English

  • མདུན་ངོས།
  • རྒྱལ་རབས།
  • ལོ་རྒྱུས།
    • ལུང་ཚན།
    • གནས་རི།
    • བྲག་ནགས་མཚོ།
    • སྣ་ཚོགས།
  • དགོན་སྡེ།
    • སྡེ་དགེའི་དབུ་ཁག་ལྔ།
    • གཡུང་དྲུང་བོན།
    • སྔ་འགྱུར་རྙིང་མ།
    • རྒྱལ་བ་བཀའ་བརྒྱུད།
    • དཔལ་ལྡན་ས་སྐྱ།
    • རི་བོ་དགེ་ལུགས།
  • པར་ཁང།
  • མི་སྣ།
    • སྐྱེས་ཆེན་དམ་པ།
    • ཤེས་ལྡན་མཁས་པ།
    • རླབས་ཆེན་མི་སྣ།
    • རྩོམ་པ་པོ།
    • ལྷ་པ།
    • སྒྲུང་པ།
    • གཞས་པ་གཞས་མ།
    • གྲགས་ཅན་མི་སྣ་གཞན།
  • ཆས་གོས།
    • རྒྱལ་བློན།
    • ཕོ་ཆས།
    • མོ་ཆས།
  • ཡུལ་སྲོལ།
    • བཟང་ངན་བརྩི་སྲོལ།
    • འབྲོག་པ།
    • རོང་པ།
    • རོང་མ་འབྲོག
    • ཡུལ་སྲོལ་ཁག་ཅིག
    • དུས་ཆེན།
  • ལས་འགུལ།
  • ལག་ཤེས།
    • ལྷ་བཟོ།
    • པར་བརྐོས།
    • མགར་བ།
    • རྫ་བཟོ།
    • ཤོག་བུ་བཟོ་བ།
    • ཤིང་བཟོ་བ།
    • འཚེམ་བཟོ།
    • སྤུ་རིགས་བཟོ་བ།
  • གླུ་གཞས།
    • སྡེ་དགེའི་བྲོ་ཆེན།
    • མགུར་མོ།
    • གླུའི་རིགས།
    • གླིང་བྲོ།
    • ཁེད་(གབ་ཚིག)
    • གཏམ་དཔེ།
  • ངོ་སྤྲོད།

ལས་རྨས་བྱུང་བའི་ལས་བཟོ་པའི་ཐོབ་ཐང་གང་འདྲ་རེད།

འདོན་སྤེལ། 2015/10/21 5:13 AM རྩོམ་པ་པོ།

ལས་རྨས་བྱུང་བའི་ལས་བཟོ་པའི་ཐོབ་ཐང་གང་འདྲ་རེད།
གི་དོན་ཚན་ཉེར་དགུ་པ་ནས་སོ་དྲུག་པའི་ནང་ཆེད་མངགས་གཏན་འབེབས་ཁ་གསལ་བྱས་ཡོད་ཅིང་།  ནང་དོན་བྱེ་བྲག་ནི།  དོན་ཚན་ཉེར་དགུ་པའི་གཏན་འབེབས་ནང་དུ།  ལས་བཟོ་པ་ལས་ཀ་བྱེད་སྐབས་ལས་འཛོལ་རྨས་སྐྱོན་བྱུང་བའམ་ཡང་ན་ལས་རིགས་ཀྱི་ནད་ཕོག་ནས་སྨན་བཅོས་བྱེད་སྐབས།   ལས་རྨས་སྨན་བཅོས་ཐོབ་ཐང་ལོངས་སུ་སྤྱད་ཆོག
ལས་བཟོ་པས་ལས་རྨས་སྨན་བཅོས་བྱེད་སྐབས་ཞབས་ཞུའི་གྲོས་མཐུན་བཞག་པའི་སྨན་བཅོས་ལས་ཁུངས་སུ་བྱ་དགོས་པ་དང་།  གནས་ཚུལ་ཛ་དྲག་ཆེ་དུས་སྔོན་ལ་ཉེ་འཁོར་གྱི་སྨན་བཅོས་ལས་ཁུངས་སུ་མྱུར་སྐྱོབ་བྱེད་པར་ཕྱིན་ཆོག
ལས་རྨས་སྨན་བཅོས་བྱེད་པར་མཁོ་བའི་འགྲོ་གྲོན་ནི་ལས་རྨས་འགན་བཅོལ་བརྟག་བཅོས་རྣམ་གྲངས་ཀྱི་དཀར་ཆག་དང་།  ལས་རྨས་འགན་བཅོལ་སྨན་རྫས་ཀྱི་དཀར་ཆག  ལས་རྨས་འགན་བཅོལ་གྱི་སྨན་ཁང་ལ་སྡོད་པའི་ཞབས་ཞུའི་ཚད་གཞི་བཅས་དང་མཐུན་རིགས་ལས་རྨས་འགན་བཅོལ་ཐེབས་རྩ་ནས་གཏོང་སྤྲོད་བྱ་དགོས།  ལས་རྨས་འགན་བཅོལ་བརྟག་བཅོས་རྣམ་གྲངས་ཀྱི་དཀར་ཆག་དང་།  ལས་རྨས་འགན་བཅོལ་སྨན་རྫས་ཀྱི་དཀར་ཆག  ལས་རྨས་འགན་བཅོལ་གྱི་སྨན་ཁང་ལ་སྡོད་པའི་ཞབས་ཞུའི་ཚད་གཞི་བཅས་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ངལ་རྩོལ་འགན་སྲུང་སྲིད་འཛིན་སྡེ་ཁག་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་དང་།  སྨན་རྫས་ལྟ་སྐུལ་དོ་དམ་སྡེ་ཁག་སོགས་ཀྱིས་གཏན་འབེབས་བྱ་དགོས།
ལས་བཟོ་པ་སྨན་ཁང་དུ་ལས་རྨས་སྨན་བཅོས་བྱེད་རིགས་ལ་སྨན་ཁང་དུ་སྡོད་པའི་ཟས་གྲོན་གྱི་ཁ་གསབ་ཏུ་དེ་ཉིད་གནས་ཡུལ་སྡེ་ཚན་གྱིས་སྡེ་ཚན་དེ་གའི་གཞུང་དོན་སྒྲུབ་པར་སྐྱོད་པའི་ཟས་གྲོན་ཁ་གསབ་ཀྱི་ཚད་གཞིའི་བརྒྱ་ཆ་༧༠སྤྲོད་དགོས་པ་དང་།  སྨན་བཅོས་ལས་ཁུངས་ནས་དཔང་ཡིག་སྤྲད་པ་དང་།  ལག་འགྲིམ་ལས་ཁུངས་ལ་སྙན་འབུལ་ཞུས་ནས་མོས་མཐུན་བྱུང་ན།  ལས་རྨས་བྱུང་བའི་ལས་བཟོ་པས་གཅིག་གྱུར་འཆར་འགོད་ཕུད་པའི་སྨན་ཁང་དུ་སྨན་བཅོས་བྱེད་རིགས་ལ།  འགྲུལ་འགྲུལ་དང་།  ཟས་འདུག་གི་འགྲོ་གྲོན་དགོས་རིགས་དེ་ཉིད་གནས་ཡུལ་སྡེ་ཚན་གྱིས་སྡེ་ཚན་དེ་གའི་ལས་བཟོ་པ་གཞུང་དོན་སྒྲུབ་པར་སྐྱོད་པའི་ཟས་གྲོན་ཁ་གསབ་ཀྱིས་ཚད་གཞི་ལྟར་འགྲོ་སོང་རྩིས་ཞུ་བྱ་དགོས།
ལས་རྨས་བྱུང་བའི་ལས་བཟོ་པས་ལས་རྨས་མ་ཡིན་པའི་ནད་གཞི་སྨན་བཅོས་བྱེད་རིགས་ཀྱིས་ལས་རྨས་སྨན་བཅོས་ཀྱི་ཐོབ་ཐང་མེད་པར།  མ་མཐའི་སྨན་བཅོས་འགན་བཅོལ་བྱེད་ཐབས་ལྟར་ཐག་གཅོད་བྱ་དགོས།
ལས་རྨས་བྱུང་བའི་ལས་བཟོ་པས་ཞབས་ཞུའི་གྲོས་མཐུན་བཞག་པའི་སྨན་བཅོས་ལས་ཁུངས་སུ་དྲག་སྐྱེད་ཀྱི་རང་བཞིན་ལྡན་པའི་སྨན་བཅོས་བྱེད་པའི་འགྲོ་གྲོན་རྣམས་དོན་ཚན་འདིའི་ནང་གསེས་དོན་ཚན་གསུམ་པའི་གཏན་འབེབས་དང་མཐུན་ན། ལས་རྨས་འགན་བཅོལ་ཐེབས་རྩ་ནས་གཏོང་སྤྲོད་བྱ་དགོས་པ་བཅས་འཁོད་ཡོད།
དོན་ཚན་སུམ་ཅུ་པའི་གཏན་འབེབས་ནང་དུ།  ལས་རྨས་བྱུང་བའི་ལས་བཟོ་པར་དུས་རྒྱུན་གྱི་འཚོ་བའམ་ཡང་ན་ལས་ཞུགས་ཀྱི་དགོས་མཁོ་ཡོད་པ་དང་།  ངལ་རྩོལ་ནུས་ཤུགས་གསར་འབྱེད་ཨུ་ཡོན་ལྷན་ཁང་གིས་ཁས་བླངས་རྗེས།  རྐང་ལག་བཅོས་མ་དང་།  ཡོ་བཅོས་ཡོ་བྱད།  མིག་རྫུས།  སོ་ཚབ་བཅས་དང་རྐུབ་སྟེགས་འཁོར་ལོ་ཅན་སོགས་ཁའི་རམ་འདེགས་ཡོ་བྱད་བསྒར་ཆོག་ཅིང་།  འགྲོ་གྲོན་དགོས་རིགས་ནི་རྒྱལ་ཁབ་ཀྱིས་གཏན་ལ་ཕབ་པའི་ཚད་གཞི་ལྟར་ལས་རྨས་འགན་བཅོལ་ཐེབས་རྩ་ནས་གཏོང་སྤྲོད་བྱ་དགོས་ཚུལ་འཁོད་ཡོད།
དོན་ཚན་སོ་གཅིག་པའི་གཏན་འབེབས་ནང་དུ།  ལས་བཟོ་པ་ལས་ཀའི་དབང་གིས་ལས་འཛོལ་གྱི་རྨས་སྐྱོན་བྱུང་བའམ་ཡང་ན་ལས་རིགས་ཀྱི་ནད་ཕོག་པའི་དབང་གིས་སྐབས་འཕྲལ་ལས་ཀ་མཚམས་འཇོག་ཐོག་ལས་རྨས་སྨན་བཅོས་དང་ལེན་བྱ་དགོས་རིགས་ཀྱི་ལས་ཀ་མཚམས་འཇོག་གིས་གླ་ཕོགས་སྤྲོད་པའི་རིང་གི་གླ་ཕོགས་དང་ཕན་བདེའི་ཐོབ་ཐང་སྔར་རྒྱུན་ཆད་མེད་དུ་གནས་ཡུལ་སྡེ་ཚན་གྱིས་ཟླ་རེ་བཞིན་སྤྲོད་དགོས་ཚུལ་འཁོད་ཡོད།
ལས་ཀ་མཚམས་འཇོག་གིས་གླ་ཕོགས་སྤྲོད་ཡུན་སྤྱིར་ན་ཟླ་བ་༡༢ལས་བརྒལ་མི་ཆོག  རྨས་སྐྱོན་ཚབས་ཆེན་བྱུང་བའམ་ཡང་ན་གནས་ཚུལ་དམིགས་བསལ་ཡོད་རིགས་ལ་ཆུས་བཙུགས་པའི་གྲོང་ཁྱེར་རིམ་པའི་ངལ་རྩོལ་ནུས་ཤུགས་གསལ་འབྱེད་ཨུ་ཡོན་ལྷན་ཁང་གིས་ཁས་བླངས་རྗེས།  དུས་ཡུན་རིང་དུ་འོས་འཚམས་བཏང་ཆོག་ཀྱང་དུས་ཡུན་རིང་དུ་གཏོང་ཚད་ཟླ་༡༢ལས་བརྒལ་མི་ཆོག  ལས་རྨས་བྱུང་བའི་ལས་བཟོ་པར་རྨས་སྐྱོན་གྱི་རིམ་པ་དཔྱད་བསྡུར་གཏན་འབེབས་བྱས་པའི་རྗེས་སུ།  སྔོན་མའི་ཐོབ་ཐང་སྤྲོད་མཚམས་བཞག་ནས་རྨས་སྐྱོན་ཕོག་པའི་ཐོབ་ཐང་ལེའུ་འདིའི་འབྲེལ་ཡོད་གཏན་འབེབས་ལྟར་ལོངས་སུ་སྤྱོད་རྒྱུ།  ལས་རྨས་བྱུང་བའི་ལས་བཟོ་པ་ལས་ཀ་མཚམས་འཇོག་གིས་གླ་ཕོགས་སྤྲོད་ཡུན་ཐིམས་ནའང་སྔར་བཞིན་སྨན་བཅོས་བྱ་དགོས་བྱུང་རིགས་ཀྱིས་ལས་རྨས་ཀྱི་སྨན་བཅོས་ཐོབ་ཐང་མུ་མཐུད་དེ་ལོངས་སུ་སྤྱད་ཆོག
འཚོ་བ་རང་མགོ་མི་ཐོན་པའི་ལས་རྨས་ལས་བཟོ་པ་ལས་ཀ་མཚམས་འཇོག་གིས་གླ་ཕོགས་སྤྲོད་པའི་རིང་ལ་ནད་གཡོག་བྱ་དགོས་རིགས་ལ་གནས་ཡུལ་སྡེ་ཚན་གྱིས་འགན་འཁུར་དགོས།
དོན་ཚན་སོ་གཉིས་པའི་གཏན་འབེབས་ནང་དུ།  ལས་རྨས་བྱུང་བའི་ལས་བཟོ་པར་རྨས་སྐྱོན་གྱི་རིམ་པ་དཔྱད་བསྡུར་གཏན་འབེབས་བྱས་པ་མ་ཟད།  ངལ་རྩོལ་ནུས་ཤུགས་གསལ་འབྱེད་ཨུ་ཡོན་ལྷན་ཁང་གིས་འཚོ་བའི་ཐད་གཡོག་བྱ་དགོས་པའི་ཁས་བླངས་རིགས་ལ་ལས་རྨས་འགན་བཅོལ་ཐེབས་རྩ་ནས་ཟླ་རེ་བཞིན་འཚོ་བའི་ཐད་གཡོག་བྱེད་དངུལ་སྤྲོད་དགོས།
འཚོ་བའི་ཐད་ཀྱི་གཡོག་བྱེད་བྱེད་དངུལ་ནི་འཚོ་བ་རང་མགོ་མི་ཐོན་པ་དང་།  འཚོ་བའི་ཐད་ཕལ་ཆེ་བ་རང་མགོ་མི་ཐོན་པའམ་ཡང་ན་འཚོ་བའི་ཐད་ཆ་ཤས་རང་མགོ་མི་ཐོན་པ་བཅས་རིམ་པ་གསུམ་དུ་ཕྱེས་ནས་སྤྲོད་དགོས་པ་དང་།  དེའི་ཚད་གཞི་ནི་ས་ཁུལ་གྱི་ལོ་གོང་མའི་ལས་བཟོ་པའི་ཟླ་རེའི་གླ་ཕོགས་ཆ་སྙོམས་སོ་སོར་བརྒྱ་ཆ་༥༠དང་།  བརྒྱ་ཆ་༤༠  བརྒྱ་ཆ་༣༠བཅས་གཅིག་གྱུར་གྱི་འཆར་འགོད་བཟོ་ཚུལ་འཁོད་ཡོད།
དོན་ཚན་སོ་གསུམ་པའི་གཏན་འབེབས་ནང་དུ།  ལས་བཟོ་པ་ལས་ཀའི་དབང་གིས་དབང་པོ་སྐྱོན་ཅན་དུ་གྱུར་ཏེ་རྨས་སྐྱོན་རིམ་པ་དང་པོ་ནས་བཞི་པའི་བར་གྱི་དཔྱད་བསྡུར་གཏན་འབེབས་བྱས་རིགས་ལ་ངལ་རྩོལ་གྱི་འབྲེལ་བ་སོར་འཇོག་བྱ་དགོས་པ་དང་། ལས་རྐང་ནས་དོན་ཏེ་གཤམ་གསལ་གྱི་ཐོབ་ཐང་ལོངས་སུ་སྤྱད་ཆོག་པ་སྟེ།
༡. ལས་རྨས་འགན་བཅོལ་ཐེབས་རྩ་ནི་རྨས་སྐྱོན་ཚབས་ཆེ་ཆུང་རིམ་པར་གཞིགས་ནས་རྨས་སྐྱོན་གྱི་ཁ་གསབ་རོགས་དངུལ་སྤྲོད་ཐེངས་གཅིག་ལ་སྤྲོད་དགོས་པ་དེའི་ཚད་གཞི་ནི།  རིམ་པ་དང་པོའི་རྨས་མར་ཁོ་རང་གི་ཟླ་བ་༢༤ཡི་གླ་ཕོགས་ཚད་གཞིར་བཟུང་ནས་སྤྲོད་དགོས་པ་དང་།  རིམ་པ་གཉིས་པའི་རྨས་མར་ཁོ་རང་གི་ཟླ་བ་༢༢ཀྱི་གླ་ཕོགས་ཚད་གཞིར་བཟུང་ནས་སྤྲོད་དགོས་པ།  རིམ་པ་གསུམ་པའི་རྨས་མར་ཁོ་རང་གི་ཟླ་བ་༢༠ཡི་གླ་ཕོགས་ཚད་གཞིར་བཟུང་ནས་སྤྲོད་དགོས་པ།  རིམ་པ་བཞི་པའི་རྨས་མར་ཁོ་རང་གི་ཟླ་བ་༡༨ཀྱི་གླ་ཕོགས་ཚད་གཞིར་བཟུང་ནས་སྤྲོད་དགོས་པ་བཅས་ཡིན།
༢. ལས་རྨས་འགན་བཅོལ་ཐེབས་རྩ་ནས་རྨས་སྐྱོན་བྱུང་བར་ཟླ་རེ་བཞིན་ཁ་གསབ་རོགས་དངུལ་སྤྲོད་དགོས་པ་དང་།  དེའི་ཚད་གཞི་ནི།  རིམ་པ་དང་པོའི་རྨས་མར་ཁོ་རང་གི་གླ་ཕོགས་ཀྱི་བརྒྱ་ཆ་༩༠སྤྲོད་དགོས་པ་དང་།  རིམ་པ་གཉིས་པའི་རྨས་མར་ཁོ་རང་གི་གླ་ཕོགས་ཀྱི་བརྒྱ་ཆ་༨༥སྤྲོད་དགོས་པ།  རིམ་པ་གསུམ་པའི་རྨས་མར་ཁོ་རང་གི་གླ་ཕོགས་ཀྱི་བརྒྱ་ཆ་༨༠སྤྲོད་དགོས་པ།  རིམ་པ་བཞི་པའི་རྨས་མར་ཁོ་རང་གི་གླ་ཕོགས་ཀྱི་བརྒྱ་ཆ་༧༥སྤྲོད་དགོས་པ་བཅས་ཡིན།  རྨས་མར་ཁ་གསབ་རོགས་དངུལ་སྤྲོད་ཚད་དངོས་དེ་ས་གནས་དེ་གའི་གླ་ཕོགས་ཀྱི་ཚད་གཞི་དམའ་ཤོས་ལས་ཉུང་རིགས་ལ་ལས་རྨས་འགན་བཅོལ་ཐེབས་རྩ་ནས་ཆད་གསབ་བྱ་དགོས།
༣. ལས་རྨས་བྱུང་བའི་ས་བཟོ་པ་ལས་འཁྱུར་ངལ་གསོ་རྒྱག་པའི་ལོ་ཚད་ལ་སོན་པ་མ་ཟད་ལས་འཁྱུར་ངལ་གསོའི་འགྲོ་ལུགས་ཀྱང་འགྲིམས་ན།  རྨས་མའི་ཁ་གསབ་རོགས་དངུལ་སྤྲོད་མཚམས་བཞག་ནས་མ་མཐའི་རྒན་གསོའི་འགན་བཅོལ་ཐོབ་ཐང་ལོངས་སུ་སྤྱོད་དགོས།  མ་མཐའི་རྒན་གསོའི་འགན་བཅོལ་ཐོབ་ཐང་དེ་རྨས་མའི་ཁ་གསབ་རོགས་དངུལ་ལས་དམའ་རིགས་ལ་ལས་རྨས་འགན་བཅོལ་ཐེབས་རྩ་ནས་ཆད་གསབ་བྱ་དགོས།
ལས་བཟོ་པ་ལས་ཀའི་དབང་གིས་རྨས་སྐྱོན་བྱུང་ནས་རིམ་པ་དང་པོ་ནས་རིམ་པ་བཞི་པའི་བར་གྱི་རྨས་མར་དཔྱད་བསྡུར་གཏན་འབེབས་བྱས་ན།  མི་བཀོལ་སྤྱོད་བྱེད་མཁན་སྡེ་ཚན་དང་ལས་བཟོ་པ་སྒེར་གྱི་རྨས་མའི་ཁ་གསབ་རོགས་དངུལ་གཞི་གྲངས་སུ་བྱས་ཏེ་མ་མཐའི་སྨན་བཅོས་འགན་བཅོལ་བྱེད་དངུལ་འཇལ་སྤྲོད་བྱེད་དགོས་ལུགས་བཅས་འཁོད་ཡོད།
དོན་ཚན་སོ་བཞི་པའི་གཏན་འབེབས་ནང་དུ།  ལས་བཟོ་པ་ལས་ཀའི་དབང་གིས་རྨས་མར་གྱུར་ཏེ་རིམ་པ་ལྔ་པ་དང་རིམ་པ་དྲུག་པའི་རྨས་མར་དཔྱད་བསྡུར་གཏན་འབེབས་བྱས་རིགས་ཀྱིས་གཤམ་གསལ་གྱི་ཐོབ་ཐང་ལོངས་སུ་སྤྱད་ཆོག་པ་སྟེ།
༡. ལས་རྨས་འགན་བཅོལ་ཐེབས་རྩ་ནི་རྨས་སྐྱོན་ཚབས་ཆེ་ཆུང་རིམ་པར་གཞིགས་ནས་རྨས་སྐྱོན་གྱི་ཁ་གསབ་རོགས་དངུལ་སྤྲོད་ཐེངས་གཅིག་ལ་སྤྲོད་དགོས་པ་དེའི་ཚད་གཞི་ནི།  རིམ་པ་ལྔ་པའི་རྨས་མར་ཁོ་རང་གི་ཟླ་བ་༡༦གི་གླ་ཕོགས་ཚད་གཞིར་བཟུང་ནས་སྤྲོད་དགོས་པ་དང་།  རིམ་དྲུག་པའི་རྨས་མར་ཁོ་རང་གི་ཟླ་བ་༡༤ཡི་གླ་ཕོགས་ཚད་གཞིར་བཟུང་ནས་སྤྲོད་དགོས།
༢. མི་བཀོལ་སྤྱོད་བྱེད་མཁན་སྡེ་ཚན་དང་ངལ་རྩོལ་གྱི་འབྲེལ་བ་སོར་འཇོག་བྱེད་ན།  མི་བཀོལ་སྤྱོད་བྱེད་མཁན་སྡེ་ཚན་གྱིས་ལས་ཀ་འོས་འཚམས་བཀོད་སྒྲིག་བྱ་དགོས།  ལས་ཀ་བཀོད་སྒྲིག་བྱེད་ཐབས་བྲལ་ན།  མི་བཀོལ་སྤྱོད་བྱེད་མཁན་སྡེ་ཚན་གྱིས་ཟླ་རེ་བཞིན་རྨས་མའི་ཁ་གསབ་རོགས་དངུལ་སྤྲོད་དགོས་པ་དེའི་ཚད་གཞི་ནི།  རིམ་པ་ལྔའི་རྨས་མར་ཁོ་རང་གི་གླ་ཕོགས་ཀྱི་བརྒྱ་ཆ་༧༠སྤྲོད་དགོས་པ་དང་།  རིམ་པ་དྲུག་པའི་རྨས་མར་ཁོ་རང་གི་གླ་ཕོགས་ཀྱི་བརྒྱ་ཆ་༦༠སྤྲོད་དགོས་པ་མ་ཟད།  མི་བཀོལ་སྤྱོད་བྱེད་མཁན་སྡེ་ཚན་གྱིས་གཏན་འབེབས་ལྟར་དེ་ཉིད་ལ་སྤྱི་ཚོགས་ཀྱི་འགན་བཅོལ་བྱེད་དངུལ་ཁག་ཀྱང་འཇལ་སྤྲོད་བྱ་དགོས།  རྨས་མའི་ཁ་གསབ་རོགས་དངུལ་གྲངས་འབོར་དངོས་ས་གནས་དེ་གའི་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་ལས་དམའ་ན།  དེའི་ཆད་གྲངས་ནི་མི་བཀོལ་སྤྱོད་བྱེད་མཁན་སྡེ་ཚན་གྱིས་གསབ་འཇལ་བྱ་དགོས།
ལས་རྨས་བྱུང་བའི་ལས་བཟོ་པ་རང་ཉིད་ཀྱིས་རེ་བ་བཏོན་ན།  ལས་བཟོ་པ་དེ་ཉིད་ཀྱིས་མི་བཀོལ་སྤྱོད་བྱེད་མཁན་སྡེ་ཚན་གྱིས་ངལ་རྩོལ་གྱི་འབྲེལ་བ་ཕྱིར་འཐེན་ནམ་མཚམས་འཇོག་བྱས་ཆོག་པ་དང་།  མི་བཀོལ་སྤྱོད་བྱེད་མཁན་སྡེ་ཚན་གྱིས་སྤྲོད་ཐེངས་གཅིག་ལ་ལས་རྨས་སྨན་བཅོས་ཁ་གསབ་རོགས་དངུལ་དང་རྨས་མ་ལས་ཞུགས་ཀྱི་ཁ་གསབ་རོགས་དངུལ་འཇལ་སྤྲོད་བྱ་དགོས།  ཚད་གཞི་ཞིབ་ཕྲ་ནི་ཞིང་ཆེན་དང་།  རང་སྐྱོང་ལྗོངས།  ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གིས་གཏན་འབེབས་བྱ་དགོས་ཚུལ་འཁོད་ཡོད།
དོན་ཚན་སོ་ལྔ་པའི་གཏན་འབེབས་ནང་དུ།  ལས་བཟོ་པ་ལས་ཀའི་དབང་གིས་རྨས་སྐྱོན་བྱུང་སྟེ་རིམ་པ་བདུན་པ་ནས་རིམ་པ་བཅུ་པའི་བར་གྱི་རྨས་མར་དཔྱད་བསྡུར་གཏན་འབེབས་བྱས་རིགས་ཀྱིས་གཤམ་གསལ་གྱི་ཐོབ་ཐང་ལོངས་སུ་སྤྱོད་རྒྱུ་ཡོད་དེ།
༡. ལས་རྨས་འགན་བཅོལ་ཐེབས་རྩ་ནི་སྨས་སྐྱོན་ཚབས་ཆེ་ཆུང་རིམ་པར་གཞིགས་ནས་རྨས་སྐྱོན་གྱི་ཁ་གསབ་རོགས་དངུལ་སྤྲོད་ཐེངས་གཅིག་ལ་སྤྲོད་དགོས་པ་དེའི་ཚད་གཞི་ནི།  རིམ་པ་བདུན་པའི་རྨས་མར་ཁོ་རང་གི་ཟླ་བ་༡༢ཀྱི་གླ་ཕོགས་ཚད་གཞིར་བཟུང་ནས་སྤྲོད་དགོས་པ་དང་།  རིམ་བརྒྱད་པའི་རྨས་མར་ཁོ་རང་གི་ཟླ་བ་༡༠ཡི་གླ་ཕོགས་ཚད་གཞིར་བཟུང་ནས་སྤྲོད་དགོས་པ།   རིམ་པ་དགུ་པའི་རྨས་མར་ཁོ་རང་གི་ཟླ་བ་༨ཡི་གླ་ཕོགས་ཚད་གཞིར་བཟུང་ནས་སྤྲོད་དགོས་པ།  རིམ་པ་བཅུ་པའི་རྨས་མར་ཁོ་རང་གི་ཟླ་བ་༦ཡི་གླ་ཕོགས་ཚད་གཞིར་བཟུང་ནས་སྤྲོད་དགོས་པ་བཅས་ཡིན།
༢. ངལ་རྩོལ་གྱི་གན་རྒྱ་འཇོག་ཡུན་ཐིམ་ནས་མཚམས་འཇོག་བྱས་པའམ་ཡང་ན་ལས་བཟོ་པ་རང་ཉིད་ཀྱིས་ངལ་རྩོལ་གྱི་གན་རྒྱ་ཕྱིར་འཐེན་དགོས་ལུགས་བཏོན་ན།  མི་བཀོལ་སྤྱོད་བྱེད་མཁན་སྡེ་ཚན་གྱིས་སྤྲོད་ཐེངས་གཅིག་ལ་ལས་རྨས་སྨན་བཅོས་ཁ་གསབ་རོགས་དངུལ་དང་རྨས་མ་ལས་ཞུགས་ཀྱི་ཁ་གསབ་རོགས་དངུལ་འཇལ་སྤྲོད་བྱ་དགོས།  དེའི་ཚད་གཞི་ཞིབ་ཕྲ་ནི་ཞིང་ཆེན་དང་།  རང་སྐྱོང་ལྗོངས།  ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གིས་གཏན་ལ་འབེབས་དགོས་ཚུལ་འཁོད་ཡོད།
དོན་ཚན་སོ་དྲུག་པའི་གཏན་འབེབས་ནང་དུ།  ལས་རྨས་བྱུང་བའི་ལས་བཟོ་པར་ལས་རྨས་ནད་ལོག་བརྒྱབ་སྟེ་སྨན་བཅོས་བྱ་དགོས་པའི་གཏན་འཁེལ་ན།  སྲོལ་ཡིག་འདིའི་དོན་ཚན་ཉེར་དགུ་པ་དང་།  དོན་ཚན་སུམ་ཅུ་པ།  དོན་ཚན་སོ་གཅིག་པ་བཅས་སུ་གཏན་ལ་ཕབ་པའི་ལས་རྨས་ཀྱི་ཐོབ་ཐང་ལོངས་སུ་སྤྱད་ཆོག་ཚུལ་འཁོད་ཡོད།

 

བསམ་ཚུལ་འབྲི།

Click here to cancel reply.

' རྩོམ་འོག་མ། ཡིད་ལྷུང་ལྷ་མཚོ།

འབྲེལ་ཡོད་ཀྱི་རྩོམ་གཞན།

  • གྲོས་ཆོད་ཁག་ ༧ སྤྱི་མོས་སུ་བཞག་སྟེ་ཚོགས་འདུ་གྲོལ་བ།
  • ཁྲག་ཤེད་ལ་ཚོད་འཛིན་བྱེད་པའི་ཐབས་ལམ།
  • དགུན་ཁར་རིམས་ནད་འདི་དག་འབྱུང་བར་མཉམ་འཇོག་བྱ།
  • མཆིན་ཚིལ་རྒྱས་པའི་སྔོན་འགོག་དང་བཅོས་ཐབས།
  • ཁྱེད་ཀྱི་གསང་བ་ཤོར་སྲིད་པས་འདི་ལ་དོ་སྣང་གྱིས།

ཁྱབ་བསྒྲགས། མང་ ...
    Advertisement
འབྲེལ་མཐུད།
Advertisement
Advertisement
Advertisement
Advertisement
ངོ་དེབ།











  • ཁམས་པའི་དྲ་བ།
  • སྡེ་དགེའི་པར་ཁང་།
  • བོད་ཀྱི་བང་ཆེན།
  • བོད་ཀྱི་དུས་བབ།
  • རྒྱལ་བ་རིན་པོ་ཆེ།
  • ཆུ་སྒང་དྲ་བ།
  • བོད་ཀྱི་ཆ་འཕྲིན།
  • ཨ་རིའི་བརྙན་འཕྲིན།
  • བོད་ཀྱི་གཞས་ཚིག་དྲ་བ།་
  • དྲི་བ་དྲིས་ལན་དྲ་བ།
  • བོད་ཀྱི་འཕྲུལ་དེབ་དྲ་བ།
  • སམ་བྷོ་ཏྲ་དྲ་བ།།
  • འོད་ཟེར་དྲ་བ།
  • བོད་གཞུང་དྲ་བ།
  • སེང་རྡོར་དྲ་བ།།
  • སྨོན་ལམ་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • སྐར་ཁུང་དྲ་བ།
  • གེ་སར་རིག་གནས་དྲ་བ།
  • ཕ་ཡུལ་དྲ་བ།
  • སྤྱི་འཐུས་དྲ་བ།
  • འཛི་སྒར་དྲ་བ།
  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་།
  • © 2020 Dege Gyalyong welfare Society
  • House # D-44, New Tibetan Camp. New Aruna Nagar, Majnu-ka-tilla, Delhi-110054, India.
  • E-mail: [email protected] Tel. 01123815056 Mb: +9717153449

བཟོ་སྐྲུན་པ། བསྟན་འཛིན་ཆོས་གྲགས།