English

  • མདུན་ངོས།
  • རྒྱལ་རབས།
  • ལོ་རྒྱུས།
    • ལུང་ཚན།
    • གནས་རི།
    • བྲག་ནགས་མཚོ།
    • སྣ་ཚོགས།
  • དགོན་སྡེ།
    • སྡེ་དགེའི་དབུ་ཁག་ལྔ།
    • གཡུང་དྲུང་བོན།
    • སྔ་འགྱུར་རྙིང་མ།
    • རྒྱལ་བ་བཀའ་བརྒྱུད།
    • དཔལ་ལྡན་ས་སྐྱ།
    • རི་བོ་དགེ་ལུགས།
  • པར་ཁང།
  • མི་སྣ།
    • སྐྱེས་ཆེན་དམ་པ།
    • ཤེས་ལྡན་མཁས་པ།
    • རླབས་ཆེན་མི་སྣ།
    • རྩོམ་པ་པོ།
    • ལྷ་པ།
    • སྒྲུང་པ།
    • གཞས་པ་གཞས་མ།
    • གྲགས་ཅན་མི་སྣ་གཞན།
  • ཆས་གོས།
    • རྒྱལ་བློན།
    • ཕོ་ཆས།
    • མོ་ཆས།
  • ཡུལ་སྲོལ།
    • བཟང་ངན་བརྩི་སྲོལ།
    • འབྲོག་པ།
    • རོང་པ།
    • རོང་མ་འབྲོག
    • ཡུལ་སྲོལ་ཁག་ཅིག
    • དུས་ཆེན།
  • ལས་འགུལ།
  • ལག་ཤེས།
    • ལྷ་བཟོ།
    • པར་བརྐོས།
    • མགར་བ།
    • རྫ་བཟོ།
    • ཤོག་བུ་བཟོ་བ།
    • ཤིང་བཟོ་བ།
    • འཚེམ་བཟོ།
    • སྤུ་རིགས་བཟོ་བ།
  • གླུ་གཞས།
    • སྡེ་དགེའི་བྲོ་ཆེན།
    • མགུར་མོ།
    • གླུའི་རིགས།
    • གླིང་བྲོ།
    • ཁེད་(གབ་ཚིག)
    • གཏམ་དཔེ།
  • ངོ་སྤྲོད།

རི་དྭགས་ལྐོག་གསོད་དང་ཤིང་ནགས་གཅོད་འདྲེག

འདོན་སྤེལ། 2016/07/4 4:10 AM རྩོམ་པ་པོ།

སྡེ་དགེ་སྨན་ཤོད་ནས་ཉེ་ཆར་རྒྱ་མི་ཚོང་ལས་པས་རི་དྭགས་ལྐོག་གསོད་བྱེད་བཞིན་པའི་གནས་ཚུལ་ཞིག་ཐོན་པ་དང་། དེར་མང་ཚོགས་ཀྱིས་གཞུང་ལ་ཞུ་བཏུག་བྱས་ཀྱང་གཞུང་ངོས་ནས་ཡ་ལན་དང་དོ་སྣང་དེ་ཙམ་མ་བྱས་པའི་གནས་ཚུལ་ཐོན་ཡོད་པ་ལྟར། ས་འདི་ནས་ཤིང་ནགས་གཅོད་འདྲེག་གིས་ཤིང་ཆ་མང་པོ་ཞིག་འབྲི་ཆུར་བརྒྱུད་རྒྱ་ནག་ཏུ་དབོར་འདྲེན་བྱེད་བཞིན་པ་སོགས་ཀྱིས་ཁོར་ཡུག་གཏོར་སྐྱོན་གཏོང་བཞིན་པའི་གནས་ཚུལ་རིམ་པའང་ཐོན་ཡོད་པ་རེད། དེའང་བོད་ནང་གི་ས་གནས་ས་ཐོག་ནས་འདི་གར་འབྱོར་བའི་གནས་ཚུལ།

13576421_1324939307521584_549537895_n༼ནང་དུ་བཞུགས་པའི་བརྩེ་ལྡན་གྱི་གྲོགས་ཕོ་མོ་ཚང་མ་ལ་ཞུ་རྒྱུ། ད་རེས་ཀྱི་གནས་ཚུལ་འདི་ལ་ཐམས་ཅད་གྱི་དཔུང་པ་མཉམ་གཤིག་མ་བྱས་ན་སྨན་ཤོད་ལུང་པའི་མི་གསོན་པོ་དག་གི་མགོ་བོ་གཅོད་ནས་ཁུར་ཤོར་ཉེན་ཆེ།

དང་པོ། རྐུན་མ་དག་གིས་ཁྱིམ་ཕུག་ཕྱག་ནས་ཁྱིམ་བདག་ཡུལ་བུད་དགོས་ཐུག་ཐལ། མ་ཟད་བཤད་གྲྭའི་ཚོང་ཁང་ནང་དུ་འཛུལ་ནས་གསང་ཨང་དངུལ་སྒམ་དང་བཅས་པ་ཁུར་ནས་ཤོར་ཐལ།

གཉིས་པ། བདུད་འདྲེ་ལས་ཀྱང་བདུག་རྩིབ་ཆེ་བའི་ས་ཆ་གཞན་ནས་ང་ཚོའི་ལུང་པ་ལ་ཐོན་ནས་ཚོང་ལས་བྱེད་པའི་མི་བུ་དེ་དག་གིས་འཛམ་གླིང་ན་མཐོང་པ་དཀའ་བའི་རི་དྭགས་གླ་བ་དང་གོ་བོ་བཅས་ལྕགས་ལྐེད་བཙུགས་ནས་གསོད་པའི་རོ་སུམ་ཅུ་ཙམ་དང་ལྕགས་ལྐེད་སུམ་བརྒྱ་ལྷག་ཙམ་དངོས་སུ་མིག་མཐོང་ལག་ཟུངས་རེད། མི་བུ་འདི་དག་ནི་མི་ལོ་བརྒྱད་དགུ་ཁ་ལྷག་ལ་ཚོང་ལས་བྱས་ནས་ཡུལ་འདི་ལ་འདུག་ཡོད་པས་རི་དྭགས་དང་བྱ་རིགས་ག་ཚོད་གསོད་ཡོད་རྒྱུ་རེད།

13599102_1324939340854914_1375162532_nགསུམ་པ། ནགས་ཚལ་ལ་གཏོར་གཤིག་གཏོང་ནས་སྔོན་གྱི་ནགས་ཚལ་ཏུག་པོ་དེ་དག་ཧ་ལམ་མེད་པ་བཟོ་ཚ་བ་རེད། ཡང་དེ་རིང་ཁ་རྩང་ལུང་པ་འདིའི་འདབ་ལ་་ས་རྐོར་བྱེད་ཀྱི་འཕྲུལ་ཆས་སོགས་བཀོལ་སྤྱོད་བྱེད་ནས་ཟངས་འཁོར་ནང་དུ་བརྫང་བཞིན་པ་དང་ཁ་ཤས་ཀྱིས་ཆུ་བོའི་ནང་དུ་དུད་བཞིན་པ་དང་ད་དུང་ལུང་པ་ཁག་གསུམ་ཙམ་གྱི་ནང་དུ་ཤིང་གྲངས་མེད་པ་གཅོད་བཞིན་ཡོད་པ་མིག་མཐོང་ལག་ཟུངས་རེད། ད་གཟབ་གཟབ་མ་བྱས་ན་རང་གིས་མགོ་བོ་གཅོད་ནས་གཞན་ལག་ཏུ་ཤོར་ཉེན་ཆེ། ཚོགས་པ་འདིའི་ནང་དུ་ཁྱོ་ཁ་ངའི་སྣ་ཟེར་ནས་རྩོད་ལེ་འདུག་བསྡད་ན་ཅི་ཕན་ཐོག་ཡོད་སར་ཨི་འགི་དགོ དོན་དག་དེ་དག་གཅིག་རྗེས་གཉིས་མཐུད་བྱས་ནས་ལས་བྱུང་། རྩོད་ཆད་པའི་དོན་དག་གཅིག་ཀྱང་མེད་པ་ཅི་རེད། རེ་རེ་བཞིན་རྩོད་མ་ཆད་ན་རྗེས་མ་ད་རུང་མུ་མཐུད་ནས་དོན་རྐྱེན་འདིར་དང་འདི་འདྲ་བ་ཇེ་མང་དུ་ཡིང་སྲིད། གོང་གི་སྡེ་དགེ་རྫོང་རྫོང་ཨུད། སྲིད་གཞུང་། རྫོང་སྤྱི་བདེ་ལས་ཁུང་དང་སྨན་ཤོད་ཕུ་མདའ་ཧྱོ་གསུམ་གྱི་ཤང་ཁག་སོ་སོའི་དབུ་ཁྲིད་རྣམས་པར་སོགས་འབྲེལ་ཡོད་ཀྱི་དབུ་ཁྲིད་རྣམས་པས་འདིའི་ཐད་ཕྱོགས་ལ་ཐག་ཅད་དང་དོ་སྣང་ཡག་པོ་གཅིག་གནང་རོགས་མ་བྱས་ན་འདི་འདྲ་བའི་གནས་ཚུལ་ནི་མ་འོངས་པ་ན་མུ་མཐུད་དུ་འབྱུང་ངེས་ཅན་རེད་འདུག  སྤྱིར་འདིར་འདྲའི་གནས་ཚུལ་ནི་ས་སྒང་འདིའི་ཐོག་གི་སྲོག་ཆགས་ཡོངས་ཀྱི་ཚེ་སྲོག་དང་འབྲེལ་བ་ཡོད་པ་དང་། བྱེ་དྲག་དུ་རྒྱལ་ཁབ་དང་ཆོས་ལུགས་ཡུལ་སྲོལ་གོམས་གཤིས་སོགས་ལ་སྨ་འབད་བརྙས་བཅོས་དང་། ཡོང་དགོས་སུ་ལུང་པ་འདི་ཡི་ཤང་ཁག་སོ་སོ་དང་དགོན་སྡེ་ཡུལ་མི་ཡོངས་ལ་བརྩི་སྲུང་མེད་པའི་ཕྱི་མི་བ་ཁ་ཤས་ཀྱིས་ཧ་ཅང་ཐ་ཆད་པའི་བྱ་ངན་བསམ་ཡུལ་ལས་འདས་པའི་གནས་ཚུལ་ཞིག་རེད་འདུག་སྙམ་པས་དེ་ལུགས་དགོང་འཇགས་འཚལ། སྤྱི་ལོ་༢༠༡༦ཟླ་བ་༦པའི་ཚེས་༢༩ཉིན་གྱི་དགོང་མོ་ལ་བྲིས།༽

2 Responses

  1. འཛུམ་གྲོལ། says:
    July 28, 2016 at 4:10 am

    ངོ་མ་བྱ་བ་སྡུག་ཅག་དེ་རིག་ལ་ངོ་རྒོལ་བྱེད་འོས།

    Reply
  2. འཛུམ་གྲོལ། says:
    July 31, 2016 at 10:47 am

    སྡེ་དགེ་དྲ་བའི་དྲ་བདག་ཚོར་སྐད་འགའ་བཞག་ཀྱང་གོ་རིག་ཅི་ཡང་མི་འདུག གལ་ཏེ་སྐད་འདི་མཐོང་ན། ཉིད་ཀྱིས་སྡེ་དགེ་དྲ་བར་བཀོད་པའི་ནང་ཆེན་རྒྱལ་རབས་ཅེས་པ་དེའི་ཞབས་སུ་མཆན་ཞིག་བཏགས་ཡོད་པ་དེར་ཞིབ་གཟིགས་ཅིག་གནང་རོགས་ཞུ།

    Reply

བསམ་ཚུལ་འབྲི།

Click here to cancel reply.

' རྩོམ་འོག་མ། འདི་ལོའི་སློབ་ཐོན་པ་ཚོར་གཟེངས་བསྟོད་ཕྱག་ཁྱེར་འབུལ་རྒྱུའི་གསལ་བརྡ།

འབྲེལ་ཡོད་ཀྱི་རྩོམ་གཞན།

  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་དབུས་རྒྱུན་སྐབས་ ༣ པའི་ལོ་འཁོར་༣ གྱི་ལས་བསྡོམས་སྙིང་བསྡུས།
  • ཨ་ཧྥི་ཏབ་ཀརྨ་སིང་པུ་རེ་ཝལ་ (Aftab Karma Singh Pureval) ལགས་ཨ་རིའི་གྲོང་ཁྱེར་སིན་སི་ན་ཊི་( Cincinnati) ཡི་སྤྱི་ཁྱབ་གྲོང་ཁྱེར་དཔོན་པོའི་གོ་གནས་ཀྱི་རྒྱལ་ཁ་ཐོབ་པ།
  • བོད་ཕྲུག་༢༧་ལ་སྲིད་སྐྱོང་གི་སློབ་ཡོན་གཟེངས་རྟགས་ཐོབ་པའི་ནང་རང་རེ་སྡེ་དགེ་བའི་སློབ་མ་གཅིག་ཡོད་པ་རེད།
  • དབུས་རྒྱུན་སྐབས་གསུམ་པའི་ཚོགས་ཐེངས་གཉིས་པ་དེ་བསྐོང་ཚོགས་གནང་
  • ལོ་གསར་པའི་འཚམ་འདྲི་བཀྲ་ཤིས་བདེ་ལེགས།

ཁྱབ་བསྒྲགས། མང་ ...
    Advertisement
འབྲེལ་མཐུད།
Advertisement
Advertisement
Advertisement
Advertisement
ངོ་དེབ།











  • ཁམས་པའི་དྲ་བ།
  • སྡེ་དགེའི་པར་ཁང་།
  • བོད་ཀྱི་བང་ཆེན།
  • བོད་ཀྱི་དུས་བབ།
  • རྒྱལ་བ་རིན་པོ་ཆེ།
  • ཆུ་སྒང་དྲ་བ།
  • བོད་ཀྱི་ཆ་འཕྲིན།
  • ཨ་རིའི་བརྙན་འཕྲིན།
  • བོད་ཀྱི་གཞས་ཚིག་དྲ་བ།་
  • དྲི་བ་དྲིས་ལན་དྲ་བ།
  • བོད་ཀྱི་འཕྲུལ་དེབ་དྲ་བ།
  • སམ་བྷོ་ཏྲ་དྲ་བ།།
  • འོད་ཟེར་དྲ་བ།
  • བོད་གཞུང་དྲ་བ།
  • སེང་རྡོར་དྲ་བ།།
  • སྨོན་ལམ་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • སྐར་ཁུང་དྲ་བ།
  • གེ་སར་རིག་གནས་དྲ་བ།
  • ཕ་ཡུལ་དྲ་བ།
  • སྤྱི་འཐུས་དྲ་བ།
  • འཛི་སྒར་དྲ་བ།
  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་།
  • © 2020 Dege Gyalyong welfare Society
  • House # D-44, New Tibetan Camp. New Aruna Nagar, Majnu-ka-tilla, Delhi-110054, India.
  • E-mail: [email protected] Tel. 01123815056 Mb: +9717153449

བཟོ་སྐྲུན་པ། བསྟན་འཛིན་ཆོས་གྲགས།