ལྷོ་ཀོ་རི་ཡའི་བུད་མེད་སྲིད་འཛིན་ཐོག་མ།
ཡོང་ཁུངས། བོད་ཀྱི་བང་ཆེན།
ཕྱི་ཚེས་༡༩ ཉིན་ལྷོ་ཀོ་རི་ཡའི་གཞུང་འཛིན་རྒྱལ་ཁབ་གསར་པ་ཚོགས་པའི་སྲིད་འཛིན་འོས་མི། ཧྥ་ཀུ་ཧས་ལ་སྲིད་འཛིན་གྱི་འོས་བསྡུའི་རྒྱལ་ཁ་ཐོབ་ཏེ། ལྷོ་ཀོ་རི་ཡའི་ལོ་རྒྱུས་སྟེང་གི་བུད་མེད་སྲིད་འཛིན་ཐོག་མ་དེ་ཆགས་ཡོད་པ་རེད་འདུག
དེ་ཡང་ལྷོ་ཀོ་རི་ཡའི་དམག་དོན་སྒེར་གཅོད་པ་ཟུར་བ་ཕཱ་ཇོན་ཧེ་ཡི་བུ་མོ་ཧྥ་ཀུ་ཧས་དང་། མང་གཙོ་ཆིག་སྒྲིལ་ཚོགས་པའི་འོས་མི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་སྐུ་ཞབས་མུན་ཇཱ་གཉིས་ཀྱི་བར། ལྷོ་ཀོ་རི་ཡའི་སྲིད་འཛིན་འོས་བསྡུའི་འགྲན་རྩོད་ཤུགས་ཆེན་བྱས་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་༡༩ ཉིན་སྟེ་མཐའ་མིའི་འོས་བསྡུའི་འགྲན་རྩོད་ཁྲོད། ཧྥ་ཀུ་ཧས་ལ་སྲིད་འཛིན་གྱི་འོས་བསྡུའི་རྒྱལ་ཁ་ཐོབ་པ་རེད།
ཉིན་དེར་ཁོ་མོས་མང་ཚོགས་ལ་གཏམ་བཤད་གནང་སྐབས། རྒྱལ་ཁབ་འདི་ནི་མི་མང་ཚོའི་རེ་འདུན་གྱིས་བསྐྲུན་པའི་རྒྱལ་ཁབ་ཅིག་ཡིན་སྐོར་དང་། དེ་སྔོན་ཁོ་མོའི་པ་ལགས་ཀྱིས་མི་ལོ་༡༦ གི་རིང་ལྷོ་ཀོ་རི་ཡའི་སྲིད་འཛིན་གནང་སྐབས། མི་མང་གི་དཔལ་འབྱོར་ཡར་རྒྱས་ཚད་མཐོན་པོར་སོང་ཡོད་པ་མང་ཚོགས་ལ་དྲན་གསོ་དང་། འབྲིང་རིམ་མི་མང་གི་དཔལ་འབྱོར་ཉམས་ཆག་སོང་བ་དེ་དག་སླར་གསོ་བྱས་ཏེ། མང་ཚོགས་ཀྱི་འཚོ་བའི་གནས་སྟངས་ཡར་རྒྱས་གཏོང་རྒྱུ་ཡིན་ཞེས་བརྗོད་ཡོད་པ་རེད།
ཧྥ་ཀུ་ཧས་ནི་ལྷོ་ཀོ་རི་ཡའི་དམག་དོན་སྒེར་གཅོད་པ་ཟུར་བ་ཕཱ་ཇོན་ཧེ་ཡི་བུ་མོ་ཡིན་ཞིང་། གནད་དོན་དབྱེ་ཞིབ་པ་ཚོས་བརྗོད་པ་ལྟར་ན། ད་ཐེངས་ཁོ་མོ་སྲིད་འཛིན་དུ་འདེམས་ཐོན་བྱུང་བ་དེ་ནི། ཁོ་མོའི་ཨ་ཕ་ཕཱ་ཇོན་ཧས་ཀྱི་ཆབ་སྲིད་ཤུལ་རྒྱུན་གྱི་ཤུགས་རྐྱེན་དང་རག་ལས་ཡོད་སྐོར་བརྗོད་འདུག
ཁོང་མོའི་ཨ་ཕ་ཕཱ་ཇོན་ཧེ་ཡིས་དེ་སྔོན་མི་ལོ་༡༦ གི་རིང་ལྷོ་ཀོ་རི་ཡའི་སྲིད་འཛིན་གནང་སྟེ། དཔལ་འབྱོར་འཕེལ་རྒྱས་ལ་བྱས་རྗེས་ཆེན་པོ་བཞག་ཡོད་པ་མ་ཟད། ངོ་རྒོལ་ཚོགས་ཁག་ལ་དྲག་གནོན་ཡང་བྱས་ཡོད་པ་རེད།
ཁོང་མོའི་འགྲན་ཡ་ལྷོ་ཀོ་རི་ཡའི་མང་གཙོ་ཆིག་སྒྲིལ་ཚོགས་པའི་འོས་མི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་སྐུ་ཞབས་མུན་ཇཱ་ཞེས་པ་ཁོང་གིས། དེ་སྔོན་ལོ་མང་པོའི་རིང་ལྷོ་ཀོ་རི་ཡའི་གཞུང་གི་ཕྱག་ལས་གནང་མྱོང་ཡོད་པས། ཆབ་སྲིད་ཀྱི་ཐོག་ལ་ཉམས་མྱོང་ཆེན་པོ་ཡོད་མཁན་ཞིག་ཡིན་པ་རེད་འདུག
བསམ་ཚུལ་འབྲི།

འབྲེལ་ཡོད་ཀྱི་རྩོམ་གཞན།
-
སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་དབུས་རྒྱུན་སྐབས་ ༣ པའི་ལོ་འཁོར་༣ གྱི་ལས་བསྡོམས་སྙིང་བསྡུས།
-
ཨ་ཧྥི་ཏབ་ཀརྨ་སིང་པུ་རེ་ཝལ་ (Aftab Karma Singh Pureval) ལགས་ཨ་རིའི་གྲོང་ཁྱེར་སིན་སི་ན་ཊི་( Cincinnati) ཡི་སྤྱི་ཁྱབ་གྲོང་ཁྱེར་དཔོན་པོའི་གོ་གནས་ཀྱི་རྒྱལ་ཁ་ཐོབ་པ།
-
བོད་ཕྲུག་༢༧་ལ་སྲིད་སྐྱོང་གི་སློབ་ཡོན་གཟེངས་རྟགས་ཐོབ་པའི་ནང་རང་རེ་སྡེ་དགེ་བའི་སློབ་མ་གཅིག་ཡོད་པ་རེད།
-
དབུས་རྒྱུན་སྐབས་གསུམ་པའི་ཚོགས་ཐེངས་གཉིས་པ་དེ་བསྐོང་ཚོགས་གནང་
-
ལོ་གསར་པའི་འཚམ་འདྲི་བཀྲ་ཤིས་བདེ་ལེགས།