སྡེ་དགེ་དྲ་བ་དབུ་འབྱེད་མཛད་སྒོ་གནང་པ།
༈ སྡེ་དགེ་དྲ་བ་གསར་པ་དབུ་འབྱེད་གནང་པ།
༈ ཡོང་ཁུངས། ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༣ཟླ་༢ཚེས་༡༥ཉིན། དེ་རིང་སྔ་དྲོ་ཆུ་ཚོད་༩པ་ཐོག་སྡེ་དགེ་དྲ་བ་གསར་པ་ལེགས་གྲུབ་བྱུང་སྟེ་བལ་ཡུལ་གྱིས་གཙོས་རྒྱལ་ཁབ་དང་ས་གནས་ ཁག་མང་པོ་ནས་ཉིན་བརྒྱ་དུས་གཅིག་ཏུ་སྒོ་འབྱེད་མཛད་སྒོ་བསྡུས་ཡོད་འདུག
འདི་གར་འབྲེལ་ཡོད་ནས་གནས་ཚུལ་བཏང་བ་ལྟར་ན། ཉེ་བའི་ཟླ་ཤས་སྔོན་ནས་༼ཕུ་ནུ་གྲོས་ར༽་ཞེས་པའི་ཚོགས་མི་ཚོས་འབད་འབུངས་རིམ་བྱས་བརྒྱུད་སྡེ་དགེ་དྲ་བ་གསར་བཟོ་ལེགས་གྲུབ་ཟིན་ཏེ། དེ་རིང་ཕྱི་ཚེས་ ༡༥ ཉིན་བལ་ཡུལ་གྱིས་གཙོས་ཨ་རི་དང་སྦེལ་ཇམ། སུད་སི། ཧྥ་རན་སི། རྒྱ་གར་བྱང་ཕྱོགས་སྦིར། རྡ་ས། ལྡི་ལི། མཚོ་པདྨ་བཅས་ནས་
ཉིན་གཅིག་དུས་གཅིག་ཏུ་མཛད་སྒོ་གནང་སྟེ་སྡེ་དགེ་དྲ་བ་ཐད་གཏོང་གནང་འདུག
དྲ་བ་གསར་པ་www.dhege.comའདིའི་ནང་དུ་བོད་ཀྱི་རྒྱལ་རབས་ལོ་རྒྱུས། ཆོས་འབྱུང་བརྡ་དག གསུང་བཤད་འཕྲོད་བསྟེན། གསར་འགྱུར་སོགས་ཀྱིས་གཙོས། སྡེ་དགེའི་རྒྱལ་རབས་ལོ་རྒྱུས། མི་སྣ། གླུ་གཞས། ཡུལ་སྲོལ། ཆས་གོས། སྤར་ཁང་ཆོད་མཛོད་ཆེན་མོ། ལག་ཤེས། ལས་འགུལ་བཅས་ཀྱི་དཀར་ཆག་ཁག་བགོས་ཐོག་དེ་དག་གི་ནང་དོན་གྱིས་ཕྱུག་པའི་སྣ་འཛོམས་རང་བཞིན་ཅན་གྱི་དྲ་བ་སྤུས་དག་ཅིག་ཐོན་འདུས་པས་མ་ཚད། ཕྱིའི་རྣམ་པའི་ཐད་ནས་ཀྱང་མིག་ངོར་མཛེས་ཤིང་། བཀོལ་སྤྱོད་བདེ་བ་སོགས་ཀྱི་ཁྱད་ཆོས་སྣ་མང་ལྡན་པའི་དཔེ་གསར་དྲ་བ་གསར་པ་ཞིག་ཏུ་གྲུབ་འདུག
དེ་ཡང་དྲ་བའི་གཙོ་གཉེར་བ་དང་ཕུ་ནུ་གྲོས་རའི་ཚོགས་གཙོ་འཆམ་ར་དྲི་མེད་རྒྱལ་མཚན་ལགས་ཀྱིས་དྲ་བ་གསར་བཟོའི་དགོས་དམིགས་སོགས་འགྲེལ་བརྗོད་གནང་དོན། དྲ་བ་འདི་ནི་བོད་མི་རིགས་སྤྱི་དང་སྡེ་དགེ་བའི་རྒྱལ་རབས་ལོ་རྒྱུས། རིག་གཞུང་ཆོས་འབྱུང་རྣམས་ཉར་ཚགས་བྱེད་ཆེད་དུ་གསར་བཟོ་བྱས་པ་དང་། འདིར་བརྒྱུད་མི་རབས་གསར་པ་ཚོས་ང་ཚོའི་རིག་གཞུང་བཟང་པོ་རྣམས་བརྒྱུད་འཛིན་ཡང་དག་པ་ཞིག་ཡོང་ཐབས་སོགས་སུ་དམིགས་པ་ཡིན་ཞེས་གསུངས་སོང་།
༼མཆན། སྡེ་དགེ་དྲ་བའི་སྒོ་འབྱེད་མཛད་སྒོ་ཁག་གི་པར་རིས་ཕྱོགས་བསྒྲིགས།༽
སྡེ་དགེ་དྲ་བའི་སྐོར་ཤམ་བྷ་ལའི་ཕོ་ཉའི་ནང་ཐོན་པའི་གསར་འགྱུར་འདི་ནས་གཟིགས།
སྡེ་དགེ་དྲ་བའི་སྐོར་གྱི་བོད་ཀྱི་བང་ཆེན་དྲ་ཐོག་གི་གསར་འགྱུར་འདི་ནས་གཟིགས།
ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ནས་སྡེ་དགེ་དྲ་བའི་སྐོར་བཅར་འདྲི་བྱས་པ་འདི་ནས་གསོན།
ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ནས་ཨ་རིའི་སྡེ་དགེ་ཚོགས་པས་༸ས་སྐྱ་ཁྲི་འཛིན་གདན་ཞུས་གནང་པ་དང་ཕུ་ནུའི་གྲོས་རའི་སྐོར་ལ་བཅའ་འདྲི་ཞུས་པ་འདི་ནས་གཟིགས།
2 Responses
བསམ་ཚུལ་འབྲི།
འབྲེལ་ཡོད་ཀྱི་རྩོམ་གཞན།
- ས་གནས་ཡུལ་མིའི་རེ་འབོད་ལ་བདག་སྐྱོང་དགོས་པའི་ཡོངས་ཁྱབ་བསྒྲགས་གཏམ།
- སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་ ༢༠༢༢ ལོའི་སློབ་ཡོན་གསལ་བསྒྲགས།
- སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་དབུས་རྒྱུན་སྐབས་ ༣ པའི་ལོ་འཁོར་༣ གྱི་ལས་བསྡོམས་སྙིང་བསྡུས།
- ༄༅། །འཛམ་གླིང་ཤར་ནུབ་གང་དུ་བཞུགས་ཡོད་པའི་རང་རེེའི་སྡེ་དགེ་བ་ཕུ་ནུ་མིང་སྲིང་ཡོངས་ལ་སྡེ་དགེའི་ཉིན་མོའི་གསལ་བརྡ།
- ཨ་ཧྥི་ཏབ་ཀརྨ་སིང་པུ་རེ་ཝལ་ (Aftab Karma Singh Pureval) ལགས་ཨ་རིའི་གྲོང་ཁྱེར་སིན་སི་ན་ཊི་( Cincinnati) ཡི་སྤྱི་ཁྱབ་གྲོང་ཁྱེར་དཔོན་པོའི་གོ་གནས་ཀྱི་རྒྱལ་ཁ་ཐོབ་པ།
སྡེ་དགེ་དྲྭ་བ་འདི་ལེགས་གྲུབ་བྱུང་བར་མཚམས་འདྲི་གྲངས་མེད་ཞུ།
རྗེས་ཕྱོགས་སུ་ཡར་ངོས་ཟླ་ལྟར་གང་ནས་གང་དུ་འཕེལ་བའི་སྨོན་འདུན་ཡང་ཡང་ཞུ།
རྣམ་པ་ཆོ༹་ཆ༹ང་མར་མཆ༹མས་འདྲི་ཞུ༈