English

  • མདུན་ངོས།
  • རྒྱལ་རབས།
  • ལོ་རྒྱུས།
    • ལུང་ཚན།
    • གནས་རི།
    • བྲག་ནགས་མཚོ།
    • སྣ་ཚོགས།
  • དགོན་སྡེ།
    • སྡེ་དགེའི་དབུ་ཁག་ལྔ།
    • གཡུང་དྲུང་བོན།
    • སྔ་འགྱུར་རྙིང་མ།
    • རྒྱལ་བ་བཀའ་བརྒྱུད།
    • དཔལ་ལྡན་ས་སྐྱ།
    • རི་བོ་དགེ་ལུགས།
  • པར་ཁང།
  • མི་སྣ།
    • སྐྱེས་ཆེན་དམ་པ།
    • ཤེས་ལྡན་མཁས་པ།
    • རླབས་ཆེན་མི་སྣ།
    • རྩོམ་པ་པོ།
    • ལྷ་པ།
    • སྒྲུང་པ།
    • གཞས་པ་གཞས་མ།
    • གྲགས་ཅན་མི་སྣ་གཞན།
  • ཆས་གོས།
    • རྒྱལ་བློན།
    • ཕོ་ཆས།
    • མོ་ཆས།
  • ཡུལ་སྲོལ།
    • བཟང་ངན་བརྩི་སྲོལ།
    • འབྲོག་པ།
    • རོང་པ།
    • རོང་མ་འབྲོག
    • ཡུལ་སྲོལ་ཁག་ཅིག
    • དུས་ཆེན།
  • ལས་འགུལ།
  • ལག་ཤེས།
    • ལྷ་བཟོ།
    • པར་བརྐོས།
    • མགར་བ།
    • རྫ་བཟོ།
    • ཤོག་བུ་བཟོ་བ།
    • ཤིང་བཟོ་བ།
    • འཚེམ་བཟོ།
    • སྤུ་རིགས་བཟོ་བ།
  • གླུ་གཞས།
    • སྡེ་དགེའི་བྲོ་ཆེན།
    • མགུར་མོ།
    • གླུའི་རིགས།
    • གླིང་བྲོ།
    • ཁེད་(གབ་ཚིག)
    • གཏམ་དཔེ།
  • ངོ་སྤྲོད།

ཤིང་མཁན་ལག་རྩལ།

འདོན་སྤེལ། 2013/01/10 9:34 AM རྩོམ་པ་པོ། ཐུབ་བསྟན་ཕུན་ཚོགས།

ཤིང་མཁན་ལག་རྩལ།

སྡེ་དགེ་རྒྱལ་རབས་ཟླ་ཤེལ་གསར་པའི་མེ་ལོང་ལས་དྲངས། རྩོམ་པ་པོ། ཐུབ་བསྟན་ཕུན་ཚོགས།

SAM_3390

SAM_3406

ཤིང་མཁན་ནི་གཙོ་བོ་ཁང་པ་བཟོ་མཁན་ཡིན་ཞིང༌། དེ་ཡང་ལྷ་ཁང་དང་ཕོ་བྲང་སོགས་ལག་རྩལ་མཐོན་པོ་དགོས་པའི་ཁང་ལས་དང༌། ཞིང་པའི་སྡོད་ཁང་དང༌། གྲྭ་ཤག་སོགས་སྤྱིར་བཏང་གི་ཁང་པའི་ལས་སོགས་ཀྱི་ལག་རྩལ་ཆེ་ཆུང་གི་ཤིང་མཁན་ལ་ཐོབ་ཐང་ཆེ་ཆུང་ཡོད་པ་རེད། སྤྱིར་བཏང་ཤིང་མཁན་གྱིས་བཟོ་ཡས་ཁང་པའི་ཉེར་མཁོ་སྒོ་དང༌། རབ་གསལ། ལྷ་ཁྲི་དྲ་མིག མཆོད་སྒམ་ལ་སོགས་པ་རྣམས་ཡིན། གཞན་ཡང་
རོང་པའི་ས་ཆ་ཁག་ནས་ཤིང་གི་སྣོད་ཆས་ཙག་ཙིག་བཟོ་ཤེས་མཁན་མང་པོ་ཡོད་པ་དཔེར་ན། ཟས་རིགས་འཇོག་སྣོད་ཤིང་གིས་བརྐོས་པའི་སྣོད་ལ་གཞོང་པ་ཟེར་བ་དང༌། ཤིང་ལྤགས་དང༌། ཤིང་ཕྲན་གྱིས་ལྷས་པའི་གཞོང་པའི་དབྱིབས་ཅན་ལ་སློ་མ་ཟེར་བ་དང༌། ཤིང་ཆ་བསྒྲིགས་ནས་བཟོས་པའི་སྣོད་རིགས་འོ་མ་བཞོ་སྣོད་ལ་བཞོ་བཟོ་དང༌། ཞོ་བསྙལ་སྣོད་ལ་ཟོ་རིལ། ཆུ་ལེན་སྣོད་ལ་ཆུ་ཟོམ། འོ་མ་དཀྲོག་སྣོད་ཆུང་ངུ་ལ་འོ་ཟོམ་དང༌། ཆེན་པོ་ལ་དར་ཟོམ། མར་བཅུག་སྣོད་ལ་མར་སྒམ། གོས་བཅུག་སྣོད་ལ་གོས་སྒམ། དངུལ་སོགས་རིན་ཐང་ཆེ་བའི་ཅ་ལག་བཅུག་སྣོད་ལ་ལག་སྒམ། ཇ་བསྲུབ་མ་དཀྲུག་སྣོད་ལ་ཇ་ཟོའམ་སྒྲོབ་ཟོ་ཟེར་བ་མང་པོ་བཟོ་ནས་གཙོ་བོ་སྡེ་དགེའི་མངའ་ཁོངས་ཀྱི་ཞིང་འབྲོག་ཡོངས་ལ་ཚོང་འགྲེམས་བྱེད་ཅིང་ཡོད་པ་རེད། གཞན་ཡང་ཤིང་ཕྲན་གྱིས་ལྷས་པའི་སིག་པོ་ཟེར་བ་ཅ་ལག་རྒྱབ་ཏུ་ཁྱེར་ནས་ཕན་ཚུན་སྐྱེལ་འདྲེན་བྱེད་ཡས་ཞིག་ཡོད་པ་དེ་འབྲོག་པ་རྣམས་ཀྱིས་མང་པོ་ཉོ་ཞིང་ཡོད་པ་རེད། ཁོ་ཚོས་དུས་རྒྱུན་སིག་པོའི་ནང་ཟོག་གི་མྱུ་བ་ཕྱིར་དབོར་བ་དང༌། རི་ནས་ལྕི་བ་སྒྲུག་པའི་སྣོད་ལ་མེད་ན་ཐབས་ཆག་འདྲ་པོ་ཞིག་ཆགས་ཡོད་པ་རེད།

 

བསམ་ཚུལ་འབྲི།

Click here to cancel reply.

' རྩོམ་འོག་མ། མཁས་དབང་ནམ་མཁའི་ནོར་བུའི་གསུངས་རྩོམ་ཕྱོགས་སྒྲིག

ཁྱབ་བསྒྲགས། མང་ ...
    Advertisement
འབྲེལ་མཐུད།
Advertisement
Advertisement
Advertisement
Advertisement
ངོ་དེབ།











  • ཁམས་པའི་དྲ་བ།
  • སྡེ་དགེའི་པར་ཁང་།
  • བོད་ཀྱི་བང་ཆེན།
  • བོད་ཀྱི་དུས་བབ།
  • རྒྱལ་བ་རིན་པོ་ཆེ།
  • ཆུ་སྒང་དྲ་བ།
  • བོད་ཀྱི་ཆ་འཕྲིན།
  • ཨ་རིའི་བརྙན་འཕྲིན།
  • བོད་ཀྱི་གཞས་ཚིག་དྲ་བ།་
  • དྲི་བ་དྲིས་ལན་དྲ་བ།
  • བོད་ཀྱི་འཕྲུལ་དེབ་དྲ་བ།
  • སམ་བྷོ་ཏྲ་དྲ་བ།།
  • འོད་ཟེར་དྲ་བ།
  • བོད་གཞུང་དྲ་བ།
  • སེང་རྡོར་དྲ་བ།།
  • སྨོན་ལམ་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • སྐར་ཁུང་དྲ་བ།
  • གེ་སར་རིག་གནས་དྲ་བ།
  • ཕ་ཡུལ་དྲ་བ།
  • སྤྱི་འཐུས་དྲ་བ།
  • འཛི་སྒར་དྲ་བ།
  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་།
  • © 2020 Dege Gyalyong welfare Society
  • House # D-44, New Tibetan Camp. New Aruna Nagar, Majnu-ka-tilla, Delhi-110054, India.
  • E-mail: [email protected] Tel. 01123815056 Mb: +9717153449

བཟོ་སྐྲུན་པ། བསྟན་འཛིན་ཆོས་གྲགས།