English

  • མདུན་ངོས།
  • རྒྱལ་རབས།
  • ལོ་རྒྱུས།
    • ལུང་ཚན།
    • གནས་རི།
    • བྲག་ནགས་མཚོ།
    • སྣ་ཚོགས།
  • དགོན་སྡེ།
    • སྡེ་དགེའི་དབུ་ཁག་ལྔ།
    • གཡུང་དྲུང་བོན།
    • སྔ་འགྱུར་རྙིང་མ།
    • རྒྱལ་བ་བཀའ་བརྒྱུད།
    • དཔལ་ལྡན་ས་སྐྱ།
    • རི་བོ་དགེ་ལུགས།
  • པར་ཁང།
  • མི་སྣ།
    • སྐྱེས་ཆེན་དམ་པ།
    • ཤེས་ལྡན་མཁས་པ།
    • རླབས་ཆེན་མི་སྣ།
    • རྩོམ་པ་པོ།
    • ལྷ་པ།
    • སྒྲུང་པ།
    • གཞས་པ་གཞས་མ།
    • གྲགས་ཅན་མི་སྣ་གཞན།
  • ཆས་གོས།
    • རྒྱལ་བློན།
    • ཕོ་ཆས།
    • མོ་ཆས།
  • ཡུལ་སྲོལ།
    • བཟང་ངན་བརྩི་སྲོལ།
    • འབྲོག་པ།
    • རོང་པ།
    • རོང་མ་འབྲོག
    • ཡུལ་སྲོལ་ཁག་ཅིག
    • དུས་ཆེན།
  • ལས་འགུལ།
  • ལག་ཤེས།
    • ལྷ་བཟོ།
    • པར་བརྐོས།
    • མགར་བ།
    • རྫ་བཟོ།
    • ཤོག་བུ་བཟོ་བ།
    • ཤིང་བཟོ་བ།
    • འཚེམ་བཟོ།
    • སྤུ་རིགས་བཟོ་བ།
  • གླུ་གཞས།
    • སྡེ་དགེའི་བྲོ་ཆེན།
    • མགུར་མོ།
    • གླུའི་རིགས།
    • གླིང་བྲོ།
    • ཁེད་(གབ་ཚིག)
    • གཏམ་དཔེ།
  • ངོ་སྤྲོད།

སྒར་རིས་དང་སྡེ་རིས་བྱུང་ཚུལ།

འདོན་སྤེལ། 2013/02/4 2:02 PM རྩོམ་པ་པོ། སྡེ་དགེ་ཡོན་ཏན་ཚེ་རིང་།

བཟོ་མཆོག་ལྟད་མོ་ཀུན་མཐོང་ནས་དྲངས། རྩོམ་པ་པོ་སྡེ་དགེ་ཡོན་ཏན་ཚེ་རིང་།

༈ སྒར་རིས་གསར་མའི་བྱུང་ཚུལ་ནི།

ཁྱད་པར་བཟོ་སྤྱོད་འཇིག་རྟེན་དབང་ཕྱུག་མཆོག །གཙུག་ལག་ཆོས་ཀྱི་སྣང་བའི་རྣམ་དཔྱོད་ནི། །ཚུར་མཐོང་བློ་འདས་མིག་གི་བདུད་རྩིར་གྱུར། །ཅེས་དེ་དག་ལས་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ། མཁས་གྲུབ་སི་ཏུ་ཆོས་ཀྱི་འབྱུང་གནས་གྲགས་ཏེ་རབ་བྱུང་བཅུ་གཉིས་པའི་ལྕགས་འབྲུག་ལོར་སྐུ་འཁྲུངས། དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་གི་ཆོས་སྡེ་བཏབ། རྒྱ་འཇང་སོགས་ས་མཐའ་རྣམས་ལའང་ཀར་ལུགས་དགོན་སྡེ་མང་དུ་བཞེངས། རྗེ་རང་ཉིད་ཀྱི་ཀརྨ་སྒར་རིས་གསར་དུ་ཕྱག་བསྟར་དགྱེས་པའི་རྣམ་དཔྱོད་ལས་འཁྲུངས་པའི་བྲིས་འབུར་རྣམས་ནི་ཚུར་མཐོང་གི་བློ་ཡི་ར་བ་ལས་འདས་ཤིང་རྫུ་འཕྲུལ་ཆེན་པོས་བཀོད་པ་ལྟར་ད་ལྟ་ཐ་མ་པ་རྣམས་ཀྱི་མིག་གི་བདུད་རྩིར་མངོན་སུམ་གྱུར་པ་སྟེ། དེ་ལྟར་ཁྱད་པར་དུ་འཕགས་པའི་ཚུལ་སྐྱེས་རབ་དཔག་བསམ་འཁྲི་ཤིང་གི་ཞལ་ཐང་ཉེར་ལྔ་བྲིས་པའི་མཇུག་ཏུ་བཀའ་རྩོམ་གནང་བར། ཚོ་དང་རི་མོའི་ཉམས་རྣམ་འགྱུར། །རྒྱུ་ནག་མཁས་པའི་རྗེས་འབྲངས་ནས། །ཡུལ་དང་ཆ་ལུགས་ཁང་བཟང་སོགས། །འཕགས་ཡུལ་མངོན་སུམ་མཐོང་བཞིན་བྱས། །སྨན་ཐང་གསར་རྙིང་མཁྱེན་ལུགས་པ། །བྱེའུ་སྒང་པ་སྒར་བྲིས་པའི། །རྣམ་དཔྱོད་དེ་ཀུན་འདིར་ལྡན་ཡང་། །ཉམས་འགྱུར་འབུམ་གྱིས་ཁྱད་པར་བྱས། །ཞེས་པ་ལྟར་ཀརྨ་སྒར་རིས་གསར་མའི་སྲོལ་ཕྱེ། དེའི་རྗེས་འབྲངས་མང་པོ་བྱུང་བའི་ནང་ནས། ཀརྨ་ཐེག་མཆོག་རྡོ་རྗེའི་རྩར་ཀརྨ་བསྟན་འཛིན་དགེ་ལེགས་ཉི་མས་སྒར་ལུགས་རི་མོ་སྦྱོང་བྲིས་འབུར་གཉིས་དང་ཐིག་རྩ་བརྐོས་བླུགས་སོགས་ཕུལ་དུ་བྱུང་རྗེས་ཐིག་ཆེན་བཅུ་གཉིས་རྣམ་གཞག་ཅན་གྱི་ཐིག་དཔེ་བློ་གསལ་དགྱེས་བྱེད་དེ་བརྩམས་པའོ། །དེ་ལྟར་ཀརྨ་སྒར་རིས་གསར་རྙིང་པར་གསུམ་གྱིས་སྲོལ་ཕྱེས་པ་ཡིན་ནོ།།

 

༈ སྡེ་རིས་བྱུང་ཚུལ། གོང་གི་ལུགས་སྲོལ་ཐམས་ཅད་ཀྱི་ལེགས་པའི་ཆ་རྣམས་བླངས་ནས་བྲིས་པ་ཞིག་སྟེ། སྔོན་མཁས་དབང་ཆུ་རྒྱུད་ཕུན་ཚོགས་དར་རྒྱས་དང་ཏཱ་རེ་ཡོ་ཀས་སྒར་སྨིན་འདྲེས་མ་མཛད། དེ་དག་གི་བྲིས་པ་ལ་ཉམས་ཁྱད་མཚར་ཅན་ཡོད་ནའང་རྒྱུན་སྲོལ་དུ་མ་བྱུང་། ཉེ་ཆར་ཀརྨ་བློ་གྲོས་འོད་ཟེར་རམ་ཐང་ལྷ་ཚེ་དབང་འབོད་པའི་བཤེས་གཉེན་དམ་པ་དེའི་རི་མོའི་སྒྱུ་རྩལ་ཐམས་ཅད་ཀྱི་མཛེས་པ་རྣམས་གཅིག་ཏུ་བསྡུས་ནས་བྲིས་པ་ལ་སྒར་སྨིན་འདྲེས་མའམ་སྡེ་རིས་ཀྱི་སྲོལ་གསར་དུ་བྱུང་བ་ནི་གངས་ཅན་ལྗོངས་སུ་རི་མོའི་མ་དཔེ་ལྟར་གྱུར་ཡོད། ང་ཚོའི་མིག་ལམ་དུ་མཐོང་ཐུབ་པ་དགོན་སྡེ་ཁག་གི་ལོགས་རིས་དང་སི་ཐང་མང་པོ་མཇལ་རྒྱུ་ཡོད་པ་དང་། ཁྱད་པར་སྡེ་དགེའི་སྤར་ཁང་གི་ཤོག་ཐང་གནས་བརྟན་བཅུ་དྲུག་དང་གུ་རུ་མཚམ་བརྒྱད། སྒྲུབ་རྒྱུད་ཤིང་རྟ་བརྒྱད་སོགས་ཀྱི་ཤོག་ཐང་རི་མོ་དངོས་སུ་མཐོང་ཐུབ་དེ་ལ་ཞིབ་གཟིགས་མཛོད་དང་སྒར་སྨིན་ནམ་སྡེ་བྲིས་རི་མོའི་ཉམས་ངེས་པར་གསལ་ལོ།།

 

བསམ་ཚུལ་འབྲི།

Click here to cancel reply.

' རྩོམ་འོག་མ། ཆས་གོས་དང་གོང་གཤམ་སོགས་ཚེམས།

འབྲེལ་ཡོད་ཀྱི་རྩོམ་གཞན།

  • ༈ གདུང་སེམས་མཉམ་བསྐྱེད་ཞུ་བཞིན་ཡོད།
  • མཁྱེན་བརྩེ་དབང་པོའི་ཐུགས་དམ་གྱི་རྟེན་སྒྲོལ་དཀར་ཞལ་ཐང་གི་སྐོར།
  • རིན་པོ་ཆེ་གཟི་ཡི་རྣམ་བཤད་རགས་རིམ།
  • སྡེ་དགེ་རྒྱལ་པོའི་དབྱར་ཐོངས་ཀྱི་སྤྲོ་སྐྱིད་གླིང་།
  • ཤར་དཔལ་སྤུངས་པའི་སྨན་གྲྭ་དང་སློབ་རྒྱུད།

ཁྱབ་བསྒྲགས། མང་ ...
    Advertisement
འབྲེལ་མཐུད།
Advertisement
Advertisement
Advertisement
Advertisement
ངོ་དེབ།











  • ཁམས་པའི་དྲ་བ།
  • སྡེ་དགེའི་པར་ཁང་།
  • བོད་ཀྱི་བང་ཆེན།
  • བོད་ཀྱི་དུས་བབ།
  • རྒྱལ་བ་རིན་པོ་ཆེ།
  • ཆུ་སྒང་དྲ་བ།
  • བོད་ཀྱི་ཆ་འཕྲིན།
  • ཨ་རིའི་བརྙན་འཕྲིན།
  • བོད་ཀྱི་གཞས་ཚིག་དྲ་བ།་
  • དྲི་བ་དྲིས་ལན་དྲ་བ།
  • བོད་ཀྱི་འཕྲུལ་དེབ་དྲ་བ།
  • སམ་བྷོ་ཏྲ་དྲ་བ།།
  • འོད་ཟེར་དྲ་བ།
  • བོད་གཞུང་དྲ་བ།
  • སེང་རྡོར་དྲ་བ།།
  • སྨོན་ལམ་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • སྐར་ཁུང་དྲ་བ།
  • གེ་སར་རིག་གནས་དྲ་བ།
  • ཕ་ཡུལ་དྲ་བ།
  • སྤྱི་འཐུས་དྲ་བ།
  • འཛི་སྒར་དྲ་བ།
  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་།
  • © 2020 Dege Gyalyong welfare Society
  • House # D-44, New Tibetan Camp. New Aruna Nagar, Majnu-ka-tilla, Delhi-110054, India.
  • E-mail: [email protected] Tel. 01123815056 Mb: +9717153449

བཟོ་སྐྲུན་པ། བསྟན་འཛིན་ཆོས་གྲགས།