རབ་འབྱམས་པ་ཐུབ་བསྟན་ཕུན་ཚོགས་ཀྱི་ལོ་རྒྱུས་གནད་བསྡུས།
༈ མིང༌། ཐུབ་བསྟན་ཕུན་ཚོགས།
༈ ཕ་ཡུལ། ཁམས་སྡེ་དགེ
༈ མི་རིགས། བོད།
༈ སྐྱེས་དུས་དང་སྐྱེ་ཡུལ། སྤྱི་ལོ་༡༩༥༦ལོའི་ཟླ་བ༨པའི་ཚེས་༨ཉིན།
སྡེ་དགེ་དཔལ་སྤུངས་དགོན་དཔའ་འོག་འབྲོག་སྡེའི་ནང་དུ་སྐྱེས།
༈ ལས་ཁུངས། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང༌།
༈ ཁྱིམ་ཐབ། གཉེན་སྒྲིག་ཟིན་པ། རིགས་བརྒྱུད་མེ།
༈ ལས་ཐོབ། སློབ་དཔོན་ཆེན་མོ། འབུམ་རམས་པའི་སློབ་སྟོན་པ།
༈ ཡོན་ཚད། རབ་འབྱམས་པ།
༈ ཞིབ་འཇུག་ལས་ཁུངས། བོད་སྨན་ཞིབ་འཇུག་ཁང༌།
༈ ཞིབ་འཇུག་བྱ་ཡུལ། གསོ་བ་རིག་པ། བོད་ཀྱི་ལོ་རྒྱུས།
༈ སློབ་སྦྱོང་གི་ལོ་རྒྱུས། སྤྱི་ལོ༡༩༦༡ལོ་ནས་སྤྱི་ལོ༡༩༧༥ལོའི་བར་དཔལ་སྤུངས་དགོན་ཁོངས་ཀྱི་དཔོན་རུ་ཚེ་རིང་འགྱུར་མེད་དང༌། ཐང་བླ་ཚེ་དབང༌། ཡོན་ཏན་ཕུན་ཚོགས། སྐྱབས་ཆེ་ཕན་བདེ་སོགས་སྒེར་བདག་གི་དགེ་རྒན་བསྟེན་ནས།འབྲི་ཀློག་ནས་བཟུང་སུམ་རྟགས། སྙན་ངག སྐར་འབྱུང་རྩིས། མངོན་བརྗོ.། སྡེབས་སྦྱོར། བོད་ཀྱི་ལོ་རྒྱུས། གསོ་བ་རིག་པ། རི་མོ་སོགས་བཟོ་རིག་ཕྲན་ཚེགས། སྒྲ་རིག་པ། ཚད་མ་རིག་པ་བཅས་ཐུན་མོང་གི་རིག་གནས་དང༌། ཕྱག་ཆེན་སྔོན་འགྲོ་ནས་བཟུང་དབུ། ཕར། འདུལ། མཛོད་སོགས་མདོ་ལུགས་ཀྱི་གཞུང་དང༌། ཟབ་མོ་ནང་དོན། ཆོས་དྲུག གཅོད་སྐོར་སོགས་གསང་སྔགས་ཀྱི་ཆོས་སྐོར་མང་པོ་ཐོབ། གཞན་ཡང་གཏོ། མདོས། ཡས། གླུད་བཅས་གྲོང་ཆོག་སྐོར་ལའང་སྦྱོང་པ་ཅུང་ཟད་བྱས།
༡༩༦༤ལོའི་དགུན་ཀ་ནས་འགོ་བཙུགས་ཏེ་ས་གནས་ཀྱི་གྲོང་གསེབ་སློབ་ཆུང་དུ་རྒྱ་ཡིག་སྦྱོང་སར་ཕྱིན་ཀྱང་ལོ་ཕྱེད་ཙམ་སོང་རྗེས་རིག་གནས་གསར་བརྗེ་ལངས་ནས་སློབ་ཆུང་དེ་འཐོར། དེ་རྗེས་མུ་མཐུད་ནས་རྒྱ་ཡིག་ཅུང་ཟད་རེ་རང་སྦྱོང་བྱས།
༡༩༨༢ལོ་ནས་༡༩༨༦ལོའི་བར། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭར་ཞུགས་ནས་དེང་རབས་ཀྱི་ཤེས་རིག་གསར་པ་རྣམས་དང༌། བོད་ཀྱི་སྲོལ་རྒྱུན་གྱི་ཤེས་རིག་རྣམས་ལ་སྦྱོང་བྱས་ནས། ཆེད་སྦྱོང་སློབ་གྲྭའི་ལག་ཁྱེར་ཐོབ།
༈ ཟབ་སྦྱོང༌།
༡༩༩༡ལོའི་ཟླ་བ་༣པ་ནས། པེ་ཅིང་སློབ་གྲྭ་ཆེན་མོའི་ནང་དུ་གནའ་རྫས་རྟོག་ཞིབ་རིག་པར་ཟབ་སྦྱོང་བྱས། ༢༠༠༡ལོའི་ཟླ་བ་༩་པ་ནས་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་མི་རིགས་རིག་པའི་ལས་ཞོར་རབ་འབྱམས་པའི་ཡོན་ཚད་ཐོབ།
༈ ལས་ཀའི་ལོ་རྒྱུས།
༡༩༧༥ལོ་ནས་༡༩༨༢ལོའི་བར། སྡེ་དགེ་དཔལ་སྤུངས་སྡེ་ཤོག་གི་བོད་སྨན་ཁང་གི་སྨན་པ་བྱས།
༡༩༨༦ལོ་ནས་ད་བར་པེ་ཅིང་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་སྦྱོང་དུ་དགེ་རྒན་དང་ཞིབ་འཇུག་གི་ལས་ཀ་བྱས།
༈ སློབ་ཁྲིད་ཀྱི་ནང་དོན། བོད་ཀྱི་རྩོམ་རིག སྙན་ངག ཚད་མ། སུམ་རྟགས། སྐར་འབྱུང་རྩིས། རྩོམ་འབྲིའི་ཤེས་བྱ། ནང་ཆོས་ཀྱི་རྩོམ་རིག ལོ་རྒྱུས་ཀྱི་རྩོམ་རིག བོད་རིག་པའི་སྤྱི་དོན་བཅས་སློབ་ཁྲིད་བྱས་ཡོད།
༈ ད་ལྟའི་སློབ་ཁྲིད། ༡ སློབ་མ་བཀའ་བཅུ་པ་རྣམས་ལ། བོད་སྨན་དང༌། བོད་རིག་པའི་སྤྱི་དོན་སློབ་ཁྲིད་བྱེད་ཅིང་ཡོད། ༢ སློབ་མ་རབ་འབྱམས་པ་རྣམས་ལ། བོད་ཀྱི་ལོ་རྒྱུས་སྤྱི་དོན།ཞང་ཞུང་གི་ལོ་རྒྱུས། བོད་ཀྱི་རིག་གནས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་ཁྲིད་ཅིང་ཡོད
༈ ཕྱི་རྒྱལ་དུ་སློབ་ཁྲིད། ༡༩༩༡ལོའི་ཟླ་བ༤པ་ནས་༡༩༩༥ལོའི་ཟླ་བ་༡༢པའི་བར། དབྱིན་ཡུལ་སུ་ཀོ་ཊི་ལོན་ཌི་ལ་བོད་སྨན་སློབ་ཁྲིད་དང༌། ལས་ཞོར་དུ་དབྱིན་ཡིག་སྦྱོང༌།
༡༩༩༨ལོའི་ཟླ་བ་དང་པོ་ནས། ཟླ་བ༤པའི་བར། ཨི་ཊ་ལིའི་ཞང་ཞུང་ཞིབ་འཇུག་ཁང་དང༌། ན་པོ་ལིའི་སློབ་གྲྭ་ཆེན་མོ་བཅས་ལ་སློབ་ཁྲིད་བྱས།
༡༩༩༨ལོའི་ཟླ་བ༧པའི་ཚེས་༢༤ནས། ཟླ་བ་༡༡པའི་ཚེས༢༣བར་ཨ་རིའི་མ་ས་ཆུའུ་སེའི་ས་ཁུལ་གྱི་ཞང་ཞུང་ཞིབ་འཇུག་ཁང་དང༌། ཨ་མུ་ཧ་སི་ཐིའི་སློབ་གླིང༌། ཧོ་ལི་ཡོ་ཁིའི་སློབ་གླིང༌། ཧམ་ཕུ་ཤེའི་སློབ་གླིང༌། ཧ་བྷུ་རྡིའི་སློབ་གྲྭ་ཆེན་མོ་བཅས་ ལ་བོད་ཀྱི་གསོ་བ་རིག་པ་དང་ལོ་རྒྱུས་སོགས་བོད་ཀྱི་ཤེས་རིག་སྐོར་སློབ་ཁྲིད་བྱས།
༡༩༩༩ལོའི་ཟླབ་༦པའི་༢༠ནས། ཟླ་བ་༧པའི་༥་བར། སུའུ་སི་ལོན་དུ་པདྨ་བོད་སྨན་བཟོ་གྲྭ་རུ་བོད་སྨན་སྐོར་བགྲོ་གླེང་བྱས།
༡༩༩༩ལོའི་ཟླ་བ་༩པའི་ཚེས་༡༣ནས། ཟླ་བ་༡༡པའི་ཚེས་༢༨བར། ཨི་ཊ་ལིའི་མེ་རི་སྒར་རྫོགས་ཆེན་འདུས་སྡེ་དང༌། རྦ་རིའི་སློབ་གྲྭ་ཆེན་པོའི་སྨན་ཁང༌། ཕིའི་ས་སློབ་གྲྭ་ཆེན་མོ་བཅསཀྱི་ནང་དུ་བོད་སྨན་ལ་སོགས་བོད་ཀྱི་རིག་གནས་སྐོར་སློབ་ཁྲིད་བྱས།
༢༠༠༠ལོའི་ཟླ་བ་༢པའི་ཚེས་༢༠ནས། ཟླ་བ་༤པའི་ཚེས་༥བར། ཨ་རིའི་ཡུལ་དུ་ཞང་ཞུང་ ཞིབ་འཇུག་ཁང་དུ་བོད་སྨན་སློབ་ཁྲིད་བྱས།
༢༠༠༠ལོའི་ཟླ་བ་༡༡པའི་ཚེས་༡ནས། ཚེས་༡༧བར། སུ་པན་རྒྱལ་ཁབ་ཀྱི་པ་སེ་ལོ་ནའི་གྲོང་དུ་སོན་རྡ་སློབ་གྲྭའི་ནང་བོད་སྨན་དང༌། རྩ་ཐིག་རླུང་གསུམ་གྱི་རྣམ་བཤད་བཅས་ཁྲི.།
༢༠༠༠ལོའི་ཟླ་བ་༡༡པའི་ཚེས་༡༨་ནས། ཚེས་༢༤བར། སུའུ་སི་ལོན་དུ་བོད་སྨན་བཟོ-སྟངས་སྐོར་བགྲོ་གླེང་བྱས།
༢༠༠༡ལོའི་ཟླ་བ་༦པའི་ཚེས་༥་ནས། ཟླ་བ་༧པའི་ཚེས་༤་བར་ཨ་རིའི-ནུའུ་ཡོ་གྲོང་ཁྱེར་དང༌། མ་ས་ཆུའུ་སེའི་ཞིང་སོགས་སུ་བོད་སྨན་སློབ་ཁྲིད་བྱས།
༢༠༠༡ལོའི་ཟླ་བ་༡༠པའི་ཚེས་༡་ནས། ཟླ་བ་༡༡པའི་ཚེས་༡༤བར་སུ་པན་རྒྱལ་ཁབ་ཏུ་ཕྱིན་ནས། པ་སེ་ལོ་ན་དང༌། ལ་ཀོ་རུས་ཉ། རྦི་ལི་རྦ་ཡོ་སོགས་ཀྱི་གྲོང་ཁྱེར་བོད་སྨན་དང༌། འབྱུང་རྩིས། རྩ་རླུང་བཅས་བཤད།
༢༠༠༢ ལོའི་ཟླ་བ༡༢པའི་ཚེས་༢༧ནས ༢༠༠༣ལོའི་ཟླ་བ་༡་ཚེས་༥བར་སུའུ་སི་ལོན་བོད་སྨན་གསར་བཟོའི་གྲོས་བསྡུར་བྱས།
༈ རྒྱལ་སྤྱིའི་ཚོགས་ཞུགས། ༡༩༩༨ལོའི་ཟླ་བ་༧པའི་ཚེས་༢༤ནས། ཚེས་༣༠བར། ཨ་རིའ་ཧིན་རྡི་ཡ་ནའི་སློབ་གྲྭ་ཆེན་མོའི་ནང་དུ་རྒྱལ་སྤྱི་བོད་རིག་པའི་ཚོགས་འདུས་ཐེངས་བརྒྱད་པར་ཞུགས།
༡༩༩༨ལོའི་ཟླ་བ་༡༡པའི་ཚེས་༧ནས། ཚེས་༩ བར། ཨ་རིའི་རྒྱལ་ས་ཝག་ཤན་ ཏོན་དུ་རྒྱལ་སྤྱིའི་བོད་ཀྱི་གསོ་བ་རིག་པའི་འཚོགས་ འདུས་ཐེངས་དང་པོར་ ཞུགས།
༡༩༩༨ལོའི་ཟླ་བ༡༡པའི་་ཚེས༢༠ནས། ཚེས་༢༣བར༌། ཨ་རིའི་གྲོང་ཁྱེར་ནུའུ་ཡོ་རུ་སྔོ་སྨན་ཡོངས་འདུས་ཀྱི་འཚོགས་འདུས་ཞུགས།
༢༠༠༠ལོའི་ཟླ་བ༧པའི་ཚེས་༡༥ནས། ཚེས་༡༧བར། བོད་ཀྱི་ཡུལ་དབུས་ལྷ་སའི་གྲོང་ཁྱེར་དུ་སྟོང་ལོ་གསར་པའི་རྒྱལ་སྤྱིའི་་བོད་ཀྱི་གསོ་བ་རིག་པའི་ཚོགས་འདུས་ཞུགས།
༢༠༠༣ལོར་ཟླ་༡༡པའི་ཚེས་༥ནས་༨ བར་ཨ་རིའི་རྒྱལ་ས་ཝག་ཤན་ཏོན་དུ་རྒྱལ་སྤྱྀའི་བོད་ཀྱི་གསོ་རིག་ཚོགས་འདུས་ནང་ཞུགས།
༈ རྩོམ་དེབ།
སུམ་རྟགས་ཀྱི་དྲི་བ་དྲིས་ལན། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང༌། ༡༩༨༨ལོར། རྩིས་གཞུང་རིན་ཆེན་སྙིང་པོ། མི་རིགས་སློབ་གྲྭའི་དཔེ་སྐྲུན་ཁང༌། ༡༩༩༡ལོར།
གསོ་རིག་སྙིང་ནོར་གཅེས་བཏུས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང༌། ༡༩༩༧ལོར།
བོད་ལོ་རྒྱུས་སྤྱི་དོན་པདྨ་རཱ་གའི་ལྡེའུ་མིག སི་ཁྲོན་མི་རིགས་དཔེ་སྐྲུན་ཁང༌། ༡༩༩༧ལོར།
གསོ་བྱ་ལུས་ཀྱི་རྣམ་བཤད། པེ་ཅིང་མི་རིགས་དཔེ་སྐྲུན་ཁང༌། ༡༩༩༩ལོར།
གསོ་བྱེད་ཐབས་ཀྱི་རྣམ་བཤད། པེ་ཅིང་མི་རིགས་དཔེ་སྐྲུན་ཁང༌། ༢༠༠༠ལོར།
སྙན་ངག་གི་བྱུང་ཚུལ་དང་དཔེ་བརྗོད། པེ་ཅིང་མི་རིགས་དཔེ་སྐྲུན་ཁང༌། ༢༠༠༣ལོ།
ངོས་འཛིན་རྟགས་ཀྱི་རྣམ་བཤད། པེ་ཅིང་མི་རིགས་དཔེ་སྐྲུན་ཁང༌། ༢༠༠༣ལོར།
ཟབ་མོ་ནང་དོན་གྱི་འགྲེལ་པ་ལུས་སེམས་གསལ་བའི་མེ་ལོང༌། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང༌།༢༠༠༦ལོར།
༈ བསྒྱུར་རྩོམ། ཟླ་བའི་གོ་ལའི་སླ་གཟུགས་ཀྱི་རྣམ་བཤད། མི་རིགས་དཔེ་སྐྲུན་ཁང༌། ༡༩༩༧ལོར།
༈ མཆན་འགྲེལ། རྩ་རླུང་འཕྲུལ་འཁོར། སི་ཁྲོན་མི་རིགས་དཔེ་སྐྲུན་དཔེ་ཁང༌། ༡༩༩༥ལོར།
༈ དཔྱད་རྩོམ། བོད་ཀྱི་མཛེས་རྩལ་རི་མོ་བྱུང་ཚུལ། གངས་དཀར་རི་བོ། ༡༩༨༥ལོར།དེབ་༢པ།
༈ སི་ཏུ་སྐུ་ཕྲེང་རིམས་བྱོན་གྱི་རྣམ་ཐར་མདོར་བསྡུས། གངས་དཀར་རི་བོ། ༡༩༨༦ལོར། དེབ་༦པ།
༈ གཏར་རྩ་དོན་བདུན་གྱི་གསང་གནད། ཤེས་བྱའི་ཟེགས་མ། ༡༩༨༧ལོར། དེབ་༩པ།
༈ བོད་སིལ་བུའི་སྐབས་ཀྱི་ལོ་རབས་ཀྱི་དུས་ཚིགས་ལ་དཔྱད་པ།ཀྲུང་གོ་བོད་ཀྱི་ཤེས་རིག་ཞིབ་འཇུག ༡༩༩༠ལོར། དེབ་༡པ།
༈ སྲོང་བཙན་སྒམ་པོ་ནས་གླང་དར་མའི་བར་གྱི་རྒྱལ་རབས་ལོ་ཚིགས་ལ་དཔྱད་པ།བོད་ལྗོངས་ཞིབ་འཇུག ༡༩༩༠ལོར། དེབ་༢པ།
༈ ལུས་ནད་གཉེན་པོ་གསུམ་ངོ་བོ་བདག་གཅིག་གི་འབྲེལ་བའི་སྐོར་བཤད་པ།ཀྲུང་གོ་བོད་ཀྱི་ཤེས་རིག་ཞིབ་འཇུག ༡༩༩༠ལོར། དེབ་༤པ།
༈ འབྱུང་རྩིས་ཀྱི་ཁུངས་དང་རྣམ་བཤད། བོད་ལྗོངས་ཞིབ་འཇུག ༡༩༩༡ལོར། དེབ་༡པ།
༈ སྲོང་བཙན་སྒམ་པོའི་གོང་གི་དུས་རབས་དོན་རྐྱེན་འགའ་ཞིག་ལ་དཔྱད་པ།ཀྲུང་གོའི་བོད་ཀྱི་ཤེས་རིག་ཞིབ་འཇུག ༡༩༩༡ལོར། དེབ་༤པ།
༈ ལེགས་ཀྱི་སྒྲ་རིག་པ་དང་བོད་ཀྱི་རིག་གནས་བར་གྱི་འབྲེལ་བ།བོད་ལྗོངས་ཞིབ་འཇུག ༡༩༩༢ལོར། དེབ་༡པ།
༈ བོད་ཀྱི་གསོ་རིག་གི་བྱུང་ཁུངས་ལ་དཔྱད་པ། ཀྲུང་གོའི་བོད་ཀྱི་ཤེས་རིག་ཞིབ་འཇུག ༡༩༩༢ལོར། དེབ་༢པ།
༈ ཀརྨ་པའི་སྒར་ཆེན་འཛམ་གླིང་རྒྱན་ལ་དཔྱད་པ།ཀྲུང་གོའི་བོད་ཀྱི་ཤེས་རིག་ཞིབ་འཇུགུ ༡༩༩༣ལོར། དེབ་༡པ།
༈ གཉའ་ཁྲི་བཙན་པོའི་འཁྲུངས་འདས་ཀྱི་ལོ་ཚིགས་དང༌།སྲིད་དབང་གི་ཁྱབ་ཁོངས་ལ་དཔྱད་པ།བོད་ལྗོངས་ཞིབ་འཇུག ༡༩༩༣ལོར། དེབ་༢པ།
༈ ཡིག་བསྒྱུར་ལས་ཀའི་ནང་གི་གནད་དོན་འགའ་ཞིག་ལ་དཔྱད་པ། ཀྲུང་གོའི་བོད་ཀྱི་ཤེས་རིག་ཞིབ་འཇུག ༡༩༩༣ལོར། དེབ་༤པ།
༈ སྒར་ལུགས་དང་སྨན་གྱི་རི་མོ་བྱུང་ཚུལ་དང་འཕེལ་རྒྱས་སྐོར། བོད་ལྗོངས་ཞིབ་འཇུག ༡༩༩༤ལོར། དེབ་༣པ།
༈ བོད་ཀྱི་ལོ་ཐོ་བྱུང་འཕེལ་གྱི་སྐོར། ཀྲུང་གོའི་བོད་ཀྱི་ཤེས་རིག་ཞིབ་འཇུག ༡༩༩༤ལོར། དེབ་༤པ།
༈ བོད་ཀྱི་གསོ་བ་རིག་པའི་ལུགས་ཀྱི་ལུས་ཆགས་པའི་ས་བོན་དང་ཆགས་ཚུལ་སྐོར།བོད་ལྗོངས་ཞིབ་འཇུག ༡༩༩༧ལོར། དེབ་༢པ།
བོད་ཀྱི་ས་དཔྱད་སྐོར་ཐོག་མར་གླེང་བ།
༈ བོད་ལྗོངས་ཞིབ་འཇུག ༡༩༩༧ལོར། དེབ་༤པ།
༈ བོན་པོ་དང་ནང་པའི་ཆོས་ལུགས་བར་གྱི་འབྲེལ་བ། བོད་རིག་པ་ཞིབ་འཇུག དཔྱད་རྩོམ་ཕྱོགས་སྒྲིག ༡༩༩༨ལོར།
༈ ཀོང་ཙེ་འཕྲུལ་རྒྱལ་དང་འབྲེལ་བའི་གནད་དོན་འགའ་ཞིག་གླེང་བ།བོད་ལྗོངས་ཞིབ་འཇུག ༡༩༩༨ལོར། དེབ་༣པ།
༈ བོད་ཀྱི་གསོ་རིག་གི་གཞུང་ལུགས་ཐོག་མ་དང་རྒྱུད་བཞིའི་བར་གྱི་འབྲེལ་བ། ཀྲུང་གོའི་བོད་ལྗོངས། ༢༠༠༠ལོར། དེབ་༦པ།
༈ ལུས་སེམས་འབྲེལ་བའི་རྣམ་བཞག བོད་ལྗོངས་ཞིབ་འཇུག ༢༠༠༡ལོར། དེབ་༤པ།
༈ རྩ་བརྟགས་ཐབས་དང་རྩའི་ཁྱད་ཆོས་ལ་རགས་ཙམ་དཔྱད་པ།བོད་ལྗོངས་ཞིབ་འཇུག ༢༠༠༢ལོར། དེབ་༣པ།
༈ ཕག་གྲུ་སྡེ་སྲིད་རིམ་བྱོན་དང་དབང་བསྒྱུར་གྱི་ལོ་ཚིགས་ལ་དཔྱད་པ། བོད་ལྗོངས་ཞིབ་འཇུག ༢༠༠༣ལོར། དེབ་༢པ།
༈ མི་རིགས་སློབ་གསོའི་ལས་དོན་ཁྲོད་དུ་མཚོན་བྱེད་གསུམ་གྱི་དགོངས་དོན་ཇི་ལྟར་ལག་ལེན་བྱ་བའི་སྐོར་བཤད་པ། བོད་ཀྱི་སློབ་གསོ། ༢༠༠༤ལོར། དེབ་༡པ།
༈ གསོ་རིག་འབུམ་བཞི་དང་རྒྱུད་བཞི་ཕན་ཚུན་གོ་བསྡུར་ནས་དཔྱད་པ། བོད་ལྗོངས་ཞིབ་འཇུག ༢༠༠༤ལོར། དེབ༢པ།
༈ ནད་ཚ་གྲངས་ནོར་སོ་བརྟག་ཐབས་སྐོར་གླེང་བ། བོད་ལྗོངས་ཞིབ་འཇུག ༢༠༠༤ལོར། དེབ༤པ།
༈ ནད་དང་གཉེན་པོ་རྣམས་ནང་གསེས་དབྱེ་བ་དང་བཅས་པའི་སྐོར་བཤད་པ།བོད་ལྗོངས་ཞིབ་འཇུག ༢༠༠༥ལོར། དེབ་༢པ།
༈ བོད་སྨན་བྱུང་འཕེལ་གྱི་ལོ་རྒྱུས་རགས་བསྡུས། (English)ཀྲུང་གོའི་བོད་ལྗོངས། ༢༠༠༦ལོར། དེབ་༡པ།
༈ བོད་ཀྱི་གནའ་བོའི་ངག་རྒྱུད་སྙན་ངག ཀྲུང་གོའི་བོད་ལྗོངས། ༢༠༠༦ལོར། དེབ་༢པ།
༈ ལུས་སེམས་འབྲེལ་བའི་ཞིབ་འཇུག་སྐོར། བོད་ཀྱི་སློབ་གསོ། ༢༠༠༦ལོར། དེབ་༢པ།
༈ ཟས་དང་སྨན་གྱི་ནུས་པའི་བྱུང་ཁུངས་ལ་དཔྱད་པ། (English) ཀྲུང་གོའི་བོད་ལྗོངས། ༢༠༠༦ལོར། དེབ་༥པ།
༈ འབྲུག་པ་བཀའ་བརྒྱུད་དང་འབྲུག་རྒྱལ་ཁབ་ཀྱི་ཡུལ་མིང་བྱུང་ཚུལ་བར་གྱི་འབྲེལ་བ། བོད་ལྗོངས་ཞིབ་འཇུག ༢༠༠༦ལོར། དེབ་༤པ།
༈ སྡེ་དགེའི་མངའ་ཁོངས་དང་རྒྱལ་རབས་སྐོར་རགས་ཙམ་གླེང་བ། བོད་ལྗོངས་ཞིབ་འཇུག ༢༠༠༧ལོར། དེབ་༡པ།
༈ རྩོམ་ཡིག སྡེ་དགེ་བོད་ཡིག་སློབ་གྲྭ སྙན་ངག གངས་དཀར་རི་བོ། ༡༩༨༣ལོར། དེབ་༢པ།
༈ མེས་རྒྱལ་ལ་བསྔགས་པ། སྙན་ངག གངས་དཀར་རི་བོ། ༡༩༨༥ལོར དེབ་༡པ།
༈ རྟའུ་ཡུལ་གྱི་ངག་རྒྱུན། གངས་དཀར་རི་བོ། ༡༩༨༧ལོར། དེབ་༢པ།
༈ དྭགས་པོ་ཟླ་འོད་གཞོན་ནུའི་རྣམ་ཐར། གངས་དཀར་རི་བོ། ༡༩༩༢ལོར། དེབ་༥པ།
༈ བོད་དུ་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་བྱུང་བར་བརྗོད་པ། གངས་དཀར་རི་བོ། ༡༩༩༢ལོར། དེབ་༢པ།
༈ བདག་པོ་ལ་བསྔགས་པ། སྙན་ངག བདག་པོ། ༡༩༩༢ལོར། དེབ་༢པ།
༈ དུས་ཀྱི་འབོད་སྒྲ། སྙན་ངག ཟླ་ཟེར། ༡༩༩༢ལོར། དེབ་༢པ།
༈ ཁྲོ་རུ་ཚེ་རྣམ་གྱི་ལོ་རྒྱུས། མི་རིགས། ༡༩༩༤ལོར། དེབ་༡པ།
༈ བོད་ཀྱི་འབྱུང་རྩིས་ཀྱི་བྱུང་ཁུངས་བཤད་པ། མེ་ལོང༌། དབྱིན་ཡིག ༡༩༩༨ལོར། ཨང་༤༤པ།
༈ བོད་བག་ཇི་ལྟར་བྱུང་ཚུལ། མེ་ལོང༌། དབྱིན་ཡིག ༡༩༩༩ལོར། ཨང་༤༧པ།
༈ བྱ་དགའ་ཐོབ་པ།
༡༩༨༣ལོར། སྡེ་དགེ་བོད་ཡིག་སློབ་གྲྭ། ཞེས་པའི་རྩོམ་ཡིག་དེ་ལ་ལྗོངས་དང་ཞིང་ཆེན་ལྔའི་ བོད་ཀྱི་རྩོམ་རིག་གསར་གཏོད་ཀྱི་བྱ་དགའ་ཨང་གཉིས་པ་ཐོབ།
༈ ༡༩༩༣ལོར། ཀརྨ་པའི་སྒར་ཆེན་འཛམ་གླིང་རྒྱན་ཞེས་པ་ལ་དཔྱད་པ། ཞེས་པའི་དཔྱད་རྩོམ་དེ་ལ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་གཞོན་ནུའི་ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་བྱ་དགའ་ཨང་གཉིས་པ་ཐོབ།
༈ ༢༠༠༠ལོར། བོད་ཀྱི་ལོ་རྒྱུས་སྤྱི་དོན་པདྨ་རཱ་གའི་ལྡེའུ་མིག ཅེས་པ་དེ་ལ་རྒྱལ་ཁབ་མི་རིགས་དོན་གཅོད་ལས་ཁུངས་ཀྱི་སྤྱི་ཚོགས་ཚན་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།
༈ ༢༠༠༠ལོར། བོད་ཀྱི་གསོ་རིག་གི་བསྟན་བཅོས་ཐོག་མ་དང་རྒྱུད་བཞིའི་བར་གྱི་འབྲེལ་བ། ཞེས་པ་དེ་ལ་རྒྱལ་སྤྱིའི་ཟངས་ཀྱི་རྟགས་མ་ཐོབ་པ།
༈ ༢༠༠༦ལོར། ངོས་འཛིན་རྟགས་ཀྱི་རྣམ་བཤད། ཅེས་པ་དེ་ལ་ཀྲུང་གོ་བོད་རིག་པ་ཞིབ་འཇུགགི་ཇོ་མོ་གླང་མའི་རྟགས་ཅན་གྱི་བྱ་དགའ་ཨང་གཉིས་པ་ཐོབ།
༈ ༢༠༠༦ལོར། ལུས་སེམས་འབྲེལ་བའི་རྣམ་བཞག ཅེས་པ་དེ་ལ་པེ་ཅིང་གྲོང་ཁྱེར་སྤྱི་ཚོགས་ཚན་རིག་གི་བྱ་དགའ་ཨང་གཉིས་པ་ཐོབ།
༈ གདན་ཞུས་ལས་ཐོབ།
A. ཀྲུང་གོ་བོད་རིག་པའི་ཞིབ་འཇུག་ལྟེ་གནས་བཀའ་བསྟན་དཔེ་བསྡུར་གི་དཔེ་བསྡུར་བློ་འདྲི་ཡུལ།
B. མཚོ་སྔོན་ཞིང་ཆེན་གསོ་རིག་སློབ་གྲྭའི་མཚན་འཛིན་སློབ་དཔོན།
C. ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་བོད་སྐད་སློབ་སྟོན་པ།
D. པེ་ཅིང་མི་རིགས་དཔེ་ཅིན་ཁང་གི་ཞུ་ཆེན་པ།