English

  • མདུན་ངོས།
  • རྒྱལ་རབས།
  • ལོ་རྒྱུས།
    • ལུང་ཚན།
    • གནས་རི།
    • བྲག་ནགས་མཚོ།
    • སྣ་ཚོགས།
  • དགོན་སྡེ།
    • སྡེ་དགེའི་དབུ་ཁག་ལྔ།
    • གཡུང་དྲུང་བོན།
    • སྔ་འགྱུར་རྙིང་མ།
    • རྒྱལ་བ་བཀའ་བརྒྱུད།
    • དཔལ་ལྡན་ས་སྐྱ།
    • རི་བོ་དགེ་ལུགས།
  • པར་ཁང།
  • མི་སྣ།
    • སྐྱེས་ཆེན་དམ་པ།
    • ཤེས་ལྡན་མཁས་པ།
    • རླབས་ཆེན་མི་སྣ།
    • རྩོམ་པ་པོ།
    • ལྷ་པ།
    • སྒྲུང་པ།
    • གཞས་པ་གཞས་མ།
    • གྲགས་ཅན་མི་སྣ་གཞན།
  • ཆས་གོས།
    • རྒྱལ་བློན།
    • ཕོ་ཆས།
    • མོ་ཆས།
  • ཡུལ་སྲོལ།
    • བཟང་ངན་བརྩི་སྲོལ།
    • འབྲོག་པ།
    • རོང་པ།
    • རོང་མ་འབྲོག
    • ཡུལ་སྲོལ་ཁག་ཅིག
    • དུས་ཆེན།
  • ལས་འགུལ།
  • ལག་ཤེས།
    • ལྷ་བཟོ།
    • པར་བརྐོས།
    • མགར་བ།
    • རྫ་བཟོ།
    • ཤོག་བུ་བཟོ་བ།
    • ཤིང་བཟོ་བ།
    • འཚེམ་བཟོ།
    • སྤུ་རིགས་བཟོ་བ།
  • གླུ་གཞས།
    • སྡེ་དགེའི་བྲོ་ཆེན།
    • མགུར་མོ།
    • གླུའི་རིགས།
    • གླིང་བྲོ།
    • ཁེད་(གབ་ཚིག)
    • གཏམ་དཔེ།
  • ངོ་སྤྲོད།

སྒྱུ་རྩལ་བ་སྡེ་དགེ་ཟླ་བ་སྒྲོལ་མས་གཟེངས་རྟགས་བླངས་པ།

འདོན་སྤེལ། 2014/08/26 5:43 PM རྩོམ་པ་པོ།

10637896_909461479069371_1926244608_nསྒྱུ་རྩལ་བ་སྡེ་དགེ་ཟླ་བ་སྒྲོལ་མ་ནི། ཁམས་སྡེ་དགེ་སྨན་ཤོད་དུ་སྐྱེས་ཤིང་། ལོ་ན་བཅུ་ཙམ་གྱི་སྐབས་སུ་ཁོ་མོར་ན་ཚ་ཐུ་མོ་ཞིག་ཕོག་ཏེ། རང་གི་ཨ་ཕ་དང་མཉམ་དུ་རྒྱ་ནག་ཏུ་སྨན་བཅོས་ཆེད་དུ་སོང་། སྐབས་དེར་ཁོང་ཕ་བུ་གཉིས་ལ་རྒྱ་ཡིག་འབྲི་ཀློག་གི་ཤེས་ཚད་གཏན་ནས་མེད་པས། ཐོག་མ་སྨན་ཁང་དང་སྨན་པ་མ་རྙེད་ནས་རྒྱ་ལམ་དཀྱིལ་དུ་དུས་ཡུན་རིང་པོ་ཅི་བྱ་གཏོལ་མེད་ངང་ལུས། རྗེས་སུ་ཟླ་བ་དྲུག་རིང་སྨན་ཁང་དུ་བསྡད་ནས་ནད་ལས་གྲོལ་ཏེ་རང་ཁྱིམ་དུ་ལོག དཀའ་སྡུག་དེའི་ཁྲོད་ནས་ཁོ་མོས་ཤེས་ཡོན་གྱི་རིན་ཐང་དེ་རྙེད་དེ་སློབ་གྲྭར་འགྲིམ་མགོ་བརྩམས། ཁོ་མོའི་ལྷན་སྐྱེས་ཀྱི་རྣམ་རིག་དང་། དཀའ་སྡུག་གིས་འབད་བརྩོན་བྱས་པར་བརྒྱུད་སྡེ་དགེ་རྫོང་གི་སློབ་ཆུང་འཛིན་རིམ་དག་ལོ་གཉིས་ཀྱིས་མཐར་ཕྱིན་ཐུབ་པ་བྱུང་། དེ་ནས་སློབ་འབྲིང་ལོ་གསུམ་སོང་རྗེས། ཕྱི་ལོ་༢༠༠༧ ལོར་”མཚོ་སྔོན་ཟི་ལིང་ཚད་ལྡན་དབྱིན་ཡིག་སྦྱང་བསྡར་ལས་རིམ་གཙུག་ལག་སློབ་གཉེར་ཁང་”(Qinghai normal university( ETP) English Training Program) དུ་ལོ་བཞིའི་ཆ་ཚད་ཀྱི་སློབ་གཉེར་འགོ་བརྩམས་ཡང་། ༢༠༠༩ ལོར་སློབ་གྲྭ་དེ་སྒོ་བརྒྱབ་ཤོར། དེ་ནས་ཁོང་མོར་སློབ་མ་མ་ཡིན་པའི་མིང་ཐོག་ནས་སློབ་ཁྲིད་ཟུར་ཉན་བྱེད་ཆོག་བའི་གོ་སྐབས་ཤིག་ཐོབ་སྟེ་སློབ་སྦྱོང་བྱས་ཤིང་། 10637711_909444305737755_1771517830_nདེ་དང་དུས་མཚུངས་སུ་དགེ་རྒན་གྱི་ཕྱག་རོགས་དང་། ཞིབ་འཇུག པར་པ། ཡུལ་སྐོར་སྤྲོ་འཆམ་སྣེ་ཤན་པ་སོགས་ཀྱི་ཕྱག་ལས་རིམ་པ་གནང་། ཡང་དེ་དག་གི་ཞོར་དུ་ཁོ་མོས་ཕ་ཡུལ་སྡེ་དགེའི་ཡུལ་གྱི་སྲོལ་རྒྱུན་རིག་གནས་ལ་གཞས་དང་། མགུར་མོ་སོགས་བོད་དབྱིན་གཉིས་སུ་ཕབ་བསྒྱུར་བྱས་ཏེ་པར་རིས་དང་བཅས་པའི་”སྨན་ཤོད་ལུང་པའི་ལྷིང་འཇགས་ཀྱི་གླུ་སྒྲ”(silence in the valley of songs)ཞེས་པའི་དེབ་ཅིག་ ༢༠༡༢ ལོར་དཔར་བསྐྲུན་དང་འགྲེམས་སྤེལ་བྱས། 10647695_909461535736032_770166442_nདེ་དང་དུས་མཚུངས་ ༢༠༡༡ ལོར་”འཇིམ་བཟོའི་གློག་བརྙན་”(clay sculpture image of sman) ཞེས་པའི་ནང་པའི་འཇིམ་བཟོ་སྐུའི་འདྲ་བཟོ་སྟངས་སྐོར་གྱི་གློག་བརྙན་ཞིག་བཟོས་ནས། རྒྱ་ནག་རྒྱལ་ས་པེ་ཅིང་དུ་ཕྱི་ལོ་༢༠༡༢ ལོའི་”རྒྱལ་སྤྱིའི་སློབ་མའི་ལག་རྩལ་གློག་བརྙན་འགྲན་བསྡུར་” International crafts film contest for students in year, 2012)ཞེས་པར་ཞུགས་ཏེ་ཨང་རིམ་དང་པོའི་བྱ་དགའི་གཟེངས་རྟགས་ཐོབ། ཕྱི་ལོ་ ༢༠༡༣ ལོར་ཨ་རིའི་གཙུག་ལག་སློབ་གྲྭ་(Bay Path University) རུ་ཚུད་རྒྱུགས་བཏང་ནས་སློབ་ཡོན་ཐོབ་པ་ལྟར་དེང་སང་ཁོ་མོས་ཨ་རིར་དཔལ་འབྱོར་རིག་པའི་སྐོར་སློབ་གཉེར་གནང་བཞིན་པ་རེད། ཕྱོགས་སྒྲིག་པ། དོན་འགྲུབ་སྒྲོལ་མ། སྡེ་དགེ་ཟླ་བ་སྒྲོལ་མའི་གློག་བརྙན་དང་ཁོ་མོར་བཅར་འདྲི་བྱས་པ་ཆ་ཚང་འདི་ནས་གསན་གཟིགས་ཐུབ།

3 Responses

  1. འདན་གཡུ་སྲས། says:
    September 5, 2014 at 8:31 am

    བསམ་ཚུལ་ཞིག་འགོད་ཐབས་ཆེད་འདི་རུ་ཡོང་ཡོད།
    ཇི་ལྟར་བྱ་དགོས་མིན་དེ་ལས་མ་ཤེས།

    Reply
    • Chamra Drimey Gyaltsen says:
      September 6, 2014 at 3:39 pm

      འདན་གཡུ་སྲས་ལགས། མཆན་བུ་འདོགས་སྟངས་ཁྱེད་ཀྱིས་གོང་དུ་བཏགས་པ་ལྟར་ཡིན། འོན་ཀྱང་མཆན་བུ་རྣམས་འདི་ནས་དཔྱད་ཞིབ་གྲུབ་རྗེས་མ་གཏོགས་ལམ་སང་འཆར་མི་ཐུབ།

      Reply
  2. ཁྲིཿའགྱུར་མེད་རྡོ་རྗེ། says:
    September 5, 2014 at 1:29 pm

    གཏམ་བཟང་འདི་ཐོས་པ་ཧ་ཅང་དགའ་ཚོར་ཆེན་པོ་བྱུང་།

    Reply

བསམ་ཚུལ་འབྲི།

Click here to cancel reply.

' རྩོམ་འོག་མ། སུད་སི་ནས་སྡེ་དགེ་འདན་མའི་ཆེད་ངོ་རྒོལ་སྐད་འབོད།

འབྲེལ་ཡོད་ཀྱི་རྩོམ་གཞན།

  • སྡེ་དགེ་ཆོས་རྒྱལ་ཆེན་པོའི་བཀའི་མདུན་ན་འདོན་གྱང་ཁང་དགེ་སྟོབས་ལགས་ཀྱི་ལོ་རྒྱུས།
  • བོད་ཀྱི་སྒྲུང་ཞེས་པའི་པར་རིས་འགེྲམས་སྟོན།
  • གླིང་གི་དཔའ་བརྟུལ་སུམ་ཅུའི་གདུང་འབུམ་ལོ་རྒྱུས།
  • འཇིམ་བཟོ་བ་སྡེ་དགེ་ཨ་ཆུང་གིས་ཁྱད་འཕགས་གསེར་གྱི་རྟགས་མ་བླངས་པ།།
  • ཡིད་ལྷུང་དཔོན་རྒྱུད་ཀྱི་བྱུང་རབས་པདྨ་དཀར་པོའི་ཕྲེང་བ།

ཁྱབ་བསྒྲགས། མང་ ...
    Advertisement
འབྲེལ་མཐུད།
Advertisement
Advertisement
Advertisement
Advertisement
ངོ་དེབ།











  • ཁམས་པའི་དྲ་བ།
  • སྡེ་དགེའི་པར་ཁང་།
  • བོད་ཀྱི་བང་ཆེན།
  • བོད་ཀྱི་དུས་བབ།
  • རྒྱལ་བ་རིན་པོ་ཆེ།
  • ཆུ་སྒང་དྲ་བ།
  • བོད་ཀྱི་ཆ་འཕྲིན།
  • ཨ་རིའི་བརྙན་འཕྲིན།
  • བོད་ཀྱི་གཞས་ཚིག་དྲ་བ།་
  • དྲི་བ་དྲིས་ལན་དྲ་བ།
  • བོད་ཀྱི་འཕྲུལ་དེབ་དྲ་བ།
  • སམ་བྷོ་ཏྲ་དྲ་བ།།
  • འོད་ཟེར་དྲ་བ།
  • བོད་གཞུང་དྲ་བ།
  • སེང་རྡོར་དྲ་བ།།
  • སྨོན་ལམ་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • སྐར་ཁུང་དྲ་བ།
  • གེ་སར་རིག་གནས་དྲ་བ།
  • ཕ་ཡུལ་དྲ་བ།
  • སྤྱི་འཐུས་དྲ་བ།
  • འཛི་སྒར་དྲ་བ།
  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་།
  • © 2020 Dege Gyalyong welfare Society
  • House # D-44, New Tibetan Camp. New Aruna Nagar, Majnu-ka-tilla, Delhi-110054, India.
  • E-mail: [email protected] Tel. 01123815056 Mb: +9717153449

བཟོ་སྐྲུན་པ། བསྟན་འཛིན་ཆོས་གྲགས།