English

  • མདུན་ངོས།
  • རྒྱལ་རབས།
  • ལོ་རྒྱུས།
    • ལུང་ཚན།
    • གནས་རི།
    • བྲག་ནགས་མཚོ།
    • སྣ་ཚོགས།
  • དགོན་སྡེ།
    • སྡེ་དགེའི་དབུ་ཁག་ལྔ།
    • གཡུང་དྲུང་བོན།
    • སྔ་འགྱུར་རྙིང་མ།
    • རྒྱལ་བ་བཀའ་བརྒྱུད།
    • དཔལ་ལྡན་ས་སྐྱ།
    • རི་བོ་དགེ་ལུགས།
  • པར་ཁང།
  • མི་སྣ།
    • སྐྱེས་ཆེན་དམ་པ།
    • ཤེས་ལྡན་མཁས་པ།
    • རླབས་ཆེན་མི་སྣ།
    • རྩོམ་པ་པོ།
    • ལྷ་པ།
    • སྒྲུང་པ།
    • གཞས་པ་གཞས་མ།
    • གྲགས་ཅན་མི་སྣ་གཞན།
  • ཆས་གོས།
    • རྒྱལ་བློན།
    • ཕོ་ཆས།
    • མོ་ཆས།
  • ཡུལ་སྲོལ།
    • བཟང་ངན་བརྩི་སྲོལ།
    • འབྲོག་པ།
    • རོང་པ།
    • རོང་མ་འབྲོག
    • ཡུལ་སྲོལ་ཁག་ཅིག
    • དུས་ཆེན།
  • ལས་འགུལ།
  • ལག་ཤེས།
    • ལྷ་བཟོ།
    • པར་བརྐོས།
    • མགར་བ།
    • རྫ་བཟོ།
    • ཤོག་བུ་བཟོ་བ།
    • ཤིང་བཟོ་བ།
    • འཚེམ་བཟོ།
    • སྤུ་རིགས་བཟོ་བ།
  • གླུ་གཞས།
    • སྡེ་དགེའི་བྲོ་ཆེན།
    • མགུར་མོ།
    • གླུའི་རིགས།
    • གླིང་བྲོ།
    • ཁེད་(གབ་ཚིག)
    • གཏམ་དཔེ།
  • ངོ་སྤྲོད།

སྡུག་བསྔལ་གྱིས་བཟོད་ཐབས་མི་འདུག་ཅེས་རང་སྲོག་བཅད་འདུག

འདོན་སྤེལ། 2016/08/9 4:10 AM རྩོམ་པ་པོ།

གསེར་རྟ་བླ་རུང་སྒར་དུ་རྒྱ་ནག་གཞུང་གིས་སྔ་ཕྱིར་སུན་བཙིར་བྱས་དང་བྱེད་བཞིན་པའི་སྡུག་བསྔལ་གྱིས་མ་བཟོད་པར་བླ་རུང་སྒར་གྱི་བཙུན་མ་རིག་འཛིན་སྒྲོལ་མ་ཞུ་བ་ཞིག་གིས་རང་སྲོག་བཅད་ཡོད་འདུག
དེ་ཡང་ཉེ་ཆར་སྤྱི་ཟླ་བདུན་པའི་ཚེས་༢༠་ཉིན་ནས་འགོ་བཙུགས་ཏེ་རྒྱ་ནག་གཞུང་གི་བཀོད་ཁྱབ་འོག་དམག་མི་དང་ལས་ཀ་བྱེད་མི་སོགས་ཀྱིས་འཕྲུལ་ཆས་བཏང་ཡོང་སྟེ། གསེར་རྟ་བླ་རུང་སྒར་པདྨ་མཁའ་འགྲོའི་འདུ་གླིང་གི་ཉེ་འཁྲིས་ཀྱི་རྒྱུན་སྡོད་སློབ་གཉེར་བ་གྲྭ་བཙུན་ཚོའི་སྡོད་ཤག་བཙན་དབང་གིས་གཏོར་བཤིག་གཏོང་འགོ་བཙུགས་ཡོད་ཅིང་། ཚེས་ ༢༠ ཐམ་པའི་གོང་ཏག་ཏག་དེར་གསེར་རྟ་བླ་རུང་སྒར་གྱི་བཙུན་མ་རིག་འཛིན་སྒྲོལ་མ་ཞུ་བ་ཞིག་གིས་རང་ཉིད་ཀྱི་སྐེ་ལ་ཐག་པ་བརྒྱབ་ནས་རང་སྲོག་བཅད་ཡོད་འདུག
ཁོ་མོས་ཁ་ཆེམས་ཡི་གེ་ཞིག་དང་སྒོར་མོ་ཁ་ཤས་ཤུལ་དུ་བཞག་ཡོད་ཅིང་། ཁ་ཆེམས་ཡི་གེ་དེའི་ནང་། བླ་རུང་སྒར་དུ་སློབ་གཉེར་བྱེད་པ་ལ་སྔ་ཕྱིར་རྒྱ་ནག་གཞུང་གིས་སུན་བཙིར་ཚད་མེད་བཟོ་བཞིན་པར་བརྟེན་སེམས་ལ་སྡུག་བསྔལ་ཀྱིས་བཟོད་ཐབས་མི་འདུག ཁོ་མོ་འདས་ཚར་པའི་རྗེས་སུ་ཤུལ་བཞག་གི་སྒོར་མོ་འགའ་ཡོད་པ་དགོན་པར་འབུལ་རོགས་ཞེས་བྲིས་ཡོད་འདུག
རིག་འཛིན་སྒྲོལ་མ་ལགས་ནི་བླ་རུང་སྒར་དུ་རྒྱུན་སྡོད་སློབ་གཉེར་བ་ཞིག་ཡིན་ཞིང་། སྐྱེས་ཡུལ་བོད་སྡེ་དགེ་ཕྱོགས་ནས་ཡིན་འདུག
དེ་མིན་ཡང་བླ་རུང་སྒར་དུ་གྲྭ་ཤག་གཏོར་བཤིག་བྱས་དང་བྱེད་བཞིན་པར། རྒྱ་ནག་གཞུང་གིས་གཏོར་ཟིན་པའི་གྲྭ་ཤག་རེ་རེར་རྒྱ་སྒོར་ཁྲི་གཉིས་མ་ཟིན་ཙམ་རེ་གུན་གསབ་ཀྱི་ཚུལ་དུ་སློབ་གཉེར་བ་ཚོར་སྤྲད་ཡོད་འདུག་ལ། ད་དུང་དེའི་སྟེང་ལ་སྒར་གྱི་ངོས་ནས་ཀྱང་དཔལ་འབྱོར་ཅུང་ཙམ་ཞིག་རོགས་རམ་བྱས་ཡོད་འདུག ད་ལྟའི་ཆར་གྲྭ་ཤག་གཏོར་ཟིན་ནས་སྡོད་ས་རྩ་བ་ནས་མེད་མཁན་རྣམས་གནས་སྐབས་རིང་སོ་སོའི་ཆོས་གྲོགས་ཀྱི་གྲྭ་ཤག་དུ་མཉམ་སྡོད་བྱས་ནས་སློབ་གཉེར་མུ་མཐུད་དུ་བྱེད་བཞིན་ཡོད་འདུག།
གསར་འགོད་པ་གུ་རུ་ཆོས་སྐྱིད། ཡོང་ཁུངས། ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་།

བསམ་ཚུལ་འབྲི།

Click here to cancel reply.

' རྩོམ་འོག་མ། སྡེ་དགེ་ཧོར་པོའི་སྲོལ་རྒྱུན་མགར་བཟོའི་ལག་ཤེས་སྐོར།

འབྲེལ་ཡོད་ཀྱི་རྩོམ་གཞན།

  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་དབུས་རྒྱུན་སྐབས་ ༣ པའི་ལོ་འཁོར་༣ གྱི་ལས་བསྡོམས་སྙིང་བསྡུས།
  • ཨ་ཧྥི་ཏབ་ཀརྨ་སིང་པུ་རེ་ཝལ་ (Aftab Karma Singh Pureval) ལགས་ཨ་རིའི་གྲོང་ཁྱེར་སིན་སི་ན་ཊི་( Cincinnati) ཡི་སྤྱི་ཁྱབ་གྲོང་ཁྱེར་དཔོན་པོའི་གོ་གནས་ཀྱི་རྒྱལ་ཁ་ཐོབ་པ།
  • བོད་ཕྲུག་༢༧་ལ་སྲིད་སྐྱོང་གི་སློབ་ཡོན་གཟེངས་རྟགས་ཐོབ་པའི་ནང་རང་རེ་སྡེ་དགེ་བའི་སློབ་མ་གཅིག་ཡོད་པ་རེད།
  • དབུས་རྒྱུན་སྐབས་གསུམ་པའི་ཚོགས་ཐེངས་གཉིས་པ་དེ་བསྐོང་ཚོགས་གནང་
  • ལོ་གསར་པའི་འཚམ་འདྲི་བཀྲ་ཤིས་བདེ་ལེགས།

ཁྱབ་བསྒྲགས། མང་ ...
    Advertisement
འབྲེལ་མཐུད།
Advertisement
Advertisement
Advertisement
Advertisement
ངོ་དེབ།











  • ཁམས་པའི་དྲ་བ།
  • སྡེ་དགེའི་པར་ཁང་།
  • བོད་ཀྱི་བང་ཆེན།
  • བོད་ཀྱི་དུས་བབ།
  • རྒྱལ་བ་རིན་པོ་ཆེ།
  • ཆུ་སྒང་དྲ་བ།
  • བོད་ཀྱི་ཆ་འཕྲིན།
  • ཨ་རིའི་བརྙན་འཕྲིན།
  • བོད་ཀྱི་གཞས་ཚིག་དྲ་བ།་
  • དྲི་བ་དྲིས་ལན་དྲ་བ།
  • བོད་ཀྱི་འཕྲུལ་དེབ་དྲ་བ།
  • སམ་བྷོ་ཏྲ་དྲ་བ།།
  • འོད་ཟེར་དྲ་བ།
  • བོད་གཞུང་དྲ་བ།
  • སེང་རྡོར་དྲ་བ།།
  • སྨོན་ལམ་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • སྐར་ཁུང་དྲ་བ།
  • གེ་སར་རིག་གནས་དྲ་བ།
  • ཕ་ཡུལ་དྲ་བ།
  • སྤྱི་འཐུས་དྲ་བ།
  • འཛི་སྒར་དྲ་བ།
  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་།
  • © 2020 Dege Gyalyong welfare Society
  • House # D-44, New Tibetan Camp. New Aruna Nagar, Majnu-ka-tilla, Delhi-110054, India.
  • E-mail: [email protected] Tel. 01123815056 Mb: +9717153449

བཟོ་སྐྲུན་པ། བསྟན་འཛིན་ཆོས་གྲགས།