English

  • མདུན་ངོས།
  • རྒྱལ་རབས།
  • ལོ་རྒྱུས།
    • ལུང་ཚན།
    • གནས་རི།
    • བྲག་ནགས་མཚོ།
    • སྣ་ཚོགས།
  • དགོན་སྡེ།
    • སྡེ་དགེའི་དབུ་ཁག་ལྔ།
    • གཡུང་དྲུང་བོན།
    • སྔ་འགྱུར་རྙིང་མ།
    • རྒྱལ་བ་བཀའ་བརྒྱུད།
    • དཔལ་ལྡན་ས་སྐྱ།
    • རི་བོ་དགེ་ལུགས།
  • པར་ཁང།
  • མི་སྣ།
    • སྐྱེས་ཆེན་དམ་པ།
    • ཤེས་ལྡན་མཁས་པ།
    • རླབས་ཆེན་མི་སྣ།
    • རྩོམ་པ་པོ།
    • ལྷ་པ།
    • སྒྲུང་པ།
    • གཞས་པ་གཞས་མ།
    • གྲགས་ཅན་མི་སྣ་གཞན།
  • ཆས་གོས།
    • རྒྱལ་བློན།
    • ཕོ་ཆས།
    • མོ་ཆས།
  • ཡུལ་སྲོལ།
    • བཟང་ངན་བརྩི་སྲོལ།
    • འབྲོག་པ།
    • རོང་པ།
    • རོང་མ་འབྲོག
    • ཡུལ་སྲོལ་ཁག་ཅིག
    • དུས་ཆེན།
  • ལས་འགུལ།
  • ལག་ཤེས།
    • ལྷ་བཟོ།
    • པར་བརྐོས།
    • མགར་བ།
    • རྫ་བཟོ།
    • ཤོག་བུ་བཟོ་བ།
    • ཤིང་བཟོ་བ།
    • འཚེམ་བཟོ།
    • སྤུ་རིགས་བཟོ་བ།
  • གླུ་གཞས།
    • སྡེ་དགེའི་བྲོ་ཆེན།
    • མགུར་མོ།
    • གླུའི་རིགས།
    • གླིང་བྲོ།
    • ཁེད་(གབ་ཚིག)
    • གཏམ་དཔེ།
  • ངོ་སྤྲོད།

ཡུལ་མི་རྣམས་ལ་གཏམ་དུ་བྱ་བ།

འདོན་སྤེལ། 2013/01/9 5:04 AM རྩོམ་པ་པོ།

འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་མཚོ།

བླ་མ་འཇམ་པའི་དབྱངས་ལ་ཕྱག་འཚལ་ནས།།
རང་ཕྱོགས་ཡུལ་མི་རྣམས་ལ་གྲོས་ཤིག་འདེབས།།

ལུགས་ཀྱི་ཆོས་ལས་རྒྱ་ཆེར་བཤད་ན་ཡང་།།
དམན་པས་གོ་དཀའ་འདི་ཙམ་འཕྲལ་དུ་ཕན།།
ཡུལ་མི་ཐམས་ཅད་སྐྱིད་ཡ་སྡུག་རོགས་ཡིན།།
ཁེ་ཕན་རྒྱལ་ཁ་བརྩད་ཀྱང་དོན་སྒོ་ཆུང་།།
འཐབ་རྩོད་ཉུང་ལ་ཕན་ཐོགས་མང་བར་གྱིས།།
དེ་ལྟར་བྱས་ན་རང་སྐྱིད་རོགས་ཀྱང་སྐྱིད།།
བཟའ་ཚང་མི་རྣམས་སྐྱིད་སྡུག་མཉམ་ཁུར་ཡིན།།
བློ་སེམས་མཐུན་ན་རང་བདེ་རོགས་ཀྱང་སྐྱིད།།
ཁ་འཐབ་མང་ན་རང་སྡུག་རོགས་ཀྱང་སྡུག།
ཡུད་ཙམ་འདུས་ཚེ་ཅི་དགའ་ཅི་སྐྱིད་བྱ།།
ཡུལ་མི་མཐུ་བསྡོར་རང་ཕྱོགས་བསྲུང་དགོས་པས།།
འཐེན་ཁྱེར་མ་མང་བློ་སེམས་གཅིག་ཏུ་བསྟུན།།
རང་སྐྱ་ཁེར་ཕེར་སུས་ཀྱང་མི་འོང་བས།།
རང་དོན་རོགས་དོན་མཉམ་སྲུང་བྱས་ན་ལེགས།།
ཕན་པ་བྱེད་པ་འོས་ཚོད་དྲིན་གཟོ་གྱིས།།
བཟང་ངོ་མེད་ནས་སུས་ཀྱང་ཕན་མི་འདོགས།།
མི་སྲུན་བླུན་པོ་ཇི་ལྟར་འོས་པའི་འདུལ།།
ངན་པ་རང་དབང་ཆེ་ན་ཡུལ་དེ་རྒུད།།
ཅུང་ཟད་ཙམ་གྱིས་དགའ་སྡུག་མི་སྐྱེན་པར།།
སེམས་ཕུག་མཛའ་ན་ཐམས་ཅད་མཛའ་ཞིང་དགའ།།
བུད་མེད་ངན་མ་བཞིན་དུ་དབྱེན་གྱི་ཁར།།
མ་ཉན་བློ་རྒྱུད་བརྟན་ན་དུས་ཀུན་བདེ།།
ཡོད་པོས་མེད་ལ་གཡར་པོ་ཁུང་བཟུང་གྱིས།།
དེ་ལྟར་བྱས་ན་ཡོད་པོ་ཀུན་གྱིས་བརྩི།།
མེད་པོས་ཡོད་ལ་རོགས་དང་མངག་གཞུག་གྱིས།།
དེ་ལྟར་བྱས་ན་མེད་ཀྱང་གཡར་ཁུང་རྙེད།།
རང་ཤེས་རོགས་ཤེས་བསམ་དཔྱོད་མེད་པ་ཡི།།
རང་འདོད་ཆེ་བའི་ཡུལ་དེར་བག་མི་ཕེབ།།
བསམ་བཟང་ཤེས་པ་ཅན་གྱི་མི་མང་ན།།
ཡུལ་དེ་བདེ་ཞིང་དམ་པའི་སྐྱེ་བོས་བསྟེན།།
ཤེས་ཅན་ཡོན་ཏན་ཡོད་པ་ཀུན་གྱི་བར།།
ཤེས་མེད་བསམ་རྒྱ་ཆུང་བ་གྱི་ནར་ཞོག།
སྟོན་པའི་རྗེས་འཇུག་ཇི་ལྟར་ཞན་ཀྱང་མཆོད།།
གཉོམ་ཆུང་མ་ནུས་པ་ལ་ཅི་ཕན་བྱོས།།
བཟང་ཕྱུག་སུ་བྱུང་རང་ཡུལ་བསོད་ནམས་ཡིན།།
དེ་ལ་ཕྲག་དོག་བྱས་ནརང་ཡུལ་བརླག།
ངན་དབུལ་སུ་བྱུང་ལས་ཀྱི་བསྐོས་ཐང་ཡིན།།
དེ་ལ་དམན་སྡང་བྱེད་ན་ཐ་ཤལ་རྟགས།།
མཉམ་དུ་འགྲོགས་ན་རེད་དང་མ་རེད་བརྒྱ།།
སུ་ལ་འང་འབྱུང་ཕྱིར་ཡུལ་མི་བཟའ་ཚང་ལ།།
ཉེས་པ་ཅུང་ཟད་ཙམ་ལ་མི་འཐད་པར།།
བྱམས་པ་བསྐྱང་ན་སླར་ཡང་མཛའ་བར་གྱུར།།
རྗེ་བོ་ཁུར་ཞིང་ཡུལ་མི་བློ་མཐུན་ལ།།
དཀོན་མཆོག་གསུམ་ལ་བཀུར་སྟི་ཆེ་བ་དང་།།
ཡ་རབས་བྱ་བར་དགའ་ཞིང་བསམ་དཀར་ཅན།།
གང་དུ་མང་བའི་ཡུལ་དེ་དར་བར་གྱུར།།
རྐུ་ཁྲམ་རྫུན་གསུམ་སྤང་བ་ཀུན་ཡིད་ཆེས།།
རྩི་འཚོ་སྐྱོང་གསུམ་མཁས་ན་ཀུན་དང་མཐུན།།
བསགས་གཏོང་ཚོང་གསུམ་ཤེས་ན་འབྱོར་བ་འཕེལ།།
དཔའ་གཉེན་ཚོད་གསུམ་ལྡན་ན་ཀུན་གྱིས་བརྩི།།
རང་རྒྱུད་དྲང་ན་ནང་མཁའི་ལྷ་ཡང་མགུ།།
མི་གཞི་བཟང་ན་ཐམས་ཅད་གཉེན་ལྟར་འདུན།།
བསམ་པ་བཟང་ན་རང་གི་ལས་ལམ་དགེ།
ཤེས་པ་ཡོད་ན་རང་ལ་ཕུན་སུམ་ཚོགས།།
བློ་ཁོག་ཡང་ན་འཐབ་རྩོད་ཉུང་ཞིང་སྐྱིད།།
གཞན་ལ་གང་ཕན་བྱས་ན་རང་ཉིད་བདེ།།
དཀོན་མཆོག་གསུམ་ལ་དད་ན་འདི་ཕྱིར་ལེགས།།
བསོད་ནམས་ཚོགས་བསགས་བྱས་ན་བསམ་པ་འགྲུབ།།
ཅིས་ཀྱང་འཆི་ངེས་ལས་འབྲས་བསླུ་མེད་པས།།
རང་མཁོས་གང་ཡོད་དགེ་སྒྲུབ་སྡིག་སྤོང་གྱིས།།
བླང་དོར་འབྱེད་པ་དམ་ཆོས་ཐོས་ལས་འབྱུང་།།
དམ་པ་བསྟེན་ཞིང་དམ་ཆོས་ཉན་ན་དགེ།
དེ་བས་དེ་ལྟར་བཤད་པ་ཇི་བཞིན་དུ།།
སེམས་ལ་བླང་ན་ཕན་དང་བདེ་བ་འཕེལ།།
ཡུལ་གྱི་བདེ་ཐབས་ཅི་ཞིག་དགོས་ཞེས་སུ།།
འབྲི་བ་དེ་ལ་འདི་ལྟར་སྟོན་པར་གྱིས།།

མེ་སྤྲེལ་ཟླ༢ཚེས་༢༠ལ་བྲིས་པ་དགེ་ལེགས་འཕེལ།།

བསམ་ཚུལ་འབྲི།

Click here to cancel reply.

' རྩོམ་འོག་མ། སྤྲུལ་པའི་རྒྱལ་པོས་བོད་ཁམས་སྤྱི་ལ་གདམས་པ།

འབྲེལ་ཡོད་ཀྱི་རྩོམ་གཞན།

  • སྡེ་དགེ་ཡུལ་གྱི་གེ་སར་སྒྲུང་གི་ངག་རྒྱུན་སྐོར།
  • སྡེ་དགེ་རྫ་ཆུ་ཁའི་གནས་ཚུལ་སྙིང་བསྡུས་དང་ཡུལ་སྲོལ་འགའ།
  • བོད་ཀྱི་ལབ་ཙེ་རིག་གནས་བྱུང་འཕེལ་སྐོར།
  • བུད་མེད་ཞིག་གིས་སྤྱི་ཚོགས་ལ་བཞག་པའི་བྱས་རྗེས།
  • གླུ་ཐོག་མ་དར་ཚུལ་གྱི་སྐོར་རགས་ཙམ་གླེང་བ།

ཁྱབ་བསྒྲགས། མང་ ...
    Advertisement
འབྲེལ་མཐུད།
Advertisement
Advertisement
Advertisement
Advertisement
ངོ་དེབ།











  • ཁམས་པའི་དྲ་བ།
  • སྡེ་དགེའི་པར་ཁང་།
  • བོད་ཀྱི་བང་ཆེན།
  • བོད་ཀྱི་དུས་བབ།
  • རྒྱལ་བ་རིན་པོ་ཆེ།
  • ཆུ་སྒང་དྲ་བ།
  • བོད་ཀྱི་ཆ་འཕྲིན།
  • ཨ་རིའི་བརྙན་འཕྲིན།
  • བོད་ཀྱི་གཞས་ཚིག་དྲ་བ།་
  • དྲི་བ་དྲིས་ལན་དྲ་བ།
  • བོད་ཀྱི་འཕྲུལ་དེབ་དྲ་བ།
  • སམ་བྷོ་ཏྲ་དྲ་བ།།
  • འོད་ཟེར་དྲ་བ།
  • བོད་གཞུང་དྲ་བ།
  • སེང་རྡོར་དྲ་བ།།
  • སྨོན་ལམ་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • སྐར་ཁུང་དྲ་བ།
  • གེ་སར་རིག་གནས་དྲ་བ།
  • ཕ་ཡུལ་དྲ་བ།
  • སྤྱི་འཐུས་དྲ་བ།
  • འཛི་སྒར་དྲ་བ།
  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་།
  • © 2020 Dege Gyalyong welfare Society
  • House # D-44, New Tibetan Camp. New Aruna Nagar, Majnu-ka-tilla, Delhi-110054, India.
  • E-mail: [email protected] Tel. 01123815056 Mb: +9717153449

བཟོ་སྐྲུན་པ། བསྟན་འཛིན་ཆོས་གྲགས།