English

  • མདུན་ངོས།
  • རྒྱལ་རབས།
  • ལོ་རྒྱུས།
    • ལུང་ཚན།
    • གནས་རི།
    • བྲག་ནགས་མཚོ།
    • སྣ་ཚོགས།
  • དགོན་སྡེ།
    • སྡེ་དགེའི་དབུ་ཁག་ལྔ།
    • གཡུང་དྲུང་བོན།
    • སྔ་འགྱུར་རྙིང་མ།
    • རྒྱལ་བ་བཀའ་བརྒྱུད།
    • དཔལ་ལྡན་ས་སྐྱ།
    • རི་བོ་དགེ་ལུགས།
  • པར་ཁང།
  • མི་སྣ།
    • སྐྱེས་ཆེན་དམ་པ།
    • ཤེས་ལྡན་མཁས་པ།
    • རླབས་ཆེན་མི་སྣ།
    • རྩོམ་པ་པོ།
    • ལྷ་པ།
    • སྒྲུང་པ།
    • གཞས་པ་གཞས་མ།
    • གྲགས་ཅན་མི་སྣ་གཞན།
  • ཆས་གོས།
    • རྒྱལ་བློན།
    • ཕོ་ཆས།
    • མོ་ཆས།
  • ཡུལ་སྲོལ།
    • བཟང་ངན་བརྩི་སྲོལ།
    • འབྲོག་པ།
    • རོང་པ།
    • རོང་མ་འབྲོག
    • ཡུལ་སྲོལ་ཁག་ཅིག
    • དུས་ཆེན།
  • ལས་འགུལ།
  • ལག་ཤེས།
    • ལྷ་བཟོ།
    • པར་བརྐོས།
    • མགར་བ།
    • རྫ་བཟོ།
    • ཤོག་བུ་བཟོ་བ།
    • ཤིང་བཟོ་བ།
    • འཚེམ་བཟོ།
    • སྤུ་རིགས་བཟོ་བ།
  • གླུ་གཞས།
    • སྡེ་དགེའི་བྲོ་ཆེན།
    • མགུར་མོ།
    • གླུའི་རིགས།
    • གླིང་བྲོ།
    • ཁེད་(གབ་ཚིག)
    • གཏམ་དཔེ།
  • ངོ་སྤྲོད།

བྲིས་འབྲི་བ།

འདོན་སྤེལ། 2013/01/19 5:26 PM རྩོམ་པ་པོ།

དགེ་རྒྱལ་རབས་ཟླ་ཤེལ་གསར་པའི་མེ་ལོང་ལས་དྲངས།རྩོམ་པ་པོ།ཐུབ་བསྟན་ཕུན་ཚོགས།

IMG - Copyསྡེ་དགེ་སྐུ་སེ་གྲོང་པའི་ལག་རྩལ་གཙོ་བོ་ནི་ཡི་གེའི་ལག་རྩལ་ཡིན།ཁོ་ཚོའི་ལག་རྩལ་གཙོ་བོ་དེ་ཡི་གེ་འབྲི་ཡས་དང༌།སྤར་ཤིང་བརྐོ་ཡས་དེ་གཉིས་རེད།གནའ་དུས་སྐུ་སེ་གྲོང་གི་མི་རྣམས་ཀྱིས་ཡི་གེའི་ལག་རྩལ་སྦྱངས་ཤིང་དགོན་སྡེ་ཁག་གི་ནང་དུ་བྲིས་གླ་དང༌།སྤར་གླ་ལ་བརྟེན་ནས་འཚོ་བ་སྐྱེལ་ཞིང་ཡོད་པ་རེད།སྤྱིར་གནའ་བོའི་དུས་ནས་འབྲི་ཆུའི་ཤར་ནུབ་གཉིས་སུ་ཡོད་པའི་དགོན་སྡེ་ཕལ་གྱི་ནང་རྟེན་རྒྱལ་བའི་བཀའ་བསྟན་དང༌། ཤེར་ཕྱིན་འབུམ་པ་དང༌།བཀའ་འདུས།བརྒྱད་སྟོང་པ།གསེར་འོད།ཐར་མདོ།མདོ་སྡེ་སྐལ་བཟང་ལ་སོགས་པ་དབུ་ཅན་ནམ་ཡིག་དཀར་བྲིས་མ་ཡོད་པ་འདི་རྣམས་དང༌།དེ་བཞིན་དུ་གཏོ་མདོས་དང༌།འདོན་ཆོག་གི་དཔེ་ཆ་དབུ་མེད་དེ་ཡིག་ནག་བྲིས་མ་བླ་གྲྭ་རྣམས་ཀྱི་གྲངས་དང་མཉམ་པ་མང་པོ་མཐོང་རྒྱུ་ཡོད་པ་འདི་དག་ནི་སྐུ་སེ་གྲོང་གི་བྲིས་པ་རྣམས་ཀྱིས་བྲིས་གླ་བླངས་ནས་བྲིས་པའི་འབྲས་བུ་ཡིན་པར་གོར་མ་ཆགས།ཡོངས་གྲགས་སུ་སྤྱི་ལོའི་དུས་རབས་བཅོ་བརྒྱད་པའི་འགོ་ཙམ་ན་སྡེ་བྲིས་ཞེས་ཐུན་མོང་མ་ཡིན་པའི་མཛེས་ཉམས་ཅན་གྱི་དབུ་ཅན་གྱི་ཡིག་གཟུགས་འདི་ནི། སྤྱི་ལོ་1730ལོར་ཙམ་ན་སྡེ་དགེ་ཆོས་རྒྱལ་བསྟན་པ་ཚེ་རིང་གིས་རྒྱལ་བའི་བཀའ་བསྟན་རྣམས་སྤར་དུ་བརྐོ་བའི་དགོས་ཆེད་དུ་སྐུ་སེའི་བྲིས་པ་རྣམས་གཙོ་བོ་བྱས་པའི་ཡུལ་འདིའི་བྲིས་པ་གང་མཁས་རྣམས་འཚོགས་ཤིང༌།བོད་ཀྱི་ཡིག་གཟུགས་གང་མཛེས་རྣམས་ཕྱོགས་བསྡུ་བྱས་པ་ལ་སྡེ་བྲིས་ཞེས་པ་འདི་བྱུང༌།དེ་ནི་བཀའ་བསྟན་སྤར་དུ་བརྐོ་བའི་པར་ཙའི་ཆེད་དུ་ལེགས་བཅོས་བྱས་པའི་ཡིག་གཟུགས་ཞིག་ཡིན།སྤྱི་ལོ་1732ལོར་སྡེ་དགེ་ཆོས་རྒྱལ་བསྟན་པ་ཚེ་རིང་གིས་བཀའ་འགྱུར་སྤར་བརྐོ་རྒྱུའི་ལས་འགོ་བརྩམས་ནས་སྐུ་སེའི་སྤར་བརྐོས་རྣམས་གཙོ་བོ་བྱས་པའི་ལས་ར་བསྡུས་ཏེ་སྤར་བརྐོས་པ་ནས་བཟུང༌། དཔལ་སྤུངས་དང༌།ཀཿཐོག་སོགས་སྡེ་དགེའི་མངའ་ཁོངས་ཀྱི་དགོན་པ་ཆེ་བ་དག་གིས་སྤར་ཤིང་གསར་བརྐོ་མང་པོར་བྱས་སྟབས།སྐུ་སེའི་སྤར་བརྐོས་ཇེ་མང་དང༌།ལས་རིགས་ཇེ་རྒྱས་ཕྱིན་པ་རེད།

 

བསམ་ཚུལ་འབྲི།

Click here to cancel reply.

' རྩོམ་འོག་མ། སྤུ་རིགས་ཐོན་རྫས་ལག་རྩལ།

འབྲེལ་ཡོད་ཀྱི་རྩོམ་གཞན།

  • སྡེ་དགེ་བ་དཀོན་མཆོག་བཀྲིས་ལ་བོད་ཀྱི་རྟ་སྒའི་སྐོར་བཅར་འདྲི།
  • སྤུ་རིགས་ཐོན་རྫས་ལག་རྩལ།

ཁྱབ་བསྒྲགས། མང་ ...
    Advertisement
འབྲེལ་མཐུད།
Advertisement
Advertisement
Advertisement
Advertisement
ངོ་དེབ།











  • ཁམས་པའི་དྲ་བ།
  • སྡེ་དགེའི་པར་ཁང་།
  • བོད་ཀྱི་བང་ཆེན།
  • བོད་ཀྱི་དུས་བབ།
  • རྒྱལ་བ་རིན་པོ་ཆེ།
  • ཆུ་སྒང་དྲ་བ།
  • བོད་ཀྱི་ཆ་འཕྲིན།
  • ཨ་རིའི་བརྙན་འཕྲིན།
  • བོད་ཀྱི་གཞས་ཚིག་དྲ་བ།་
  • དྲི་བ་དྲིས་ལན་དྲ་བ།
  • བོད་ཀྱི་འཕྲུལ་དེབ་དྲ་བ།
  • སམ་བྷོ་ཏྲ་དྲ་བ།།
  • འོད་ཟེར་དྲ་བ།
  • བོད་གཞུང་དྲ་བ།
  • སེང་རྡོར་དྲ་བ།།
  • སྨོན་ལམ་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • སྐར་ཁུང་དྲ་བ།
  • གེ་སར་རིག་གནས་དྲ་བ།
  • ཕ་ཡུལ་དྲ་བ།
  • སྤྱི་འཐུས་དྲ་བ།
  • འཛི་སྒར་དྲ་བ།
  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་།
  • © 2020 Dege Gyalyong welfare Society
  • House # D-44, New Tibetan Camp. New Aruna Nagar, Majnu-ka-tilla, Delhi-110054, India.
  • E-mail: [email protected] Tel. 01123815056 Mb: +9717153449

བཟོ་སྐྲུན་པ། བསྟན་འཛིན་ཆོས་གྲགས།