English

  • མདུན་ངོས།
  • རྒྱལ་རབས།
  • ལོ་རྒྱུས།
    • ལུང་ཚན།
    • གནས་རི།
    • བྲག་ནགས་མཚོ།
    • སྣ་ཚོགས།
  • དགོན་སྡེ།
    • སྡེ་དགེའི་དབུ་ཁག་ལྔ།
    • གཡུང་དྲུང་བོན།
    • སྔ་འགྱུར་རྙིང་མ།
    • རྒྱལ་བ་བཀའ་བརྒྱུད།
    • དཔལ་ལྡན་ས་སྐྱ།
    • རི་བོ་དགེ་ལུགས།
  • པར་ཁང།
  • མི་སྣ།
    • སྐྱེས་ཆེན་དམ་པ།
    • ཤེས་ལྡན་མཁས་པ།
    • རླབས་ཆེན་མི་སྣ།
    • རྩོམ་པ་པོ།
    • ལྷ་པ།
    • སྒྲུང་པ།
    • གཞས་པ་གཞས་མ།
    • གྲགས་ཅན་མི་སྣ་གཞན།
  • ཆས་གོས།
    • རྒྱལ་བློན།
    • ཕོ་ཆས།
    • མོ་ཆས།
  • ཡུལ་སྲོལ།
    • བཟང་ངན་བརྩི་སྲོལ།
    • འབྲོག་པ།
    • རོང་པ།
    • རོང་མ་འབྲོག
    • ཡུལ་སྲོལ་ཁག་ཅིག
    • དུས་ཆེན།
  • ལས་འགུལ།
  • ལག་ཤེས།
    • ལྷ་བཟོ།
    • པར་བརྐོས།
    • མགར་བ།
    • རྫ་བཟོ།
    • ཤོག་བུ་བཟོ་བ།
    • ཤིང་བཟོ་བ།
    • འཚེམ་བཟོ།
    • སྤུ་རིགས་བཟོ་བ།
  • གླུ་གཞས།
    • སྡེ་དགེའི་བྲོ་ཆེན།
    • མགུར་མོ།
    • གླུའི་རིགས།
    • གླིང་བྲོ།
    • ཁེད་(གབ་ཚིག)
    • གཏམ་དཔེ།
  • ངོ་སྤྲོད།

སྡེ་དགེ་དཔར་ཁང་འཛམ་གླིང་ཤུལ་བཞག་གྲས་སུ་རེ་ཞུ་བྱས།

འདོན་སྤེལ། 2015/11/27 4:30 AM རྩོམ་པ་པོ།

སྡེ་དགེ་དཔར་ཁང་འཛམ་གླིང་ཤུལ་བཞག་གྲས་སུ་རེ་ཞུ་བྱས།

ཕྱི་ལོ་ ༢༠༡༥་ཕྱི་ཟླ་ ༡༡ པའི་ཕྱི་ཚེས་ ༢༦ ཉིན་བོད་ལྗོངས་དྲ་བ་ཞེས་པའི་སྟེང་སྡེ་དགེའི་དཔར་ཁང་ཆོས་མཛོད་ཆེན་མོ་དེ་འཛམ་གླིང་ཤུལ་བཞག་གི་གྲས་སུ་ཚུད་ཐབས་བྱ་རྒྱུའི་ལས་གཞི་སྐྱར་སྤེལ་བྱེད་འགོ་བཙུགས་ཡོད་སྐོར་གྱི་གནས་ཚུལ་ཞིག་སྤེལ་ཡོད་པ་འདིར་འདྲེན་བཀོད་བྱས་ཡོད།

ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།

འདི་ནི་དཔར་ཤིང་འབོར་ཆེན་གྱི་འདྲ་པར་ཡིན་ལ།  དཀར་མཛེས་ཁམས་པའི་རིག་གནས་ཞིབ་འཇུག་གླིང་གིས་མཁོ་སྤྲོད་བྱས།

གནའ་གཞུང་དཔར་ཤིང་ཁྲི ༣༢ ལྷག་ཉར་ཚགས་བྱས་འདུག་ལ། བོད་ཀྱི་གནའ་གཞུང་གི་བརྒྱ་ཆའི ༧༠ ལྷག་ཟིན་འདུག

སྡེ་དགེ་རྒྱལ་པོ་སྐུ་ཕྲེང ༣ དང་། ལོ་ངོ ༢༧ བརྒྱུད། ཐོག་བརྩེགས་བཞི་ཅན་དང་། འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ ༥༤༥༠ ཡོད་པའི་དཔར་ཁང་ཞིག་གྲུབ།

དཔར་ཁང་དུ་རུལ་འགོག་དང་གས་ཆགས་འགོག་ཅི་ཐུབ་བྱས་མཐར། ལོ་ངོ ༣༠༠ ཙམ་འགོར་རུང་། སྔར་བཞིན་བཀོལ་སྤྱོད་བྱེད་བཞིན་འདུག

གནའ་བོའི་ལྡེབས་རིས་ཀྱི་མཚོན་བྱེད་ཀརྨ་བཀའ་རྒྱུད་ཀྱི་ཆེས་མཐོའི་སྒྱུ་རྩལ་གྲུབ་འབྲས་དང་ཁྱད་ཆོས་མངོན་པར་མཚོན་ཡོད།

 

“སི་ཁྲོན་ཡུལ་གྱི་བགྲོད་ལམ” དང “གནའ་བོའི་སི་ཁྲོན་གྱི་རིག་གནས་རྗེས་ཤུལ”བཅས་ཤུལ་བཞག ༤ བདེ་ལེགས་ངང《ཀྲུང་གོའི་འཛམ་གླིང་རིག་གནས་ཤུལ་བཞག་འདེམ་བཀོད་མིང་ཐོ》རུ་བདམས་རྗེས། རྒྱལ་ཡོངས་ཀྱི་རིག་དངོས་སྲུང་སྐྱོབ་ལས་ཁུངས་གཙོ་བོ་དང་། བོད་རིག་གནས་ཀྱི་ནོར་བུའི་བང་མཛོད་དུ་གྲགས་པའི་དཀར་མཛེས་ཁུལ་གྱི་སྡེ་དགེ་དཔར་ཁང་ཡང་འཛམ་གླིང་རིག་གནས་ཤུལ་བཞག་གྲས་སུ་རེ་ཞུ་བྱས། ཟླ ༡༡ པའི་ཚེས ༢༤ ཉིན། གསར་འགོད་པས་ཞིང་ཆེན་རིག་དངོས་ཅུའུ་ནས་རྒྱུས་ལོན་བྱས་པ་ལྟར་ན། ཉེ་ལམ། སྡེ་དགེ་དཔར་ཁང་འཛམ་གླིང་ཤུལ་བཞག་གྲས་སུ་རེ་ཞུ་བྱ་བའི་སྐུལ་སྤེལ་ཚོགས་འདུ། ཆེད་མཁས་པས་རིགས་སྒྲུབ་བྱེད་པའི་ཚོགས་འདུ་འཚོགས་ཏེ། སྡེ་དགེ་དཔར་ཁང་འཛམ་གླིང་ཤུལ་བཞག་གྲས་སུ་རེ་ཞུ་བྱེད་པའི་ལས་དངོས་སུ་འགོ་ཚུགས་པ་དང་། དམིགས་ཡུལ་དང་པོ་ནི་འཛམ་གླིང་རིག་གནས་ཤུལ་བཞག་འདེམ་བཀོད་མིང་ཐོ་རུ་བདམས་ཐོན་བྱེད་པ་དེ་ཡིན།

 

སྡེ་དགེ་དཔར་ཁང་ནི་དཀར་མཛེས་ཁུལ་སྡེ་དགེ་རྫོང་དགོན་ཆེན་གྲོང་རྡལ་གྱི་ལྟེ་གནས་སུ་ཆགས་ཡོད་ལ།  དཔར་ཁང་གི་རིག་དངོས་དོ་དམ་ཅུའི་ཅུའུ་ཀྲང་ཚེ་བཀྲ་ཡིས་གསར་འགོད་པར་བཤད་རྒྱུར།  དཔར་ཁང་ནི ༡༧༢༩ ལོར་སྡེ་དགེ་རྒྱལ་པོ་སྐུ་ཕྲེང་བཅུ་གཉིས་པ་ཆོས་ཀྱི་བསྟན་པ་ཚེ་རིང་གིས་བཙུགས་པ་ཡིན་ལ། སྡེ་དགེ་རྒྱལ་པོ་སྐུ་ཕྲེང ༣ དང་། ལོ་ངོ ༢༧ བརྒྱུད། མཐར་ཐོག་བརྩེགས་བཞི་ཅན་དང་། འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ ༥༤༥༠ ཡོད་པའི་དཔར་ཁང་ཞིག་ཏུ་གྲུབ་པ་རེད། བརྗིད་ཆགས་ལྷུན་གྱིས་གྲུབ་ཅིང་། གནའ་ཉམས་བབ་ཆགས་ལྡན་པའི་བོད་ལུགས་ཀྱི་འཛུགས་སྐྲུན་འདི་ནི། དཔར་ཤིང་འཇོག་ཁང་དང་། བཤམས་ས། བཀྲུ་ས། ལྷ་ཁང་བཅས་སུ་བགོས་ཡོད་ལ། མི་རིགས་ཀྱི་ཁྱད་ཆོས་མངོན་གསལ་ལྡན་པའི་དགོན་སྡེའི་འཛུགས་སྐྲུན་དང་འཇིམ་སྐུས་བོད་བརྒྱུད་ནང་བསྟན་གྱི་འཇིམ་སྐོས་སྒྱུ་རྩལ་གྱི་མཛེས་དཔྱོད་ལྟ་བ་དང་རྩེར་སོན་ལག་རྩལ་མངོན་མཚོན་བྱས་པ་དང་། སྨི་གྲུ་བཞི་མ་སྟོང་ལ་ཉེ་བའི་ཆོས་ཁང་ཕྱི་ནང་གི་གནའ་བོའི་ལྡེབས་རིས་ཀྱིས་ཀརྨ་བཀའ་རྒྱུད་ཀྱི་ཆེས་མཐོའི་སྒྱུ་རྩལ་གྲུབ་འབྲས་དང་ཁྱད་ཆོས་མངོན་པར་མཚོན་ཡོད།

 

དཔར་ཁང་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི “མིའི་རིགས་ཀྱི་དངོས་པོ་མ་ཡིན་པའི་རིག་གནས་ཤུལ་བཞག་དཔེ་མཚོན་མིང་ཐོ”རུ་བདམས་ཐོན་བྱུང་བའི“བོད་ཀྱི་ཤིང་བརྐོས་པར་འདེབས་ལག་རྩལ”བརྒྱུད་དར་བའི་བོད་ཀྱི་གནའ་གཞུང་དཔར་མ་ཁྲི ༣༢ ལྷག་དང་། དཔར་ཤིང་འབོར་ཆེན་ཡོད་པས་སྐད་གྲགས་ཆེན་པོ་རྒྱས་ཡོད། དེ་དག་གིས་བོད་ཀྱི་གནའ་གཞུང་གི་བརྒྱ་ཆའི ༧༠ ལྷག་ཟིན་འདུག་ལ།  ནང་དོན་གྱི་ཆ་ནས་བོད་བརྒྱུད་ནང་བསྟན་གྱི་གསུང་རབ་དང་། གསོ་རིག ཚད་མ། སྐར་རྩིས་སོགས་འདུས་ཡོད་པ་མ་ཟད། དཔེ་ཆ་བསྡུ་ཉར་བྱས་པའི་གྲངས་འབོར་དང་དཔེ་རིགས་ནི་རང་རྒྱལ་བོད་ཁུལ་གྱི་དཔར་ཁང་ཆེན་མོ་གསུམ་གྱི་ཐོག་མ་རུ་གྲགས། ཚེ་བཀྲ་ཡིས་བཤད་རྒྱུར། དཔར་ཁང་དུ་རུལ་འགོག་དང་གས་ཆགས་འགོག་ཅི་ཐུབ་བྱས་མཐར།  དཔར་ཤིང་དེ་དག་ལོ་ངོ ༣༠༠ ཙམ་འགོར་རུང་། འབུས་རྨུག་པ་དང་གཟུགས་འགྱུར་བ་སོགས་ཅི་ཡང་བྱུང་མེད་པར་སྔར་བཞིན་བདེ་བར་བཀོལ་ཆོག་ཟེར།

 

རྒྱལ་ཁབ་རིག་དངོས་ཅུའུ་གནའ་བོའི་འཛུགས་སྐྲུན་ཆེད་མཁས་ཚོགས་པ་དང་རིག་དངོས་སྲུང་སྐྱོབ་འཆར་འགོད་ཆེད་མཁས་ཚོགས་པའི་ཞིབ་འཇུག་པ་གཞོན་པ་ཀྲུའུ་ཞའོ་ནན་གྱིས་ངོ་སྤྲོད་བྱེད་རྒྱུར།  སྡེ་དགེ་དཔར་ཁང་ནི ༡༩༩༦ ལོའི་དུས་སུ་རྒྱལ་ཡོངས་ཀྱི་རིག་དངོས་སྲུང་སྐྱོབ་ལས་ཁུངས་གཙོ་བོའི་རིམ་པ་བཞི་བའི་གྲས་སུ་བཀོད་ཡོད།  ༢༠༠༣ ལོར།  སྐབས་དེའི་རྒྱལ་སྤྱིའི་གནའ་ཤུལ་སྲུང་སྐྱོབ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་རྒྱལ་ཁབ་རིག་དངོས་སྲུང་སྐྱོབ་ཅུའུ་འཛམ་གླིང་ཤུལ་བཞག་ཁྲུའུ་ཡི་ཁྲུའུ་ཀྲང་ཀའོ་ཀྲན་ཆེད་དུ་དཔར་ཁང་དུ་མཚམས་འདྲིར་ཕེབས་ལ།  ཁོ་ནི་ཕོ་བྲང་པོ་ཏ་ལ་འཛམ་གླིང་ཤུལ་བཞག་གྲས་སུ་བདེ་ལེགས་ངང་རེ་ཞུ་བྱེད་མཁན་ཡིན་པ་དང་།  སྡེ་དགེ་དཔར་ཁང་ནི་བོད་རིག་གནས་ཀྱི་ནོར་བུའི་བང་མཛོད་ཡིན་ལ།  འཛམ་གླིང་ཤུལ་བཞག་གྲས་སུ་ཚུད་པའི་ཆ་རྐྱེན་དང་ལྡན་པར་བཤད།

 

ཀྲུའུ་ཞའོ་ནན་གྱིསབཤད་རྒྱུར། ཀའོ་ཀྲན་གྱིས་བསམ་འཆར་བཏོན་མཐར། ཞིང་ཆེན་རིག་དངོས་ཅུའུ་ཡིས ༢༠༠༤ ལོའི་ལོ་མགོ་ནས་བཟུང་གནའ་རྫས་རྟོག་དཔྱོད་དང་། འཛུགས་སྐྲུན།  བོད་བརྒྱུད་ནང་བསྟན། མི་རིགས་ལོ་རྒྱུས་བཅས་ཐད་ཀྱི་ཆེད་མཁས་པ་རྩ་འཛུགས་བྱས་ཏེ་སྡེ་དགེར་འབྱོར་ལ། འཛམ་གླིང་ཤུལ་བཞག་གྲས་སུ་ཞུགས་པའི་རེ་ཞུ་ཡི་གེ་བྲིས། ཡིན་ཡང་། ༢༠༠༨ ལོའི་ལོ་མགོར་མ་ཡིག་ཙམ་བྲིས་ཚར་ཡོད་པའི་སྐབས་དེར། “5•12”ཝུན་ཁྲོན་ས་ཡོམ་ཆེན་མོ་བརྒྱབ་པས། ཞིང་ཆེན་རིག་དངོས་ཅུའུ་ནི་ས་ཡོམ་གྱི་གནོད་འགོག་ཉེན་སེལ་བྱ་བར་བྲེལ་བ་རེད། ད་ལོའི་ཟླ ༡༡ ཏུ། སྡེ་དགེ་དཔར་ཁང་འཛམ་གླིང་ཤུལ་བཞག་གྲས་སུ་རེ་ཞུ་བྱེད་པའི་ལས་ཡང་བསྐྱར་འགོ་ཚུགས་པ་དང་། ལོ ༧ གྱི་རྗེས་སུ། རེ་ཞུའི་བརྒྱུད་རིམ་སྔར་ལས་ཀྱང་ཁག་པོར་འགྱུར་སྲིད།

 

འཛམ་གླིང་ཤུལ་བཞག་ཨུ་ཡོན་ལྷན་ཚོགས་ཀྱིས་རེ་ཞུ་བྱེད་སྟངས་ལོ་གཉིས་ནང་གསར་བ་རེ་བརྗེ་བ་རེད། ༢༠༠༨ ལོ་ནས་ད་བར་དུ། རེ་ཞུ་བྱེད་སྟངས་སྔར་ཡོད་ཀྱི་དོན་ཚན ༩ ནས ༡༡ རུ་འཕར་འདུག ཀྲུའུ་ཞའོ་ནན་གྱིས་བཤད་རྒྱུར། རྒྱལ་ཁབ་མང་པོ་ཞིག་གིས་རེ་ཞུ་བྱེད་སྐབས། རེ་ཞུ་ཡི་གེ་ཚད་ལྡན་མིན་པས་ཕམ་ཁ་ཉེས་པ་རེད། དེ་བས། སྡེ་དགེ་དཔར་ཁང་གིས་རེ་ཞུ་ཡི་གེ་ངེས་པར་དུ་ཡང་བསྐྱར་འབྲི་དགོས་པ་མ་ཟད། ༢༠༠༠ ལོ་ནས་བཟུང་། རེ་ཞུ་བྱེད་མཁན་གྱི་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་པའི་ཆོད་སེམས་མཚོན་ཆེད། ངེས་པར་དུ་ཐོག་མར་འཛམ་གླིང་ཤུལ་བཞག་ཨུ་ཡོན་ལྷན་ཚོགས་ལ་སྲུང་སྐྱོབ་ཀྱི་འཆར་འགོད་སྤྲོད་དགོས་ལ། ཆེད་ལས་ལས་ཁུངས་ཀྱིས་གནས་ཚུལ་དངོས་ལ་བསྟུན་ཏེ་སྒྲིག་བཀོད་བྱ་དགོས། མཇུག་མཐར། རེ་ཞུ་བྱེད་མཁན་གྱིས་ཤུལ་བཞག་མཐའ་སྐོར་གྱི་མཐོང་ཚོར་ལ་བཀག་འགོག་བྱེད་པའི་འཛུགས་སྐྲུན་དང་ཁོར་ཡུག་ལེགས་སུ་བསྒྱུར་ཏེ།《ཀྲུང་གོའི་འཛམ་གླིང་རིག་གནས་ཤུལ་བཞག་འདེམ་བཀོད་མིང་ཐོ》རུ་ཚུད་པར་བརྩོན་ལེན་བྱེད་དགོས།

 

གསར་འགོད་པས་རྒྱུས་ལོན་བྱས་པ་ལྟར་ན། 《ཀྲུང་གོའི་འཛམ་གླིང་རིག་གནས་ཤུལ་བཞག་འདེམ་བཀོད་མིང་ཐོ》རུ་རིག་གནས་ཤུལ་བཞག་རྣམ་གྲངས་ཐད་ཚད་གཞི་ཆེན་པོ ༦ གཏན་འཁེལ་བྱས་ཡོད་ལ།  མིང་ཐོར་འགོད་པར་ཉུང་མཐར་ཡང་ཚད་གཞི་གཅིག་དང་འཚམ་དགོས་པ། དཔེར་ན། ཁྱད་འཕགས་ཀྱི་སྒྱུ་རྩལ་གྲུབ་འབྲས་ཤིག་གི་ཚབ་བྱེད་ཐུབ་པ་དང་། གསར་གཏོད་རང་བཞིན་ལྡན་པའི་མཛད་པ་ཕུལ་བྱུང་ཅན་ཡིན་པ། ཡལ་མེད་དུ་གྱུར་བའི་དཔལ་ཡོན་རིགས་ཤིག་དང་ཡང་ན་རིག་གནས་སྲོལ་རྒྱུན་ཐད་ཁྱད་འཕགས་དང་དམིགས་བསལ་གྱི་བདེན་དཔང་མཁོ་སྤྲོད་བྱེད་ཐུབ་པ་ཅན་ཞིག་བཅས་ཡིན་དགོས།  སྡེ་དགེ་རྒྱལ་བོའི་ཁྱིམ་རྒྱུད་གནའ་ནས་ཡལ་བར་གྱུར་ཡོད་མོད། ཡིན་ཡང་བོད་ཀྱི་རིག་གནས་བརྒྱུད་སྤེལ་བྱེད་པའི་དཔར་ཁང་གིས་དཔར་ཤིང་འབོར་ཆེན་དང་སྔར་བཞིན་བཀོལ་སྤྱོད་བྱེད་བཞིན་པའི་ལག་རྩལ་གྱིས་བོད་ཀྱི་སྲོལ་རྒྱུན་རིག་གནས་མུ་ནས་མུར་བརྒྱུད་སྤྲོད་བྱེད་བཞིན་ཡོད། ཞིང་ཆེན་རིག་དངོས་ཅུའུ་ཡི་འབྲེལ་ཡོད་འགན་ལེན་མི་སྣས་བཤད་རྒྱུར། ད་ལྟ་ལས་སྒྲུབ་བྱེད་དུས།  རེ་ཞུ་ཡི་གེའི་ཁྲོད་ངེས་པར་དུ་སྡེ་དགེ་དཔར་ཁང་གི་རིན་ཐང་འདི་དག་མངོན་མཚོན་བྱས་ཏེ། འདེམ་བཀོད་མིང་ཐོར་འགོད་པར་ནུས་ཤུགས་ཡོད་རྒུས་བརྩོན་ལེན་བྱེད་དགོས་ཟེར།

 

ཁ་བྱང་ཕྱི་མོ། སྡེ་དགེ་དཔར་ཁང་འཛམ་གླིང་ཤུལ་བཞག་གྲས་སུ་རེ་ཞུ་བྱས།

(རྩོམ་འགན་པ། དབང་འདུས།)

བསམ་ཚུལ་འབྲི།

Click here to cancel reply.

' རྩོམ་འོག་མ། བོད་ཀྱི་ལྷ་རྗེ་སྐུ་བགྲེས་རྣམས་ལ་བཀའ་འདྲི་འགའ་ཞིག

འབྲེལ་ཡོད་ཀྱི་རྩོམ་གཞན།

  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་དབུས་རྒྱུན་སྐབས་ ༣ པའི་ལོ་འཁོར་༣ གྱི་ལས་བསྡོམས་སྙིང་བསྡུས།
  • ཨ་ཧྥི་ཏབ་ཀརྨ་སིང་པུ་རེ་ཝལ་ (Aftab Karma Singh Pureval) ལགས་ཨ་རིའི་གྲོང་ཁྱེར་སིན་སི་ན་ཊི་( Cincinnati) ཡི་སྤྱི་ཁྱབ་གྲོང་ཁྱེར་དཔོན་པོའི་གོ་གནས་ཀྱི་རྒྱལ་ཁ་ཐོབ་པ།
  • བོད་ཕྲུག་༢༧་ལ་སྲིད་སྐྱོང་གི་སློབ་ཡོན་གཟེངས་རྟགས་ཐོབ་པའི་ནང་རང་རེ་སྡེ་དགེ་བའི་སློབ་མ་གཅིག་ཡོད་པ་རེད།
  • དབུས་རྒྱུན་སྐབས་གསུམ་པའི་ཚོགས་ཐེངས་གཉིས་པ་དེ་བསྐོང་ཚོགས་གནང་

ཁྱབ་བསྒྲགས། མང་ ...
    Advertisement
འབྲེལ་མཐུད།
Advertisement
Advertisement
Advertisement
Advertisement
ངོ་དེབ།











  • ཁམས་པའི་དྲ་བ།
  • སྡེ་དགེའི་པར་ཁང་།
  • བོད་ཀྱི་བང་ཆེན།
  • བོད་ཀྱི་དུས་བབ།
  • རྒྱལ་བ་རིན་པོ་ཆེ།
  • ཆུ་སྒང་དྲ་བ།
  • བོད་ཀྱི་ཆ་འཕྲིན།
  • ཨ་རིའི་བརྙན་འཕྲིན།
  • བོད་ཀྱི་གཞས་ཚིག་དྲ་བ།་
  • དྲི་བ་དྲིས་ལན་དྲ་བ།
  • བོད་ཀྱི་འཕྲུལ་དེབ་དྲ་བ།
  • སམ་བྷོ་ཏྲ་དྲ་བ།།
  • འོད་ཟེར་དྲ་བ།
  • བོད་གཞུང་དྲ་བ།
  • སེང་རྡོར་དྲ་བ།།
  • སྨོན་ལམ་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • སྐར་ཁུང་དྲ་བ།
  • གེ་སར་རིག་གནས་དྲ་བ།
  • ཕ་ཡུལ་དྲ་བ།
  • སྤྱི་འཐུས་དྲ་བ།
  • འཛི་སྒར་དྲ་བ།
  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་།
  • © 2020 Dege Gyalyong welfare Society
  • House # D-44, New Tibetan Camp. New Aruna Nagar, Majnu-ka-tilla, Delhi-110054, India.
  • E-mail: [email protected] Tel. 01123815056 Mb: +9717153449

བཟོ་སྐྲུན་པ། བསྟན་འཛིན་ཆོས་གྲགས།