English

  • མདུན་ངོས།
  • རྒྱལ་རབས།
  • ལོ་རྒྱུས།
    • ལུང་ཚན།
    • གནས་རི།
    • བྲག་ནགས་མཚོ།
    • སྣ་ཚོགས།
  • དགོན་སྡེ།
    • སྡེ་དགེའི་དབུ་ཁག་ལྔ།
    • གཡུང་དྲུང་བོན།
    • སྔ་འགྱུར་རྙིང་མ།
    • རྒྱལ་བ་བཀའ་བརྒྱུད།
    • དཔལ་ལྡན་ས་སྐྱ།
    • རི་བོ་དགེ་ལུགས།
  • པར་ཁང།
  • མི་སྣ།
    • སྐྱེས་ཆེན་དམ་པ།
    • ཤེས་ལྡན་མཁས་པ།
    • རླབས་ཆེན་མི་སྣ།
    • རྩོམ་པ་པོ།
    • ལྷ་པ།
    • སྒྲུང་པ།
    • གཞས་པ་གཞས་མ།
    • གྲགས་ཅན་མི་སྣ་གཞན།
  • ཆས་གོས།
    • རྒྱལ་བློན།
    • ཕོ་ཆས།
    • མོ་ཆས།
  • ཡུལ་སྲོལ།
    • བཟང་ངན་བརྩི་སྲོལ།
    • འབྲོག་པ།
    • རོང་པ།
    • རོང་མ་འབྲོག
    • ཡུལ་སྲོལ་ཁག་ཅིག
    • དུས་ཆེན།
  • ལས་འགུལ།
  • ལག་ཤེས།
    • ལྷ་བཟོ།
    • པར་བརྐོས།
    • མགར་བ།
    • རྫ་བཟོ།
    • ཤོག་བུ་བཟོ་བ།
    • ཤིང་བཟོ་བ།
    • འཚེམ་བཟོ།
    • སྤུ་རིགས་བཟོ་བ།
  • གླུ་གཞས།
    • སྡེ་དགེའི་བྲོ་ཆེན།
    • མགུར་མོ།
    • གླུའི་རིགས།
    • གླིང་བྲོ།
    • ཁེད་(གབ་ཚིག)
    • གཏམ་དཔེ།
  • ངོ་སྤྲོད།

ཡ་ལུང་ཚེ་རིང་།

འདོན་སྤེལ། 2015/07/11 6:31 PM རྩོམ་པ་པོ།

སྡེ་དགེ་ཚེ་རིང་།

གུས་པ་སྡེ་དགེ་ཚེ་རིང་ནི་སྡེ་དགེ་ཡ་ལུང་ལྷ་རྒྱབ་ཏུ་སྤྱི་ལོ་༡༩༣༥ལོ་ཕ་བཀྲ་ར་དང་།མ་ཆོས་ཉིད་ལྷ་མོ་གཉིས་ཀྱི་བུར་སྐྱེས་ཤིང་།སྤྱི་ལོ་༡༩༥༩སྤྱི་ཟླ་༡༡ནང་བསྟན་སྲུང་དང་བླངས་དམག་ཏུ་སྤོ་བོ་སྤྲ་མོག་ལ་འཛུལ་ཞུགས་བྱས་པ་ཡིན།སྤོ་བོ་སྤྲ་མོག་ཁ་ར་ཟམ་པ་ལ་རོགས་པ་གཉིས་དང་གུས་པ་རྣམས་རྒྱ་དམར་ཡོད་མེད་ཀྱི་སྔོན་ལ་བལྟ་བར་བཏང་བྱུང་།དེ་སྐབས་རྒྱ་དམར་གྱིས་ཟམ་པ་དེ་སྦར་རྫས་བརྒྱབ་སྟེ་ཟམ་པ་གཏོར་ནས་གུས་པའི་རོགས་པ་གཉིས་དང་རྟ་དྲེལ་བཅས་པ་ཆུ་ལ་ལྷུང་སྟེ་ཚེ་སྲོག་ཤོར་སོང་།ངའི་ལག་གཡས་པ་དེར་རྨས་སྐྱོན་ལྕི་མོ་ཞིག་ཕོག་འདུགམཐའ་ཨ་ཀ་ཏ་ལ་ང་གཉིས་རྒྱ་དམར་གྱི་མེ་མདའི་ཁ་ནས་ཐར་ཙམ་ཞིག་བྱུང་སོང་།དེ་རྗེས་སུ་དམག་དཔོན་ཆ་འཕྲིན་ཟླ་བ།རྒྱ་རྡོ་དོན་གྲུབ་དང་།ཆབ་མདོ་ཚེ་རིང་རྡོ་རྗེ་བཅས་ཀྱི་འོག་ལ་དམག་མི་བྱས་ཏེ་རྒྱ་དམར་ལ་ཁ་གཏད་བྱས་ནས་དུས་ཚོད་རིང་པོར་བསྡད་པ་ཡིན།དེ་སྐབས་སུ་ང་ཚོ་དང་རྒྱ་དམར་གྱི་དམག་མི་ཆུ་ཕར་ཁ་དང་ཚར་ཁར་བསྡད་དེ་དམག་བརྒྱབ་ནས་རྒྱ་དམག་མང་པོ་བསད་ཐུབ་པ་བྱུང་སོང་།དེ་ནས་བྱང་ཧ་ལི་སྒང་དུ་སླེབས་དུས་ང་ཚོ་དམག་དཔོན་ཕུར་པ་ཕྲིན་ལས་དང་།ལི་ཐང་རག་ར་སོགས་མཉམ་དུ་ལྟོ་ཚང་གཅིག་གི་འོག་ལ་བསྡད་ནས་རྒྱ་དམར་ལ་དམག་ཤུགས་ཆེན་འཛིང་པ་ཡིན།ཀོང་པོ་རྒྱ་ཟླ་དང་ཞོ་ལ་ལ་ནང་ཡང་ང་ཚོས་རྒྱ་དང་མཉམ་དུ་འཛིང་པ་རེད།ཕུ་མ་བྱང་ཐང་ལ་རྒྱ་དམར་མཉམ་དུ་དམག་བརྒྱབ་པའི་སྐབས་སུ་ང་ཚོའི་བསྟན་སྲུང་དང་བླངས་དམག་མི་གསུམ་གྱི་ཚེ་སྲོག་ཤོར་ཡོད་པ་དང་གཅིག་སྨས་མ་བྱུང་ཡོ་པ་རེད།དེ་ནས་ང་ཚོ་ལ་དཀའ་ངལ་ཤིན་ཏུ་ཆེན་པོ་ཕྲད་བྱུང་།ཧོར་ཁ་རྫ་རོང་པ་ལ་རྒྱ་དང་མཉམ་དུ་དམག་བརྒྱབ་ནས་ང་ཚོ་བསྟན་སྲུངས་དང་བླངས་དམག་མི་མི་གྲངས་ལྔ་བཅུ་ཙམ་གྱི་ནང་ནས་ཁ་བྲལ་དགོས་བྱུང་སོང་།དེ་སྐབས་ལ་དགེ་རྒན་ཕུར་པ་འཕྲིན་ལས་དང་ང་གཙོས་པའི་མི་གྲངས་བདུན་ཙམ་ཕྱིར་ཐར་ཐུབ་པ་བྱུང་སོང་།དེ་ནས་འབྲུག་ཡུལ་ལ་ཡ་སྟོང་པ་ཟེར་བའི་ལུང་པ་དེ་ནང་སླེབས་སྐབས་རྒྱ་དམར་གྱིས་རྗེས་དེད་བཏང་བ་དང་མཉམ་དུ་ཁ་གཏད་བྱེད་བཞིན་རྒྱ་དམར་གྱི་མེ་མདའི་ཁ་ནས་ཚེ་སྲོག་ཐར་ཙམ་ཞིག་བྱུང་སོང་།མཐའ་འབྲུག་ཡུལ་རྒྱུད་ནས་རྒྱ་གར་འཕགས་པའི་ཡུལ་དུ་འབྱོར་ཐུབ་བྱུང་།

བསམ་ཚུལ་འབྲི།

Click here to cancel reply.

' རྩོམ་འོག་མ། ཡིད་ལྷུང་བཟོད་པ།

འབྲེལ་ཡོད་ཀྱི་རྩོམ་གཞན།

  • མཁས་དབང་ནམ་མཁའི་ནོར་བུ་ལ་ཨི་ཊ་ལིའི་མི་སེར་གྱི་གཟེངས་རྟགས་མཐོ་ཤོས་དེ་ཕུལ།
  • ཚེ་དབང་ཕུན་ཚོགས་ཀྱི་ལོ་རྒྱུས་སྙིང་བསྡུས།
  • ཡིད་ལྷུང་འཆི་མེད་རྣམ་རྒྱལ།
  • ཡིད་ལྷུང་བཟོད་པ།
  • ཡིད་ལྷུང་འོད་གསལ།

ཁྱབ་བསྒྲགས། མང་ ...
    Advertisement
འབྲེལ་མཐུད།
Advertisement
Advertisement
Advertisement
Advertisement
ངོ་དེབ།











  • ཁམས་པའི་དྲ་བ།
  • སྡེ་དགེའི་པར་ཁང་།
  • བོད་ཀྱི་བང་ཆེན།
  • བོད་ཀྱི་དུས་བབ།
  • རྒྱལ་བ་རིན་པོ་ཆེ།
  • ཆུ་སྒང་དྲ་བ།
  • བོད་ཀྱི་ཆ་འཕྲིན།
  • ཨ་རིའི་བརྙན་འཕྲིན།
  • བོད་ཀྱི་གཞས་ཚིག་དྲ་བ།་
  • དྲི་བ་དྲིས་ལན་དྲ་བ།
  • བོད་ཀྱི་འཕྲུལ་དེབ་དྲ་བ།
  • སམ་བྷོ་ཏྲ་དྲ་བ།།
  • འོད་ཟེར་དྲ་བ།
  • བོད་གཞུང་དྲ་བ།
  • སེང་རྡོར་དྲ་བ།།
  • སྨོན་ལམ་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • སྐར་ཁུང་དྲ་བ།
  • གེ་སར་རིག་གནས་དྲ་བ།
  • ཕ་ཡུལ་དྲ་བ།
  • སྤྱི་འཐུས་དྲ་བ།
  • འཛི་སྒར་དྲ་བ།
  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་།
  • © 2020 Dege Gyalyong welfare Society
  • House # D-44, New Tibetan Camp. New Aruna Nagar, Majnu-ka-tilla, Delhi-110054, India.
  • E-mail: [email protected] Tel. 01123815056 Mb: +9717153449

བཟོ་སྐྲུན་པ། བསྟན་འཛིན་ཆོས་གྲགས།