སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་ ༧ པར་འཚམས་འཕྲིན།
༄༅། །གངས་ལྗོངས་རྒྱལ་བསྟན་ཡོངས་རྫོགས་ཀྱི་ཕྱི་མོ་ཁྱད་ཆོས་ཆེ་བ་དྲུག་གིས་མངོན་པར་མཐོ་བའི་གསང་ཆེན་སྔ་འགྱུར་རྙིང་མ་པའི་དབུ་འཛིན་ཁྲི་རབས་བདུན་པ་གང་ཉིད་དང་སྔ་འགྱུར་སྨོན་ལམ་ཆེན་མོའི་རྒྱུན་ལས་རིན་པོ་ཆེ་བཅས་ལ་སྒོ་གསུམ་གུས་པ་ཆེན་པོས་ཆེད་ཞུ།
དེའང་ཨོ་རྒྱན་མ་ཧཱ་གུ་རུའི་རྒྱལ་ཚབ་སྔ་འགྱུར་བསྟན་པ་རྒྱ་མཚོའི་དབུ་འཛིན་གྱི་ཁྲི་རབས་གསེར་གྱི་རི་རྒྱལ་ལྷུན་པོ་དག་རེ་ཞིག་ཡལ་བ་ལྟ་བུའི་ཡིད་སྐྱོའི་གནས་ཚུལ་བྱུང་མོད། ཉེ་ཆར་རྙིང་མའི་སྨོན་ལམ་ཆེན་མོའི་སྐབས་སྐྱེས་ཆེན་ཁག་དང་གནད་ཡོད་མི་སྣ་ཚོའི་ཐུགས་བསྐྱེད་གསེར་གྱི་ཡང་ཞུན་གཅིག་ཏུ་བསྡུས་ཏེ་འབྱུང་འགྱུར་གྱི་སྔ་འགྱུར་རྙིང་མའི་དབུ་འཛིན་གྱི་ཐུགས་བཀོད་ལེགས་གྲུབ་གནང་འདུག་པར་བསྔགས་བརྗོད་ཞུ་བ་དང་།
ཁྱད་པར་དུ་ད་ཐེངས་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་བདུན་པ་རུ་༧སྐྱབས་རྗེ་༧ཀཿཐོག་དགེ་རྩེ་རིན་པོ་ཆེ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་ཞལ་བཞེས་གནང་འདུག་པར་དགའ་བ་ཚད་མེད་དང་བཅས། སྔ་འགྱུར་རྙིང་མའི་དབུ་འཛིན་གྱི་གསེར་ཁྲི་མངའ་གསོལ་ཞུ་བཞིན་པར་གཞིས་བྱེས་སྡེ་དགེ་བ་ཡོངས་ཀྱི་ཚབ་ཞུས་ཏེ་རབ་དཀར་ལྷ་རེག་གིས་སྣེ་དྲངས་ནས་སྐུ་ཐང་སྤུས་ལྡན་ཞིག་དང་བཅས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་བཞིན་ཡོད།
སླད་ཆར་ཐེག་པའི་ཡངས་རྩེ་གསང་ཆེན་སྔ་འགྱུར་རྙིང་མ་པའི་བསྟན་པ་རིན་པོ་ཆེ་འདི་ཉིད་དར་ཞིང་རྒྱས་པ་དང་། དེ་འཛིན་ཡོངས་ཀྱི་གཙུག་རྒྱན་དབུ་འཛིན་ཁྲི་རབས་བདུན་པ་གང་ཉིད་ཀྱིས་གཙོས་བསྟན་འཛིན་གྱི་སྐྱེས་ཆེན་ཁག་སྐུ་ཚེ་ཡུན་དུ་བརྟན་པའི་སྨོན་འདུན་ཁྲི་ཁྲག་དང་བཅས་གུས་སྐྱབས་འོག་པ་སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་ཕྱི་ལོ་ ༢༠༡༨་༡་༢༥ ཉིན།
བསམ་ཚུལ་འབྲི།
འབྲེལ་ཡོད་ཀྱི་རྩོམ་གཞན།
- སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་དབུས་རྒྱུན་སྐབས་ ༣ པའི་ལོ་འཁོར་༣ གྱི་ལས་བསྡོམས་སྙིང་བསྡུས།
- ཨ་ཧྥི་ཏབ་ཀརྨ་སིང་པུ་རེ་ཝལ་ (Aftab Karma Singh Pureval) ལགས་ཨ་རིའི་གྲོང་ཁྱེར་སིན་སི་ན་ཊི་( Cincinnati) ཡི་སྤྱི་ཁྱབ་གྲོང་ཁྱེར་དཔོན་པོའི་གོ་གནས་ཀྱི་རྒྱལ་ཁ་ཐོབ་པ།
- བོད་ཕྲུག་༢༧་ལ་སྲིད་སྐྱོང་གི་སློབ་ཡོན་གཟེངས་རྟགས་ཐོབ་པའི་ནང་རང་རེ་སྡེ་དགེ་བའི་སློབ་མ་གཅིག་ཡོད་པ་རེད།
- ཞེ་ཆེན་དགོན་བསྟན་གཉིས་དར་རྒྱས་གླིང་གི་ངོ་སྤྲོད་མདོར་བསྡུས།
- དབུས་རྒྱུན་སྐབས་གསུམ་པའི་ཚོགས་ཐེངས་གཉིས་པ་དེ་བསྐོང་ཚོགས་གནང་