English

  • མདུན་ངོས།
  • རྒྱལ་རབས།
  • ལོ་རྒྱུས།
    • ལུང་ཚན།
    • གནས་རི།
    • བྲག་ནགས་མཚོ།
    • སྣ་ཚོགས།
  • དགོན་སྡེ།
    • སྡེ་དགེའི་དབུ་ཁག་ལྔ།
    • གཡུང་དྲུང་བོན།
    • སྔ་འགྱུར་རྙིང་མ།
    • རྒྱལ་བ་བཀའ་བརྒྱུད།
    • དཔལ་ལྡན་ས་སྐྱ།
    • རི་བོ་དགེ་ལུགས།
  • པར་ཁང།
  • མི་སྣ།
    • སྐྱེས་ཆེན་དམ་པ།
    • ཤེས་ལྡན་མཁས་པ།
    • རླབས་ཆེན་མི་སྣ།
    • རྩོམ་པ་པོ།
    • ལྷ་པ།
    • སྒྲུང་པ།
    • གཞས་པ་གཞས་མ།
    • གྲགས་ཅན་མི་སྣ་གཞན།
  • ཆས་གོས།
    • རྒྱལ་བློན།
    • ཕོ་ཆས།
    • མོ་ཆས།
  • ཡུལ་སྲོལ།
    • བཟང་ངན་བརྩི་སྲོལ།
    • འབྲོག་པ།
    • རོང་པ།
    • རོང་མ་འབྲོག
    • ཡུལ་སྲོལ་ཁག་ཅིག
    • དུས་ཆེན།
  • ལས་འགུལ།
  • ལག་ཤེས།
    • ལྷ་བཟོ།
    • པར་བརྐོས།
    • མགར་བ།
    • རྫ་བཟོ།
    • ཤོག་བུ་བཟོ་བ།
    • ཤིང་བཟོ་བ།
    • འཚེམ་བཟོ།
    • སྤུ་རིགས་བཟོ་བ།
  • གླུ་གཞས།
    • སྡེ་དགེའི་བྲོ་ཆེན།
    • མགུར་མོ།
    • གླུའི་རིགས།
    • གླིང་བྲོ།
    • ཁེད་(གབ་ཚིག)
    • གཏམ་དཔེ།
  • ངོ་སྤྲོད།

ནོ་བེལ་གཟེངས་རྟགས་ཐོབ་མཁན་གྱི་བུད་མེད་ཞེ་ལྔ།

འདོན་སྤེལ། 2014/05/1 7:06 PM རྩོམ་པ་པོ།

འཛམ་གླིང་ཐོག་ནོ་པེར་གཟེངས་རྟགས་ཐོབ་མཁན་གྱི་བུད་མེད་ཞེ་ལྔ།

སྔོན་གླེང་།

women-nobel-prizeནོ་བེལ་གཟེངས་རྟགས་ནི་སུའེ་ཊན་རྒྱལ་ཚང་ཚན་རིག་ཁང་དང་སུའེ་ཊན་མཐོ་ སློབ། དེ་བཞིན་ཁཱ་རོ་ལིན་སློབ་ཆེན་དང་ནོ་ཝེའེ་ནོ་པེར་ལྷན་ཚོགས་ནས་ལོ་རེ་ བཞིན་རྫས་འགྱུར་དང་སྐྱེ་དངོས། ས་ཁམས་དང་རྩོམ་རིག འཛམ་གླིང་ཞི་བདེ་དང་སྐྱེ་ ཁམས་རིག་པ། དཔལ་འབྱོར་རིག་པ་བཅས་ཀྱི་ཁྱབ་ཁོངས་སུ་ཕུལ་བྱུང་གི་ལེགས་སྐྱེས་ ཕུལ་མཁན་མི་སྣར་གནང་གི་ཡོད། དཔལ་འབྱོར་གྱི་གཟིངས་རྟགས་ཕུད། གཞན་ཁག་ལྔ་ཚང་མ་ ཕྱི་ལོ་ ༡༨༩༥ ལོར་ཨཱ་ཨར་ཧྥུ་ལེ་ཏི། ནོ་པེ་ཨར་ཁོང་གི་ཞལ་ཆེམས་ལྟར་གནང་གི་ ཡོད། དེའང་ལོ་ལྟར་གྱི་ཟླ་ ༡༢ ཚེས་ ༡༠ ཉིན་ནམ་ནོ་པེར་ཨར་འདས་ཚེས་ཉིན་འབུལ་ བཞེས་མཛད་སྒོ་འཚོགས་ཀྱི་ཡོད་པ་རེད། གཟིངས་རྟགས་ཐོབ་མཁན་ཚོར་རྟགས་མ་རེ་དང་ ལག་ཁྱེར། དེ་བཞིན་གྲངས་ཀ་མི་འདྲ་བའི་གཟིངས་དངུལ་བཅས་ཐོབ་ཀྱི་ཡོད། ཕྱི་ ལོ་ ༢༠༡༣ བར་བསྡོམས་སྐྱེས་པ་ ༨༢༥ ལ་གཟིགས་གསོལ་འདི་རག་ཅིང་། དེ་མིན་ད་བར་ བུད་མེད་ ༤༥ ལ་ཆེས་མཐོའི་གཟིངས་རྟགས་འདི་ཐོབ་ཡོད་པ་གཤམ་གསལ།

 

 

འཛམ་གླིང་ཐོག་ནོ་པེར་གཟིངས་རྟགས་ ཐོབ་མཁན་གྱི་བུད་མེད་ཞེ་ལྔ།༡། ཕྱི་ལོ་ ༡༩༠༣ ལོར། པཱོ་ལན་རྒྱལ་ཁབ་ཀྱི་བུད་མེད་མཱ་རི་ཅུ་ལི་དང་ སྐྱེས་པ་ཧཱིང་རི་པེ་ཁི་ལེ་གཉིས་མཉམ་དུ་ཧྥ་རན་སི་རྒྱལ་ཁབ་ཀྱི་མིང་ཐོག་ནས་ སྐྱེ་དངོས་རིག་པའི་གཟིངས་རྟགས་ཐོབ། དེ་ནི་སློབ་དཔོན་པཱེ་ཁི་ལེའི་རྫས་འགྱུར་ ནང་གི་འཕྲོ་ཤུགས་རང་བཞིན་གྱི་གནས་སྟངས་སུ་གཅིག་མཚུངས་ཀྱི་ཞིབ་འཇུག་ལ་གྲུབ་ འབྲས་ཐོན་པ་ཞིག་ཡིན།

 

༢། ༡༩༠༥ ལོར། ཨཱོ་གླིང་ཧཱང་གྷ་རི་རྒྱལ་ཁབ་ཀྱི་མིང་ཐོག མཚོན་ཆ་མར་ ཞོག ཅེས་པའི་དེབ་ཀྱི་རྩོམ་པ་པོ་པཱི་ཨར་ཐ་ཧྥིང་སུའུ་ཐེ་ན་ཡིས་ཞི་བདེའི་ གཟིངས་རྟགས་ཐོབ། དེ་བཞིན་ཁོང་མོ་ཞི་བདེའི་གཟིངས་རྟགས་འདི་གསར་སྐྲུན་ཐད་ ལེགས་སྐྱས་ཕུལ་མྱོང་མཁན་ཞིག་ཀྱང་ཡིན།

 

༣། ༡༩༠༩ ལོར། སུའེ་ཊན་རྒྱལ་ཁབ་ཀྱི་ཟཱེར་མ་ལ་གི་རོ་ཧྥུའི་མོའི་བརྩམས་ཆོས་ ནང་གི་དམིགས་བསལ་གདིང་འཇོག་འོས་པའི་ཕུག་བསམ་རིང་ལུགས་དང་འཆར་ཡན་གྱི་ནུས་ པ། དེ་མིན་མཛེས་ཉམས་དོད་པའི་རྩོམ་ལུགས་ཀྱི་ཐོག་ནས་ནོ་པེར་རྩོམ་རིག་བྱ་དགའ་ ཐོབ།

 

༤། ༡༩༡༡ ལོར། པཱོ་ལན་རྒྱལ་ཁབ་ཀྱི་མཱ་རི་ཅུ་ལི་ནས་ཧྥ་རན་སིའི་རྒྱལ་ཁབ་ ཀྱི་མིང་ཐོག་ནས་རྫས་འགྱུར་ཐོག་རྡུལ་ལཱེ་དང་ཕུའུ་གཉིས་ལ་ཞིབ་འཇུག་གྱི་གྲུབ་ དོན་ཐོག་ནས་ནོ་པེར་རྫས་འགྱུར་རིག་པའི་བྱ་དགའ་ཐོབ།

 

༥། ༡༩༢༦ ལོར། དབྱི་ཊ་ལཱིའི་གྷི་ལ་ཆི་ཡ་ཏེ་ལེ་ཏ་ཡིས་ཕུག་བསམ་རིང་ལུགས་ ཀྱིས་གྲུབ་པའི་བརྩམས་ཆོས་ཐོག་ནས་མོ་རང་འཚར་ལོངས་བྱེད་སའི་གླིང་ཕྲན་ཐོག་གི་ འཚོ་བ་འབྲི་བཀོད་བྱས། འགྲོ་བ་མིའི་རིགས་ཀྱི་སྤྱི་བཏང་གནད་དོན་ཐོག་ཞིབ་ དཔྱོད་དང་གཏིང་ཟབ་ཀྱི་རྩོམ་རྩལ་ཐོག་ནས་རྩོམ་རིག་བྱ་དགའ་རག

 

༦། ༡༩༢༨ ལོར། ནཱོ་ཝེའི་ཞཱི་ཀེ་རི་ཐེ་ཝུན་ཟེ་ཐིས་དུས་རབས་དཀྱིལ་མའི་བྱང་ ཕྱོགས་རྒྱལ་ཁབ་ཏུ་འཚོ་བར་ནུས་ལྡན་གྱི་འབྲི་བཀོད་བྱས་པར་བརྟེན་ནས་རྩོམ་རིག་ བྱ་དགའ་ཐོབ་ཡོད་པ་རེད།

 

༧། ༡༩༣༡ ལོར། ཨ་རིའི་ཅཱན་ཡ་ཏང་ཟི་དང་གཞན་སྐྱེས་པ་ཉི་གུ་ལ་ཟི་མཉམ་དུ་ སྤྱི་ཚོགས་བཅོས་བསྒྱུར་གྱི་ལས་དོན་དང་རྒྱལ་སྤྱིའི་བུད་མེད་ཀྱིས་ཞི་བདེ་དང་ རང་དབང་མནའ་འབྲེལ་ཚོགས་པའི་དབུ་འཁྲིད་བརྩོན་ལེན་གྱིས་ཕུལ་བྱུང་གི་བྱ་བ་ སྒྲུབ་པར་བརྟེན་འཛམ་གླིང་ནོ་པེར་ཞི་བདེ་གཟིངས་རྟགས་ཐོབ།

 

༨། ༡༩༣༥ ལོར། ཧྥ་རན་སིའི་དབྱི་ལུན་ཡེ་ལི་ཨོ་དང་ཁོང་མོའི་བཟའ་ཟླ་གཉིས་ ཀྱིས་རྫས་འགྱུར་རིག་པའི་ཐོག་གི་འོད་འཕྲོས་རང་བཞིན་གྱི་ཞིབ་འཇུག་གྲུབ་དོན་ ཕུལ་བྱུང་ཐོན་པའི་སྒོ་ནས་རྫས་འགྱུར་གཟིངས་རྟགས་ཐོབ།

 

༩། ༡༩༣༨ ལོར། ཨ་རིའི་བུད་མེད་ཟཱེ་ཀྲིན་ཀྲུའུ་ནས་སྒེར་གྱི་ལོ་རྒྱུས་འབྲི་ བཀོད་ཀྱི་ལམ་ནས་རྒྱ་ནག་གི་ཞིང་པའི་ཕྱོགས་ཡོངས་ཀྱི་འཚོ་བ་དང་ལོ་རྒྱུས་སྙན་ ངག་གི་རྣམ་པའི་སྒོ་ནས་ཕུལ་བྱུང་གི་འབྲི་རྩོམ་ལ་རྩོམ་རིག་བྱ་དགའ་ཐོབ།

 

༡༠། ༡༩༤༥ ལོར། ཊི་ལི་རྒྱལ་ཁབ་ཀྱི་ཅཱ་ཧྥུ་ལེ་ལ་མི་ཟི་ཐེ་ཨར་གྱིས་བརྩེ་ ཚོར་ཆེན་པོས་བྲིས་པའི་སྙན་ངག་དེ་དག་གིས་མོའི་མཚན་སྙན་དེ་ལཱ་ཏིང་ཨ་རི་གླིང་ ཕྲན་ཡོངས་སུ་ཕུག་བསམ་ལ་རེ་བས་ཁྱབ་ཅིང་རྩོམ་རིག་གཟིངས་རྟགས་ཐོབ།

 

༡༡། ༡༩༤༦ ལོར། ཨ་རིའི་ལོ་རྒྱུས་དང་སྤྱི་ཚོགས་རིག་པའི་སློབ་དཔོན་ ནམ། རྒྱལ་སྤྱིའི་བུད་མེད་ཀྱིས་ཞི་བདེ་དང་རང་དབང་མནའ་འབྲེལ་གྱི་རྒྱལ་སྤྱིའི་ མིང་ཐོག་གི་སྤྱི་ཁྱབ་དབུ་འཁྲིད་བུད་མེད་ཨཱེ་མི་ལི་གི་ལིན་པོར་ཆི་དང་སྐྱེས་ པ་ཀྱཱོ་ཧན་གཉིས་ཀྱིས་ཞི་བདེའི་བྱ་དགའ་ཐོབ།

 

༡༢། ༡༩༤༧ ལོར། ཨ་རིའི་གཟུགས་ཕུང་སྐྱེ་འཕེལ་རིག་པ་དང་ཡང་ན་གསོ་རིག་ཐོག་ ནས་མངར་མོའི་རིགས་ལ་འགྱུར་བའི་སྐོར་གྷི་ཏི་ཁི་རི་དང་སྐྱེས་པ་ཁ་ཨར་གཉིས་ ཀྱིས་གསོ་རིག་བྱ་དགའ་རག

 

༡༣། ༡༩༦༣ ལོར། ཨ་རིའི་མཱ་རི་ཡ་གྷི་ཕེ་ཏེ་མི་ཡ་དང་སྐྱེས་པ་ཀྱཱོ་ཧན་གཉིས་ ཀྱིས་རྫས་འགྱུར་རྡུལ་རིགས་ཀྱི་རིམ་པ་རྟོག་དཔྱོད་བྱུང་ནས་བྱ་དགའ་འདི་ཐོབ།

 

༡༤། ༡༩༦༤ ལོར། དབྱིན་ཇིའི་ཏཱོ་རོ་ཞི་ཁོ་རོ་ཧྥུ་ཟི་ཧོ་ཆི་ཅིང་གིས་འོད་ ཐིག་ X ཐོག་གི་འཕྲོས་ཤུགས་ཀྱིས་གཟུགས་ཅན་ཐོག་སྐྱེ་དངོས་དང་རྫས་འགྱུར་ཐད་ ཀྱི་གྲུབ་དོན་འགལ་ཆེན་འགའ་གཏན་འབེབས་བྱས་ཏེ་རྫས་འགྱུར་བྱ་དགའ་ཐོབ།

 

༡༥། སུའེ་ཊན་རྒྱལ་ཁབ་ཀྱི་ནཱེ་རི་ཟ་ཁེ་ཟིས་དང་སྐྱེས་པ་ཟཱ་ཀྱོ་ཨར་གཉིས་ ཀྱིས་རྩོམ་རིག་བྱ་དགའ་ཐོབ་དགོས་པའི་རྒྱུ་མཚན་དེའང་། ཁོང་མོས་ཚོར་ཤུགས་ཆེན་ པོས་ཕུལ་བྱུང་གི་ཟློས་གར་རྩོམ་རིག་ཐོག་ནས་ཨཱི་ཟི་རེལ་རྒྱལ་ཁབ་ཀྱི་ལས་དབང་ བྲིས་པས་ཡིན།

 

༡༦། ༡༩༧༦ ལོར། དབྱིན་ཇིའི་བྱང་ཨཱེ་ཨར་རན་གྱི་ཞི་བདེ་ལས་འགུལ་ལམ་དེ་རྗེས་ ཞི་བདེའི་མི་སྣའི་ཚོགས་པ་ཞེས་མིང་བསྒྱུར་པའི་ཚོགས་པ་དེའི་གསར་འཛུག་བྱེད་ མཁན་ཚོགས་གཙོ་པཱེ་ཏི་ཝེ་ལན་ཟིར་ནོ་པེར་ཞི་བདེའི་གཟིགས་རྟགས་ཐོབ།

 

༡༧། ༡༩༧༦ལོར། དབྱིན་ཇིའི་བྱང་ཨཱེ་ཨར་ལན་གྱི་ཞི་བའི་ལས་འགུལ་ཀྱི་གསར་གཏོད་པ་མཱེ་རི་ཏེ་ཁི་ལི་ཀིན་ལ་ཞི་བདེའི་གཟིགས་རྟགས་རག

 

༡༨། ༡༩༧༧ ལོར་ཨ་རིའི་ལཱོ་ཧྲ་ལིན་ས་ཟི་མན་ཡ་ལོ་དང་སྐྱེས་པ་ལཱོ་ཞེ་མཉམ་དུ་ གསོ་རིག་ཐོག་ནུས་ཤུགས་ཆེ་བའི་ན་ཚ་སྔོན་འགོག་གི་བྱ་བ་ཐོག་དབྱེ་ཞིབ་ལ་གྲུབ་ དོན་ཐོན་པར་ནོ་པེར་གསོ་རིག་བྱ་དགའ་ཐོབ།

 

༡༩། ༡༩༧༩ ལོར་རྒྱ་གར་དང་ནཱན་ཟི་ལ་ཧྥུའི་ཨ་མ་ཊཱ་རི་ཟ་ཡིས་ཞི་བདེ་བྱམས་ བརྩེ་ཆོས་ཚོགས་ཀྱི་བཙུན་མའི་ཚོགས་པ་གསར་འཛུགས་གནང་མཁན་ཁོང་མོར་ནོ་པེར་ཞི་ བདེའི་གཟིགས་རྟགས་རག

 

༢༠། ༡༩༨༢ ལོར་སུའེ་ཊན་གྱི་ཨཱ་ཨར་ཝ་མི་ཏར་དང་སྐྱེས་པ་ཨཱ་ཧྥང་ཟོ་གཉིས་ ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ནས་དམག་མི་ཉུང་འཕྲི་བཏང་བའི་སྐོར་གལ་ཆེའི་ནུས་པ་ ཐོན་པར་རྒྱལ་སྤྱིའི་སྤྱི་ཚོགས་ནས་ངོ་འཛིན་བྱུང་བར་གཟིངས་བསྟོད་ཕྱིར་ཞི་ བདེའི་གཟིགས་རྟགས་ཐོབ།

 

༢༡། ༡༩༨༣ ལོར་ཨ་རིའི་པཱ་པ་ལ་མཱེ་ཁི་ལིན་ཐོ་ཁིར་གསོ་རིག་ཐོག་ནས་གཡོ་འགུལ་ཅན་གྱི་ཁུ་བ་གསར་རྙེད་བྱུང་བར་བརྟེན་ནས་གསོ་རིག་བྱ་དགའ་ཐོབ།

 

༢༢། ༡༩༨༦ ལོར་དབྱི་ཊ་ལིའི་ལཱི་ཐ་ལེ་ཝེ་མོང་ཏར་ཆི་ཉི་དང་སྐྱེས་པ་ཟི་ཐན་ ལི་གཉིས་ཀྱིས་སྐྱེ་འཕེལ་ཁུ་བ་གསར་རྙེད་བྱུང་སྟབས་ཨ་རིའི་མིང་ཐོག་ནས་གསོ་ རིག་བྱ་དགའ་ཐོབ།

 

༢༣། ༡༩༨༨ ལོར་ཨ་རིའི་གྷི་ཐེ་ལུ་ཏེ་B ཨེ་ལི་ཨིན་དང་སྐྱེས་པ་ཀྲཱན་མུ་ཟི་ གཉིས་ནས་སྨན་རྫས་ཀྱི་བཅོས་ཐབས་ཐོག་གི་མེ་ངག་གསར་རྙེད་བྱུང་སྟབས་གསོ་རིག་བྱ་ དགའ་ཐོབ།

 

༢༤། ༡༩༩༡ ལོར་ལྷོ་ཨ་ཧྥི་རི་ཁའི་ནཱན་ཏིང་ཀི་ཏེ་མོ་ཡིས་ཐད་ཀར་འབྲི་བཀོད་ ཀྱི་ལམ་ནས་མཐའ་འཁོར་དུ་རྙོག་འཛིང་ཚ་བའི་མིའི་འབྲེལ་བ་དང་སྤྱི་ཚོགས་དབར་གྱི་ འབྲེལ་བ་བཀོད་ཅིང་། མོའི་ལོ་རྒྱུས་སྙན་ངག་ལྟ་བུའི་ཕུལ་བྱུང་བརྩམས་ཆོས་དེ་ དག་གིས་འགྲོ་བ་མི་ལ་ཕན་ཡོན་ཆེན་པོ་བྱུང་ཞིང་རྩོམ་རིག་བྱ་དགའ་ཐོབ།

 

༢༥། ༡༩༩༡ ལོར་འབར་མའི་ལྕམ་སྐུ་ཨཱང་སན་སུ་ཅིའི་འབར་མའི་དམངས་གཙོ་དང་ འགྲོ་བ་མིའི་ཐོབ་ཐང་བརྩོན་ལེན་དང་འཚེ་མེད་ཞི་བའི་ལྟ་སྒྲུབ་ཀྱི་ཐོག་བྱས་ རྗེས་བཞག་པར་གཟིངས་བསྟོད་ཕྱིར་ཞི་བདེའི་གཟིགས་རྟགས་ཐོབ།

 

༢༦། ༡༩༩༢ ལོར་ཝེ་ཏི་མ་ལའི་རཱི་གྷི་པོ་ཐས་ཐུའུ་ཀྲུའུ་མི་རིགས་ཀྱི་འགྲོ་ བ་མིའི་ཐོབ་ཐང་གི་རྩ་བའི་རྨང་གཞིའི་ཐོག་སྤྱི་ཚོགས་སུ་དྲང་བདེན་དང་མི་རིགས་ ཀྱི་རིག་གཞུང་དང་ཞི་འགྲིག་ཐོག་གི་ཧུར་བརྩོན་བྱས་རྗེས་ལ་ཞི་བདེའི་གཟིངས་ རྟགས་རག

 

༢༧། ༡༩༩༣ ལོར་ཨ་རིའི་ཐཱོ་ཉི་མོ་རི་ཟིན་གྱིས་ཕུག་བསམ་རིང་ལུགས་པའི་སྙན་ ངག་དང་རྩོམ་རྩལ་ཐོག་ནས་ཨ་རིའི་དོན་དངོས་ལ་སྐྱེ་སྟོབས་འབར་བའི་གསོན་ཤུགས་ སྦྱིན་པར་བརྟེན་རྩོམ་རིག་བྱ་དགའ་ཐོབ།

 

༢༨། ༡༩༩༥ ལོར་འཇཱའ་མིན་ནིའི་ཁཱི་ལི་ཟི་ཏིང་དང་སྐྱེས་པ་ཨཱེ་ཏེ་ཝ་མཉམ་དུ་ གསོ་རིག་ཐོག་ནས་མི་རྒྱུད་ཀྱི་འགོས་ནད་བཀག་ཐབས་ཐོག་ལེགས་སྐྱེས་ཕུལ་བར་བརྟེན་ གསོ་རིག་བྱ་དགའ་ཐོབ།

 

༢༩། ༡༩༩༦ ལོར་པཱོ་ལན་རྒྱལ་ཁབ་ཀྱི་ཝཱེ་ཟི་ལ་ཝ་ཡིས་ཕུལ་བྱུང་གི་རྒོལ་ལན་ སློག་སྟངས་ཀྱི་རྩོམ་རྩལ་ཐོག་ནས་འགྲོ་བ་མིའི་རིགས་ཀྱི་དོན་དངོས་འཚོ་བའི་ རྒྱབ་ལྗོངས་ཀྱི་ལོ་རྒྱུས་དང་སྐྱེ་དངོས་འགྱུར་ལྡོག་གི་དོན་སྙིང་གཏིང་ཟབ་དེ་ སྙན་ངག་སྒྱུ་རྩལ་ཐོག་ནས་མཚོན་ནས་རྩོམ་རིག་བྱ་དགའ་རག

 

༣༠། ༡༩༩༧ ལོར་ཨ་རིའི་ཀྲུའུ་ཏི་ཝེ་ལན་ཟི་དང་རྒྱལ་སྤྱིའི་ས་འོག་འབར་རྫས་ ལ་རྒོལ་བའི་ཚོགས་པ་མཉམ་འབྲེལ་ཐོག་བྱ་བ་དེའི་ཐོག་ནས་ཧུར་བརྩོན་དང་གྲུབ་འབྲས་ ཐོབ་པར་ཞི་བདེའི་གཟིགས་རྟགས་ཐོབ།

 

༣༡། ༢༠༠༣ ལོར་དབྱི་རང་གི་ཞཱི་ལིང་དབྱི་པ་ཏི་ཡིས་དམངས་གཙོ་དང་འགྲོ་བ་ མིའི་ཐོབ་ཐང་སྐོར་ཧུར་བརྩོན། དེ་མིན་བུད་མེད་དང་བྱིས་པའི་མ་བུའི་ཐོབ་ཐང་ སྐོར་འཐབ་རྩོད་བྱས་པར་ཞི་བདེའི་གཟིངས་རྟགས་ཐོབ།

 

༣༢། ༢༠༠༤ ལོར་ཨཱོ་ཏི་ལིའི་ཨཱེ་ཨར་ཧྥུ་ལི་ཏེ་ཡིས་སྤྱི་བཏང་མིན་པའི་སྐད་ ཡིག་དང་བརྩམས་སྒྲུང་ནང་རོལ་དབྱངས་ཀྱི་འགུལ་ཤུགས་མཚོན་ཐུབ་པ་དང་སྤྱི་ཚོགས་ ཐོག་གི་སྐྱུག་བྲོ་བའི་གནས་ཚུལ་འབྲི་བཀོད་བྱས་ནས་རྩོམ་རིག་བྱ་དགའ་ཐོབ།

 

༣༣། ༢༠༠༤ ལོར་ཁཱིན་ཉི་ཡ་རྒྱལ་ཁབ་ཀྱི་ཝཱང་ཅ་ལི་མ་ཐ་དབྱིས་རྒྱུན་མཐུད་ ཀྱི་ངང་ནས་དམངས་གཙོ་དང་ཞི་བདེའི་ཁོར་ཡུག་ནང་ཕུལ་བྱུང་གི་བྱས་རྗེས་བཞག་པར་ ཞི་བདེའི་གཟིགས་རྟགས་ཐོབ།

 

༣༤། ༢༠༠༤ ལོར་ཨ་རིའི་གསོ་བ་རིག་པའི་ཐོག་དྲི་མ་སྣུམ་བྱེད་ཀྱི་དབང་པོའི་ སྒྲོམ་གཞིའི་ཐད་རྟོག་དཔྱོད་བྱས་པའི་ལཱིང་ཏ་པ་ཁེར་གསོ་རིག་བྱ་དགའ་ཐོབ།

 

༣༥། ༢༠༠༧ ལོར་ཨིན་ཇིའི་ཏཱོ་ལི་ཟི་ལེ་ཞིང་གིས་ཉམས་མྱོང་ལྡན་པའི་ལོ་རྒྱུས་ ཀྱི་སྙན་ངག་མཁས་པའི་ཐོག་ནས་འདྲི་དོག་རིང་ལུགས་དང་ཚོར་ཤུགས་ཆེན་པོ། དེ་བཞིན་ ཕུག་བསམ་དང་དཔྱད་ཞིབ་ཀྱི་ལྟ་བའི་ཐོག་ནས་གས་ཐོར་འགྲོ་བཞིན་པའི་དཔལ་ཡོན་ཞིག་ ལ་རྟོག་དཔྱོད་བྱས་ཏེ་རྩོམ་རིག་བྱ་དགའ་རག

 

༣༦། ༢༠༠༩ ལོར་ཨཱོ་ཟི་ཁྲུ་ལི་ཡའི་ཧྥུའུ་ལང་ཟོ་ཝ་ཟི་དང་ཧཱ་ལ་ཨར་ཏེ་གཉིས་ མཐུན་མོང་གིས་གསོ་རིག་ཐོག་ནས་འགྲོ་བ་མིའི་རིགས་ལ་ནད་རིགས་སྔོན་འགོག་ཐད་ཀྱི་ སྐྱོན་ཆའི་དུག་རིགས་རྟག་དཔྱད་བྱས་པར་གསོ་རིག་བྱ་དགའ་ཐོབ།

 

༣༧། ༢༠༠༩ ལོར་ཨཱོ་ཟི་ཁྲུ་ལི་ཡའི་བུད་མེད་དབྱི་ཙ་པེར་པུ་ལེ་ཁི་པན་དང་ སྐྱེས་པ་ཁཱ་རོ་གཉིས་ཀྱིས་གསོ་རིག་ཐོག་བྱས་རྗེས་བཞག་པར་གསོ་རིག་བྱ་དགའ་ཐོབ།

 

༣༨། ༢༠༠༩ ལོར་ཨ་རིའི་ཁཱེ་རོ་གི་ལེ་ཐི་དང་དབྱི་ཟ་པེར་གཉིས་ནས་གསོ་རིག་ ཐོག་ལ་དཔྱད་བརྗོད་མི་འདྲ་བ་བྱུང་བར་བརྟེན་ནས་གསོ་རིག་བྱ་དགའ་ཐོབ།

 

༣༩། ༢༠༠༩ ལོར་འཇཱའ་མན་ནིའི་ཧཱེ་ཐ་མོ་ལེ་ཕུལ་བྱུང་སྙན་ངག་དང་ལྷུག་རྩོམ་ ཐད་བཀོད་ཀྱིས་ཡུལ་འཁྱམ་གྱི་མི་རྣམས་ཀྱི་གནས་སྟངས་བྲིས་པར་རྩོམ་རིག་བྱ་དགའ་ ཐོབ།

 

༤༠། ༢༠༠༩ ལོར་ཨཱི་ཟི་རལ་གྱི་ཨཱེ་ཏན་ཡུ་ན་ཐི་དང་ཝུན་ཁ་ཐེ་ར་མན་གཉིས་ ཀྱིས་རྡུལ་རྫས་མངར་མོའི་གྲུབ་ཅ་དང་ནུས་པའི་ཕྱོགས་ལ་ཞིབ་འཇུག་བྱས་ཏེ་གསོ་ རིག་བྱ་དགའ་ཐོབ་ཡོད་པ་རེད།

 

༤༡། ༢༠༠༩ ལོར་ཨ་རིའི་ཨཱེ་ལི་ནོ་ཨོ་ཟི་ཐི་མོ་ཟི་དང་ཨཱོ་ལི་ཧྥུའུ་གཉིས་ ཀྱིས་དཔལ་འབྱོར་བཅོས་བསྒྱུར་དང་དམིགས་བསལ་དུ་སྤྱི་ཁྱབ་དཔལ་འབྱོར་བཅོས་ བསྒྱུར་ཐད་དབྱེ་ཞིབ་བྱས་པར་བརྟེན་ནས་དཔལ་འབྱོར་བྱ་དགའ་ཐོབ།

 

༤༢། ༢༠༡༡ ལོར་རཱི་པི་རི་ཡ་རྒྱལ་ཁབ་ཀྱི་ཨཱེ་རུན་ཀྱོ་ཧན་ཞོན་གྱིས་བུད་མེད་ ཀྱི་བདེ་འཇགས་དང་བུད་མེད་རྣམས་ཁྱོན་ཡོངས་སུ་ཞི་བདེའི་འཛུགས་སྐྲུན་གྱི་བྱ་ བཞག་ལ་ཞུགས་པའི་ཐོབ་ཐང་ཐད་འཚེ་མེད་ཞི་བའི་འཐབ་རྩོད་ལ་ཞི་བདེའི་གཟིགས་རྟགས་ ཐོབ།

 

༤༣། ༢༠༡༡ ལོར་རཱི་པི་རི་ཡ་རྒྱལ་ཁབ་ཀྱི་བུད་མེད་ལཱེ་དབྱི་མན་ཀུ་པོ་ཝེར་ལ་གཅིག་མཚུངས་ཀྱི་ནོ་པེར་ཞི་བདེའི་གཟིགས་རྟགས་ཐོབ།

 

༤༤།༢༠༡༡ ལོར་ཡཱེ་མན་རྒྱལ་ཁབ་ཀྱི་བུད་མེད་ཐཱ་ཝ་ཁུ་ཁ་མན་ལ་ནོ་པེར་ཞི་བདེའི་གཟིངས་རྟགས་ཐོབ།

 

༤༥། ༢༠༡༣ ལོར་ཁཱ་ན་ཊའི་བུད་མེད་ཨཱེ་ལི་ཟི་མོང་རོ་ལ་དེང་རབས་བརྩམས་སྒྲུང་ གི་སློབ་དཔོན་གྱི་མཚན་ཐོག་ནས་ནོ་པེར་རྩོམ་རིག་བྱ་དགའ་ཐོབ་ཡོད་པ་རེད།

ཡོང་ཁུངས། གངས་ལྷ་མོའི་ཟིན་བྲིས།

བསམ་ཚུལ་འབྲི།

Click here to cancel reply.

' རྩོམ་འོག་མ། ཀུན་མཁྱེན་ཀློང་ཆེན་པའི་གསུང་རབས་ཁག་ཅིག་ངོ་སྤྲོད།

འབྲེལ་ཡོད་ཀྱི་རྩོམ་གཞན།

  • དུས་རབས་སྔ་ཕྱིའི་ནང་གི་སྡེ་དགེའི་བོད་སྨན།
  • སྡེ་དགེའི་ཐུན་མོང་མ་ཡིན་པའི་བོད་ཤོག་བཟོ་རྩལ།
  • སྡེ་དགེའི་ཀུ་ཚེ་ཡུལ་དུ་ཤིང་པར་བརྐོ་སྲོལ་བྱུང་བ། ཁ་རྒྱབ་ཉི་མ།
  • བག་མའི་རྟ་ཁ་ལེན་དུས་ཀྱི་བཤད་པ། རབ་བརྟན་དགེ་ལེགས།
  • ཚུལ་ཁྲིམས་བློ་གྲོས་ནི་ཅི་ཞིག་རེད། སྡེ་དགེ་ཟླ་ཡག

ཁྱབ་བསྒྲགས། མང་ ...
    Advertisement
འབྲེལ་མཐུད།
Advertisement
Advertisement
Advertisement
Advertisement
ངོ་དེབ།











  • ཁམས་པའི་དྲ་བ།
  • སྡེ་དགེའི་པར་ཁང་།
  • བོད་ཀྱི་བང་ཆེན།
  • བོད་ཀྱི་དུས་བབ།
  • རྒྱལ་བ་རིན་པོ་ཆེ།
  • ཆུ་སྒང་དྲ་བ།
  • བོད་ཀྱི་ཆ་འཕྲིན།
  • ཨ་རིའི་བརྙན་འཕྲིན།
  • བོད་ཀྱི་གཞས་ཚིག་དྲ་བ།་
  • དྲི་བ་དྲིས་ལན་དྲ་བ།
  • བོད་ཀྱི་འཕྲུལ་དེབ་དྲ་བ།
  • སམ་བྷོ་ཏྲ་དྲ་བ།།
  • འོད་ཟེར་དྲ་བ།
  • བོད་གཞུང་དྲ་བ།
  • སེང་རྡོར་དྲ་བ།།
  • སྨོན་ལམ་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • སྐར་ཁུང་དྲ་བ།
  • གེ་སར་རིག་གནས་དྲ་བ།
  • ཕ་ཡུལ་དྲ་བ།
  • སྤྱི་འཐུས་དྲ་བ།
  • འཛི་སྒར་དྲ་བ།
  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་།
  • © 2020 Dege Gyalyong welfare Society
  • House # D-44, New Tibetan Camp. New Aruna Nagar, Majnu-ka-tilla, Delhi-110054, India.
  • E-mail: [email protected] Tel. 01123815056 Mb: +9717153449

བཟོ་སྐྲུན་པ། བསྟན་འཛིན་ཆོས་གྲགས།