་ཡོད་པ་རེད།
  • ༈ གདུང་སེམས་མཉམ་བསྐྱེད་ཞུ་བཞིན་ཡོད།
  • དབུས་རྒྱུན་སྐབས་གསུམ་པའི་ཚོགས་ཐེངས་གཉིས་པ་དེ་བསྐོང་ཚོགས་གནང་

ཁྱབ་བསྒྲགས། མང་ ...
    Advertisement
འབྲེལ་མཐུད།
Advertisement
Advertisement
Advertisement
Advertisement
ངོ་དེབ།











  • ཁམས་པའི་དྲ་བ།
  • སྡེ་དགེའི་པར་ཁང་།
  • བོད་ཀྱི་བང་ཆེན།
  • བོད་ཀྱི་དུས་བབ།
  • རྒྱལ་བ་རིན་པོ་ཆེ།
  • ཆུ་སྒང་དྲ་བ།
  • བོད་ཀྱི་ཆ་འཕྲིན།
  • ཨ་རིའི་བརྙན་འཕྲིན།
  • བོད་ཀྱི་གཞས་ཚིག་དྲ་བ།་
  • དྲི་བ་དྲིས་ལན་དྲ་བ།
  • བོད་ཀྱི་འཕྲུལ་དེབ་དྲ་བ།
  • སམ་བྷོ་ཏྲ་དྲ་བ།།
  • འོད་ཟེར་དྲ་བ།
  • བོད་གཞུང་དྲ་བ།
  • སེང་རྡོར་དྲ་བ།།
  • སྨོན་ལམ་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • སྐར་ཁུང་དྲ་བ།
  • གེ་སར་རིག་གནས་དྲ་བ།
  • ཕ་ཡུལ་དྲ་བ།
  • སྤྱི་འཐུས་དྲ་བ།
  • འཛི་སྒར་དྲ་བ།
  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་།
  • © 2020 Dege Gyalyong welfare Society
  • House # D-44, New Tibetan Camp. New Aruna Nagar, Majnu-ka-tilla, Delhi-110054, India.
  • E-mail: [email protected] Tel. 01123815056 Mb: +9717153449

བཟོ་སྐྲུན་པ། བསྟན་འཛིན་ཆོས་གྲགས།