English

  • མདུན་ངོས།
  • རྒྱལ་རབས།
  • ལོ་རྒྱུས།
    • ལུང་ཚན།
    • གནས་རི།
    • བྲག་ནགས་མཚོ།
    • སྣ་ཚོགས།
  • དགོན་སྡེ།
    • སྡེ་དགེའི་དབུ་ཁག་ལྔ།
    • གཡུང་དྲུང་བོན།
    • སྔ་འགྱུར་རྙིང་མ།
    • རྒྱལ་བ་བཀའ་བརྒྱུད།
    • དཔལ་ལྡན་ས་སྐྱ།
    • རི་བོ་དགེ་ལུགས།
  • པར་ཁང།
  • མི་སྣ།
    • སྐྱེས་ཆེན་དམ་པ།
    • ཤེས་ལྡན་མཁས་པ།
    • རླབས་ཆེན་མི་སྣ།
    • རྩོམ་པ་པོ།
    • ལྷ་པ།
    • སྒྲུང་པ།
    • གཞས་པ་གཞས་མ།
    • གྲགས་ཅན་མི་སྣ་གཞན།
  • ཆས་གོས།
    • རྒྱལ་བློན།
    • ཕོ་ཆས།
    • མོ་ཆས།
  • ཡུལ་སྲོལ།
    • བཟང་ངན་བརྩི་སྲོལ།
    • འབྲོག་པ།
    • རོང་པ།
    • རོང་མ་འབྲོག
    • ཡུལ་སྲོལ་ཁག་ཅིག
    • དུས་ཆེན།
  • ལས་འགུལ།
  • ལག་ཤེས།
    • ལྷ་བཟོ།
    • པར་བརྐོས།
    • མགར་བ།
    • རྫ་བཟོ།
    • ཤོག་བུ་བཟོ་བ།
    • ཤིང་བཟོ་བ།
    • འཚེམ་བཟོ།
    • སྤུ་རིགས་བཟོ་བ།
  • གླུ་གཞས།
    • སྡེ་དགེའི་བྲོ་ཆེན།
    • མགུར་མོ།
    • གླུའི་རིགས།
    • གླིང་བྲོ།
    • ཁེད་(གབ་ཚིག)
    • གཏམ་དཔེ།
  • ངོ་སྤྲོད།

རྩེ་དཀར་རྩོམ།

འདོན་སྤེལ། 2013/01/4 1:28 PM རྩོམ་པ་པོ།

ཡིད་ཆེས་མི་ཆེས་རང་གིས་ལྟོས།

རྩེ་དཀར་གྱིས་རྩོམ།

 

ཀ་ཡེ་བུད་མེད། ཁྱོད་ལ་ཡི་རངས་དང་བཀུར་བསྟིས་འཇོག་མཁན་སྐྱེས་པ་ཚོར་དོགས་ཟོན་གྱིས།

—-དབྱུན་ཇིའི་ D.H ལའོ་རན་སིས་ཚིག

༡ ངོ་ཤེས་པ་ནས་འཛུམ་སྟོན་པ་དེར་དམིགས་ཡུལ་ཞིག་ཡོད། གལ་སྲིད་ཁྱོད་རང་ལ་དགོས་མཁོ་མེད་ན་ཕ་རོལ་གྱི་འཛུམ་མདངས་དེ་དང་ལེན་མ་བྱས་ན་བཟང༌།

༢ མི་ཟེར་བ་འདིར་ཨ་གསར་ཆེ། ཁྱོད་རང་མེ་ཏོག་བཞིན་བློ་ལ་བབ་སོང་ཟེར་བ་དེ་གནས་སྐབས་ཙམ་ཡིན། ཉི་མ་ཞིག་ཁྱོད་ལ་སུན་སྣང་སྐྱེ་གི་ཞེས་བརྗོད་དུས། ཁྱོད་ལ་བདེ་སྐྱིད་ལས་སྡུག་བསྔལ་འཕར་མ་ཞིག་སྐྱེ་འཇུག་གི་རེད།

༣ གཞན་དེ་ཁྱོད་རང་གི་བློ་ལ་བབ་སོང་ན་རང་ངོས་ནས་ བརྟག་དགོས་པ་གཉིས་ཡོད། ཡིད་འགུགས་དེ་ཁོའི་ཕྱི་ཚུལ་གྱི་མཛེས་བྱད་ཙམ་རེད་དམ། ཡང་ན་དྭངས་གཙང་གི་ཀུན་གཤིས་ཀྱིས་རེད། གལ་སྲིད་ཕྱི་ཚུལ་གྱི་མཛེས་པའི་ངོས་ནས་རེད་ན་ཁ་རོག་གེར་བསྐྱུར་ན་བཟང༌།

༤ རང་ཉིད་ཆེས་དགའ་ས་དེར་འགྲོགས་ཐུབ་པ་ནས་ཚེ་གང་པོའི་གཏན་གྲོགས་བྱེད་རྒྱུ་ཡིན་ཟེར་ནས་ཐག་གཅོད་བྱེད་ཐུབ་པ་ཞིག་མིན། ཁྱོད་རང་དགའ་དྲགས་པའི་རྐྱེན་ཀྱིས་གཞན་དེའི་སྟེང་ནས་མ་མཐོང་བའི་སྐྱོན་མང་པོ་ཞིག་གིས་ཁྱོད་རང་ག་ལེ་ག་ལེར་སྡུག་ལ་སྦྱར་སྲིད།

༥ མི་ཚེའི་གཏན་གྲོགས་ཤིག་འཚོལ་ན་ངོ་གདོང་དང་ གཟུགས་གཞིའི་མཛེས་བྱད་འགྱུར་འགྲོ་བས་ཅི་བྱེད། དེ་བས་འགྱུར་མེད་ཀྱི་ཀུན་སྤྱོད་ཡག་པོ་ཅན་ཞིག་འདེམས་ན་མི་ཚེའི་འཚོ་བ་སྤྲོ་སྐྱིད་ལྡན་ངེས་ཡིན།

༦ ཁྱོད་ཀྱི་ཉེ་ས་དང་མཐོང་ས་ན་བཟང་རབ་དང་རྫིག་ཉམས་ཀྱི་འཁྲབ་སྟོན་བྱེད་མཁན་དེ་ཚོར་འཛུམ་མདངས་སྟོན་རྐྱང་མི་བྱེད་པར། རིང་ས་དང་མི་མཐོང་ས་ན་ཁྱི་སྤྱང་ལྟ་བུའི་ཐ་ཤལ་བའི་ཀུན་སྤྱོད་ཡོད་མེད་ལ་བརྟག་ རྒྱུ་གལ་ཆེ།

༧ ཁྱོད་ཀྱིས་ཁོ་མཐོང་བ་དང་སེམས་པ་ཤོར་བ་དེ་བརྩེ་དུང་ཆགས་སོང་བ་མ་རེད། དམར་རྗེན་དུ་བཤད་ན་ཆགས་སེམས་ཀྱིས་བསྐྱེད་པའི་ཚོར་འདུ་ཞིག་རེད།

༨ ཁྱོད་ཀྱི་མཐའ་འཁོར་ན་ཁྱོད་ལ་མིག་ཅེར་ནས་བལྟ་མཁན་མང་བ་ནི་རྒྱུན་ལྡན་རེད། གཙོ་བོ་རང་ཉིད་ཀྱི་བསམ་པའི་འཁོར་ཕྱོགས་དང་མིག་གིས་བལྟ་ཕྱོགས་དེ་ནོར་མི་ཉན།

༩ དོན་དག་ཆུང་ཆུང་ཞིག་འགྲུབ་ཆེད་རང་ཉིད་ཀྱི་ལང་ཚོ་གཞན་ལ་གནས་སྐབས་ཙམ་གྱི་རྩེད་ཆས་ལྟ་བུ་བྱེད་འཇུག་པ་ནི་གླེན་རྟགས་ཤིག་རེད།

༡༠ ཁྱོད་ལ་ཡིན་མདོག་འཇོན་མདོག་གིས་ལས་དོན་ཞིག་སྒྲུབ་རོགས་བྱས་རྗེས་ཁྱོད་ཀྱི་ལུས་སྟེང་ནས་ཁེ་ཕན་གཞན་ཞིག་ཟ་བར་དམིགས་ནས་ཡོད་མཁན་དེ་རིགས་ལ་དོགས་ཟོན་བྱས་ན་བཟང༌།

༡༡ སྟེས་དབང་གིས་འཕྲད་པ་དེར་ཐོག་མར་ཨ་གསར་དང་གསར་འགྲོགས་ལྟ་བུའི་དུངས་སེམས་མེད་པར་སུན་སྣང་སྐྱེས་ཀྱང༌། ག་ལེ་ག་ལེར་ཁྱོད་རང་ལ་དགའ་མགུ་དང་དུང་བ་སྐྱེ་རུ་འཇུག་མཁན་གྱི་བརྩེ་དུང་དེ་ བརྩེ་དུང་དངོས་མ་རེད།

༡༢ ཆ་རྒྱུས་མེད་ཀྱང་ཁྱོད་ཀྱིས་ཁས་བླངས་ཏེ་མཉམ་དུ་ཉལ་བའི་དགོང་མོ་དེར་རབ་ཡིན་ན་སྐད་ཆ་མང་པོ་མ་བཤད་ན་བཟང༌། བསམ་བློ་མ་འཁོར་བའི་ཧོལ་རྒྱུག་གིས་ཁྱོད་རང་ལ་ཕམ་ཁ་མང་པོ་སྟེར་སྲིད།

༡༣ ཁྱོད་རང་གཅིག་པུ་ལས་མེད་དུས་མེ་ཏོག་བཞིན་ཉར་ནས་འབྲལ་མི་འདོད་པའི་རྣམ་འགྱུར་སྟོན། ཁྱོད་ལས་ལྷག་པ་ཞིག་གི་འཛུམ་མདངས་བསྟན་འོང་དུས་ཁྱོད་རང་འཕོང་ཕྱིས་ཀྱི་ཤོག་བུ་བཞིན་གཡུགས་ཏེ་བུད་འགྲོ་བ་བཅོས་མའི་བརྩེ་བ་རེད། རང་གིས་ཀྱང་ཨུ་ཚུགས་མ་བརྒྱབ་ན་བཟང༌།

༡༤ ཁ་ཡག་དང་ངོ་དགའ་བྱེད་མི་ཤེས་ནའང༌། རང་ཚུགས་དྲང་བའི་བསམ་ཤེས་ཀྱིས་སྐྱིད་སྡུག་མཉམ་མྱོང་བྱེད་མཁན་ཞིག་ཡིན་ན། རང་ངོས་ནས་བསམ་རྒྱུ་དྲན་རྒྱུ་མ་མང་བར་བདག་པོ་རྒྱག་ཤེས་བྱས་ན་བཟང༌།

༡༥ གཞན་གྱིས་ཁྱོད་ལ་ཅི་ཡང་མི་འཁྱོངས་གང་ཡང་མི་འཇོན་པའི་འཕྱ་སྨོད་དམའ་འབེབས་བྱེད་ན་ཉམ་ཆུང་གིས་ཁོང་ནས་ཁྲོ་བས་ཅི་བྱེད། དེ་བས་རང་ངོས་ནས་གང་ཡང་ཅི་ཡང་མི་འཇོན་བསམ་ནས་མི་འདུག་པར་མགོ་བོ་དགྱེ་བའི་རང་རྟོན་གྱི་བསམ་བློ་ཡོད་དགོས།

༡༦ རི་བོའི་བརྟོས་རྒྱ་མཚོའི་རྟིང་དང་མཚུངས་པའི་བློ་རྒྱ་ཞིག་མེད་ན། ཁྱོད་ཀྱིས་རང་དགའ་ས་དེ་ལས་མ་ཤེས་པ་དང་མ་མཐོང་བའི་སྐྱོན་ཉེས་བསམ་གཟས་ནས་བརྟག་འཚོལ་མ་བྱས་ན་བཟང༌།

༡༧ དུས་རྒྱུན་ཁྱོད་ལ་ཁ་ཡག་ངོ་དགའི་ཚིག་མི་བཤད་ནའང༌། གལ་ལ་ཐུག་དུས་སྔོན་ལ་གདོང་བསྟན་ནས་ཡོང་མཁན་དེ་ཁྱོད་ཀྱི་བློས་ཐུབ་ཀྱི་གྲོགས་པོ་ཡིན།

༡༨ ཁྱོད་ལས་ཁེ་ཕན་ཞིག་གི་ཆེད་དུ་དུས་རྒྱུན་འཛུམ་གྱིས་རྩར་བཅར་ཡོང༌། ཁྱོད་རང་གལ་ལ་ཐུག་དུས་ངོ་གདོང་མི་སྟོན་པར་སྦས་ནས་འདུག་མཁན་ལ་བློ་འདྲིས་མ་བྱས་ན་བཟང༌།

༡༩ ཁྱོད་རང་སྙིང་རྗེ་བོ་ཞིག་ཡིན་པ་དེ་རྒྱུ་ཆེན་ཞིག་གམ། ཡང་ན་དཔོན་ཆེན་ཞིག དབང་ཆེན་ཞིག་གི་གམ་དུ་གཟས་པའི་བསམ་བློ་གཏོང་བ་དེ་རང་གིས་རང་འཐབ་འཛིང་ཆེ་ བའི་གཡུལ་སར་སྐྱེལ་འདོད་པ་རེད།

༢༠ དོན་དག་ཆུང་ཆུང་ཞིག་ལ་འཕྲད་དུས་ཉམ་ཆུང་ངུར་མགོ་བོ་སྨད་ནས་ཕམ་ཉེས་ཀྱི་རང་ མདོག་སྟོན་པ་ནི་རང་གིས་རང་ལ་ཡིད་ཆེས་དང་རང་རྟོན་མེད་པའི་རྟགས་རེད།

༢༡ ཁྱོད་ཀྱི་བྱ་བའི་འཐུས་ཤོར་དང་ཕམ་ཉེས་ལ་བསམ་ཤེས་མི་བྱེད་པར་ཁྱོད་རང་རྩེད་དགོད་ཁོ་ནའི་གཡེང་དུ་ཁྲིད་འགྲོ་མཁན་ཚོའི་མདུན་ནས་རང་གིས་སེམས་རྣལ་དུ་ཕབ་ནས་བག་གཡེང་ལ་ཚོད་འཛིན་བྱེད་ཤེས་དགོས།

 

 

བསམ་ཚུལ་འབྲི།

Click here to cancel reply.

' རྩོམ་འོག་མ། ཚ་བ་མདའ་སྨྱུག་གི་ལོག་རྟོགས་སྙིང་སྟོབས།

འབྲེལ་ཡོད་ཀྱི་རྩོམ་གཞན།

  • སྡེ་དགེ་ཡུལ་གྱི་གེ་སར་སྒྲུང་གི་ངག་རྒྱུན་སྐོར།
  • སྡེ་དགེ་རྫ་ཆུ་ཁའི་གནས་ཚུལ་སྙིང་བསྡུས་དང་ཡུལ་སྲོལ་འགའ།
  • བོད་ཀྱི་ལབ་ཙེ་རིག་གནས་བྱུང་འཕེལ་སྐོར།
  • བུད་མེད་ཞིག་གིས་སྤྱི་ཚོགས་ལ་བཞག་པའི་བྱས་རྗེས།
  • གླུ་ཐོག་མ་དར་ཚུལ་གྱི་སྐོར་རགས་ཙམ་གླེང་བ།

ཁྱབ་བསྒྲགས། མང་ ...
    Advertisement
འབྲེལ་མཐུད།
Advertisement
Advertisement
Advertisement
Advertisement
ངོ་དེབ།











  • ཁམས་པའི་དྲ་བ།
  • སྡེ་དགེའི་པར་ཁང་།
  • བོད་ཀྱི་བང་ཆེན།
  • བོད་ཀྱི་དུས་བབ།
  • རྒྱལ་བ་རིན་པོ་ཆེ།
  • ཆུ་སྒང་དྲ་བ།
  • བོད་ཀྱི་ཆ་འཕྲིན།
  • ཨ་རིའི་བརྙན་འཕྲིན།
  • བོད་ཀྱི་གཞས་ཚིག་དྲ་བ།་
  • དྲི་བ་དྲིས་ལན་དྲ་བ།
  • བོད་ཀྱི་འཕྲུལ་དེབ་དྲ་བ།
  • སམ་བྷོ་ཏྲ་དྲ་བ།།
  • འོད་ཟེར་དྲ་བ།
  • བོད་གཞུང་དྲ་བ།
  • སེང་རྡོར་དྲ་བ།།
  • སྨོན་ལམ་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • སྐར་ཁུང་དྲ་བ།
  • གེ་སར་རིག་གནས་དྲ་བ།
  • ཕ་ཡུལ་དྲ་བ།
  • སྤྱི་འཐུས་དྲ་བ།
  • འཛི་སྒར་དྲ་བ།
  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་།
  • © 2020 Dege Gyalyong welfare Society
  • House # D-44, New Tibetan Camp. New Aruna Nagar, Majnu-ka-tilla, Delhi-110054, India.
  • E-mail: [email protected] Tel. 01123815056 Mb: +9717153449

བཟོ་སྐྲུན་པ། བསྟན་འཛིན་ཆོས་གྲགས།