English

  • མདུན་ངོས།
  • རྒྱལ་རབས།
  • ལོ་རྒྱུས།
    • ལུང་ཚན།
    • གནས་རི།
    • བྲག་ནགས་མཚོ།
    • སྣ་ཚོགས།
  • དགོན་སྡེ།
    • སྡེ་དགེའི་དབུ་ཁག་ལྔ།
    • གཡུང་དྲུང་བོན།
    • སྔ་འགྱུར་རྙིང་མ།
    • རྒྱལ་བ་བཀའ་བརྒྱུད།
    • དཔལ་ལྡན་ས་སྐྱ།
    • རི་བོ་དགེ་ལུགས།
  • པར་ཁང།
  • མི་སྣ།
    • སྐྱེས་ཆེན་དམ་པ།
    • ཤེས་ལྡན་མཁས་པ།
    • རླབས་ཆེན་མི་སྣ།
    • རྩོམ་པ་པོ།
    • ལྷ་པ།
    • སྒྲུང་པ།
    • གཞས་པ་གཞས་མ།
    • གྲགས་ཅན་མི་སྣ་གཞན།
  • ཆས་གོས།
    • རྒྱལ་བློན།
    • ཕོ་ཆས།
    • མོ་ཆས།
  • ཡུལ་སྲོལ།
    • བཟང་ངན་བརྩི་སྲོལ།
    • འབྲོག་པ།
    • རོང་པ།
    • རོང་མ་འབྲོག
    • ཡུལ་སྲོལ་ཁག་ཅིག
    • དུས་ཆེན།
  • ལས་འགུལ།
  • ལག་ཤེས།
    • ལྷ་བཟོ།
    • པར་བརྐོས།
    • མགར་བ།
    • རྫ་བཟོ།
    • ཤོག་བུ་བཟོ་བ།
    • ཤིང་བཟོ་བ།
    • འཚེམ་བཟོ།
    • སྤུ་རིགས་བཟོ་བ།
  • གླུ་གཞས།
    • སྡེ་དགེའི་བྲོ་ཆེན།
    • མགུར་མོ།
    • གླུའི་རིགས།
    • གླིང་བྲོ།
    • ཁེད་(གབ་ཚིག)
    • གཏམ་དཔེ།
  • ངོ་སྤྲོད།

ཡུལ་སྲོལ་གོམས་གཤིས་སྐོར་ཁག་ཅིག

འདོན་སྤེལ། 2013/01/28 12:48 PM རྩོམ་པ་པོ། བསྡུ་སྒྲིག།

༈ ཡུལ་སྲོལ་གོམས་གཤིས་སྐོར་ནི།

སྡེ་དགེའི་རྒྱལ་རབས་དངུལ་དཀར་མེ་ལོང་ལས་དྲངས།

༈ བརྒྱད་པ་ཡུལ་སྲོལ་གོམས་གཤིས་སྐོར་ནི།

བག་མ་བཏང་ལེན་གྱི་ཚུལ་ནི། རྒྱལ་པོའི་རིགས་དང་། མདུན་སྐོར་དཔོན་ཁག་གི་རིགས། ཧོར་འདྲ་རིགས། མི་སེར་གྱི་རིགས། ཤན་པའི་རིགས། ཕྱི་མཁན་གྱི་རིགས་སོགས་རིམ་པ་གོང་མས་འོག་མ་དང་གཉེན་སྒྲིག་བྱེད་སྲོལ་མེད། གལ་ཏེ་བྱས་ན་གོང་མས་འོག་མ་དང་འབྲེལ་ན་སྨད་པའི་གནས་བྱེད་ཅིང་། འོག་མས་གོང་མའི་རིགས་ཐོབ་ན་དགའ་ཚོར་བྱེད། མང་ཆེ་བ་ཕ་མ་དང་ཉེ་འབྲེལ་ཁག་གི་རིགས་རུས་འོས་མིན་དཔྱད་དེ་མོ་རྩིས་དང་བསྟུན་ནས་མནའ་མ་དང་མག་པ་བསུ་བཏང་བྱེད་སྲོལ་འདུག དངོས་སུ་བག་མ་ལེན་པའི་མཛད་སྒོ་སྤྱིར་བཏང་ཙམ་ལ། བླ་མཆོད་བཀུག་ནས་བག་མ་ལ་དགེ་བའི་ལས་ཕྲན་བདུན་གྱི་ཆོ་ག་དང་འབྲེལ། སྣ་འདྲེ་བཀྲད་པ། མནོལ་གྲིབ་བཀྲུ་བ། བག་གདན་གཏིང་བ། དཀར་གསུམ་གྱིས་ངོ་གསོ་བ། མིང་འདོགས་པ། ལྷ་ལ་འདོགས་པ། གཡང་འགུགས་པ། མཐར་རྟེན་ཤིས་པར་བརྗོས་པ་བཅས་དང་འབྲེལ་སྟོན་མོ་དང་། བྲོ་གཞས་སོགས་ཀྱི་རྟེན་འབྲེལ་མཛད་སྒོ་འོས་བསྟུན་བྱེད་སྲོལ་དང་། མི་ཆེན་ཁག་གིས་རྒྱས་སྤྲོས་སྐབས། མདའ་བཤད། འབེབས་བཤད། སྒོ་བཤད། གཡུ་བཤད་སོགས་སྙན་བརྗིད་དང་ལྡན་པའི་བཤད་པ་སོགས་མཛད་སྒོ་རྒྱས་པ་ཡོད་ཀྱང་རེ་རེ་བཞིན་བྲི་བར་མ་ལོང་།

དུར་འདེབས་སྲོལ་ལ་འབྱུང་རྩིས་དང་། འཆི་ནད་ལ་བརྟགས་ཏེ་མེ་དུར་ཞེས་སྦྱིན་བསྲེག་གི་ཆོ་དང་འབྲེལ། ཆུ་དུར་དང་ལྕགས་དུར་ཞེས་བྱ་རྒོད་ལ་སྦྱིན་པ་ཕལ་ཆེར་དུར་གཅོད་དང་འབྲེལ། ས་དུར་ཞེས་སར་སྦ་དང་ཤིང་དུར་ཞེས་ཤིང་ལ་དཔྱང་སྲོལ་བཅས་ཐམས་ཅད་བླ་མཆོད་ཀྱི་ཆོ་ག་དང་མ་འབྲེལ་ཐབས་མེད་བྱེད། བླ་སྤྲུལ་དང་ཆོས་རྒྱལ་ཆེན་པོ་སོགས་བསྟན་འཛིན་དམ་པ་རྣམས་ཀྱི་སྐུ་པུར་དམར་གདུང་ངམ་ཞུགས་སུ་ཕུལ་བའི་གདུང་ཐལ་མཆོད་རྟེན་དུ་འཇོག་སྟེ་དུས་དང་རྒྱུན་དུ་མཆོད་པ་བྱེད། མི་ཤི་ནས་ཞག་ཞེ་དགུའི་བར་རང་རང་གི་ཡུལ་ལུང་ལ་ཆོས་རྒྱུད་གང་ཡིན་གྱི་གཤིན་ཆོག་ནར་མའམ་མ་མཐའ་བདུན་ཚིགས་ནམ་ཁེལ་བླ་མཆོད་མེད་ན་ཐབས་མེད་ཀྱི་སྲོལ་འཇགས་འདུག འདི་དག་ཞིབ་པར་བརྗོད་ཀྱིས་མི་ལོང་།

 ཡུལ་འདིའི་རྩེ་འཁྲབ་སོགས་ཀྱི་སྲོལ་ནི། གོང་སྨྲས་བཞིན་སྡེ་དགེ་ལྷུན་འགྲུབ་སྟེང་དུ་རྒྱལ་པོ་ནོར་བཟང་གི་རྣམ་ཐར་སོགས་དང་། རྫོགས་ཆེན་དགོན་དུ་གླིང་གི་ཕུ་ནུའི་ཟློས་གར། སྡེ་དགེའི་བྲོ་ཆེན་ནམ་མདུན་བྲོ་དང་ཡུལ་བྲོ། དེའང་མདུན་བྲོ་ལ་གོས་རྒྱན་གོང་དུ་སྨྲས་པ་བཞིན་དང་། ཡུལ་བྲོ་ལའང་ཆས་བྲོ་དང་རྒྱུས་བྲོ་སོགས་གོས་རྒྱན་དང་བྲོ་ཚིག་གི་ཁྱད་པར་ཡོད་ཅིང་། དེ་རེ་རེ་ལའང་ཐོག་མར་འཛམ་བྲོ། བྲོ་མཆོད། གཞུང་བྲོ། བཀྲ་གདན། བཀྲ་ཤིས་སོགས་གོ་རིམ་ངེས་པ་ཅན་ཡོད། དེང་སྐབས་སྡེ་དགེའི་བྲོ་ཆེན་ཞེས་སྐྱེས་པ་རྣམས་ཀྱིས་སྲམ་གཟིགས་སྟག་སོགས་བརྩེགས་མ། མཆན་གབ་གསུམ་བཞི་འགེལ་བ་དང་། བུད་མེད་རྣམས་སྐྲ་མགོ་བོར་དཀྲི་ཞིང་། ཕུ་དུང་ཕུད་ནས་འཁྲབ་འདུག་པ་འདི་དག་དེང་སྐབས་སྡེ་དགེའི་བྲོ་ཆེན་ཡིན་ལས་གནའ་རབས་ཀྱི་སྡེ་དགེའི་བྲོ་ཆེན་མིན་པ་ཞར་བྱུང་དང་། གཞན་ཡང་གཞས་བྲོ། གླུ་བྲོ། ལ་གཞས། མགུར་མ།་མགུར་མོ། གླུ་ཁག་བཀྱེ་བ། རྟ་རྩེད། བོག་རྩེད། མདའ་རྩེད། ཤོག་བག མིག་མང་། རྩལ་འདྲེན། རྐང་རྒྱུག ཐག་རྩེད་སོགས་རྩེད་མོའི་རིགས་ཤིན་ཏུ་མང་པོ་དུས་རྒྱུན་ལུང་ཚན་སོ་སོར་རྩེར་འཛུགས་སྲོལ་མཆིས། ཡོ་ག་རྩ་འཆམ་དང་། རྡོ་རྗེའི་མཆོད་གར་སོགས་ནི། དཀྱིལ་འཁོར་གྱི་ཆོ་ག་དང་འབྲེལ་བས་སྟངས་སྟབས་རེ་རེ་བཞིན་བརྡ་རྟགས་ཡོད་པས་བཅོས་ལྷད་དང་གང་བྱུང་འཆམ་རྒྱུ་སོགས་གཏན་ནས་མི་ཆིག་ཅིང་། དེར་འགའ་ཤས་ཐུན་མོང་དུ་མཇལ་མི་ཆོག་པ་དང་། འགའ་ཤས་མཇལ་ན་ཕྱི་མ་བག་ཆགས་དགེ་བའི་ས་བོན་ཐེབས་པ་སོགས་བཤད་ཀྱང་། དེང་སྐབས་ཡུལ་མི་རྣམས་ཀྱིས་ལྟད་མོའི་ཆེད་དུ་ཟློས་གར་ལྟ་བུའི་གོམས་གཤིས་ཆགས་འདུག ཡུལ་འདིའི་སྡོད་ཁང་གནའ་རབས་ཇོ་ཁང་ཡིན་ཚུལ་ཡུལ་བཀོད་རྙིང་པ་སོགས་ལ་ཡོད་ཀྱང་སོག་པོའི་དགྲ་ཐེངས་གསུམ་དུ་བྱུང་ནས་གནས་ཁང་ཚང་མ་མེར་བསྲེགས་ཤེས་ལྡན་གྱི་སྐྱེས་བུ་ཐམས་ཅད་མཚོན་གྱིས་བསད་པས་ཕྱིས་སུ་ས་ཁང་ལེབ་མོ་འདི་བྱུང་བའི་ལོ་རྒྱུས་ཡོད་ཅེས་དཔལ་སྤུངས་ལྷ་བྲིས་མཁས་དབང་ཐང་བླ་ཚེ་དབང་ནས་གསུང་སྒྲོས་འདུག ཕྱོགས་འདིའི་ས་ཆ་ཕལ་ཆེར་ཇོ་མོ་དང་སོ་ཕག་རྙིང་པ་ཕོན་ཆེན་དོན་འདུག་པར་དཔྱད་འོད་པ་འདུག་གོ།

 

བསམ་ཚུལ་འབྲི།

Click here to cancel reply.

' རྩོམ་འོག་མ། ནང་པའི་གནས་ཆེན་ཁག་གི་ངོ་སྤྲོད་མདོར་བསྡུས།།

འབྲེལ་ཡོད་ཀྱི་རྩོམ་གཞན།

  • བག་མའི་རྟ་ཁ་ལེན་དུས་ཀྱི་བཤད་པ། རབ་བརྟན་དགེ་ལེགས།
  • བག་བཤད་བསྡུས་པ་དགེ་ལེགས་ཀུན་འབྱུང་བཞུགས།
  • ངན་པ་དགུ་འཛོམས་དང་བཟང་པོ་བཅུ་འཛོམས།
  • ཁམས་སྡེ་དགེ་ཡུལ་གྱི་གེ་སར་ངག་རྒྱུན་གྱི་ཁྱད་ཆོས།
  • ཞེ་སའི་ཚིག་མཛོད།

ཁྱབ་བསྒྲགས། མང་ ...
    Advertisement
འབྲེལ་མཐུད།
Advertisement
Advertisement
Advertisement
Advertisement
ངོ་དེབ།











  • ཁམས་པའི་དྲ་བ།
  • སྡེ་དགེའི་པར་ཁང་།
  • བོད་ཀྱི་བང་ཆེན།
  • བོད་ཀྱི་དུས་བབ།
  • རྒྱལ་བ་རིན་པོ་ཆེ།
  • ཆུ་སྒང་དྲ་བ།
  • བོད་ཀྱི་ཆ་འཕྲིན།
  • ཨ་རིའི་བརྙན་འཕྲིན།
  • བོད་ཀྱི་གཞས་ཚིག་དྲ་བ།་
  • དྲི་བ་དྲིས་ལན་དྲ་བ།
  • བོད་ཀྱི་འཕྲུལ་དེབ་དྲ་བ།
  • སམ་བྷོ་ཏྲ་དྲ་བ།།
  • འོད་ཟེར་དྲ་བ།
  • བོད་གཞུང་དྲ་བ།
  • སེང་རྡོར་དྲ་བ།།
  • སྨོན་ལམ་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • སྐར་ཁུང་དྲ་བ།
  • གེ་སར་རིག་གནས་དྲ་བ།
  • ཕ་ཡུལ་དྲ་བ།
  • སྤྱི་འཐུས་དྲ་བ།
  • འཛི་སྒར་དྲ་བ།
  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་།
  • © 2020 Dege Gyalyong welfare Society
  • House # D-44, New Tibetan Camp. New Aruna Nagar, Majnu-ka-tilla, Delhi-110054, India.
  • E-mail: [email protected] Tel. 01123815056 Mb: +9717153449

བཟོ་སྐྲུན་པ། བསྟན་འཛིན་ཆོས་གྲགས།