English

  • མདུན་ངོས།
  • རྒྱལ་རབས།
  • ལོ་རྒྱུས།
    • ལུང་ཚན།
    • གནས་རི།
    • བྲག་ནགས་མཚོ།
    • སྣ་ཚོགས།
  • དགོན་སྡེ།
    • སྡེ་དགེའི་དབུ་ཁག་ལྔ།
    • གཡུང་དྲུང་བོན།
    • སྔ་འགྱུར་རྙིང་མ།
    • རྒྱལ་བ་བཀའ་བརྒྱུད།
    • དཔལ་ལྡན་ས་སྐྱ།
    • རི་བོ་དགེ་ལུགས།
  • པར་ཁང།
  • མི་སྣ།
    • སྐྱེས་ཆེན་དམ་པ།
    • ཤེས་ལྡན་མཁས་པ།
    • རླབས་ཆེན་མི་སྣ།
    • རྩོམ་པ་པོ།
    • ལྷ་པ།
    • སྒྲུང་པ།
    • གཞས་པ་གཞས་མ།
    • གྲགས་ཅན་མི་སྣ་གཞན།
  • ཆས་གོས།
    • རྒྱལ་བློན།
    • ཕོ་ཆས།
    • མོ་ཆས།
  • ཡུལ་སྲོལ།
    • བཟང་ངན་བརྩི་སྲོལ།
    • འབྲོག་པ།
    • རོང་པ།
    • རོང་མ་འབྲོག
    • ཡུལ་སྲོལ་ཁག་ཅིག
    • དུས་ཆེན།
  • ལས་འགུལ།
  • ལག་ཤེས།
    • ལྷ་བཟོ།
    • པར་བརྐོས།
    • མགར་བ།
    • རྫ་བཟོ།
    • ཤོག་བུ་བཟོ་བ།
    • ཤིང་བཟོ་བ།
    • འཚེམ་བཟོ།
    • སྤུ་རིགས་བཟོ་བ།
  • གླུ་གཞས།
    • སྡེ་དགེའི་བྲོ་ཆེན།
    • མགུར་མོ།
    • གླུའི་རིགས།
    • གླིང་བྲོ།
    • ཁེད་(གབ་ཚིག)
    • གཏམ་དཔེ།
  • ངོ་སྤྲོད།

ཆས་གོས་དང་གོང་གཤམ་སོགས་ཚེམས།

འདོན་སྤེལ། 2013/02/4 2:06 PM རྩོམ་པ་པོ། རྩོམ་སྒྲིག་པ།

༈ འཚེམ་བཟོ་བ་ཀུན་བཟང་ཤེས་རབ་ལགས་ནི། ཕྱི་ལོ་༡༩༧༧ ལོར་ཁམས་སྡེ་དགེ་གཏེར་ལུང་དུ་སྐྱེས་ཤིང་། ཁོང་གི་ཕ་རྒན་ཚེ་དབང་འགྱུར་ལགས་འཚེམ་བཟོའི་རིག་གནས་ལ་ཧ་ཅང་མཁས་པ་ཡོད་སྟབས། ཁོང་གིས་ཀྱང་ཆུང་དུས་ནས་རང་གི་ཕ་རྒན་གྱི་ལྷན་དུ་འཚེམ་བཟོ་སྦྱོང་ཞོར་ལས་ཀ་བྱས་ཤིང་། ༢༠༠༣ ལོར་བཙན་བྱོལ་དུ་འབྱོར་བ་དང་། ནོར་བུ་གླིང་ཁའི་གཞུང་འབྲེལ་འཚེམ་བཟོ་ཁང་དུ་ལོ་གཉིས་ཙམ་རིང་འཚེམ་བཟོ་བྱས། དེ་རྗེས་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་མཆོག་གི་བླ་བྲང་དུ་ལོ་གཅིག་ལྷག་ཙམ་རིང་དགོན་པའི་འཕན་གདུགས་ཡོ་བྱད་དང་ཁྲི་ཆས་ཐང་གའི་གོང་གཤམ་སོགས་འཚེམ་བཟོ་བྱས། དེ་རྗེས་རང་ཉིད་སྒེར་གྱིས་སྦིར་ས་གནས་སུ་(སྐལ་བཟང་བོད་ཀྱི་སྲོལ་རྒྱུན་འཚེམ་བཟོ་ཁང་)བཙུགས་ཏེ་ཐམ་གའི་གོང་གཤམ་དང་། དགོན་པའི་འཆམ་གོས་དང་འཕན་གདུགས་ཡོ་བྱད། ཁྲི་ཆས། དེ་བཞིན་ཁམས་ཆས་ཀྱིས་གཙོས་པའི་བོད་ཆོལ་ཁ་གསུམ་གྱི་བུ་དང་བུ་མོའི་ཆས་གོས་སོགས་སོ་སོ་ལ་ག་རེ་དགོས་ན་དེ་ལུགས་འཚེམ་བཟོ་ཐུབ་ཀྱིན་ཡོད། ཁོང་ལ་རང་ཉིད་ཀྱི་མི་ཚེ་འཚེམ་བཟོའི་ལག་རྩལ་ནང་བསྐྱལ་བའི་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད་པར་བརྟེན། ཁོང་གི་འཚེམ་བཟོ་ལ་དམིགས་བསལ་ཁྱད་ཆོས་ཤིག་ཡོད་པ་ནི། སྐྱེ་བོ་རྒན་དར་གཞོན་གསུམ་སུ་འདྲ་ཞིག་ལ་ཆས་གོས་འཚེམ་དགོས་ཀྱང་བོད་ཀྱི་སྲོལ་རྒྱུན་འཚེམ་བཟོའི་ངོ་བོ་ཐོག་ལུས་ལ་འཕྲོད་ཅིང་མིག་ངོར་མཛེས་པ་དང་། དེང་རབས་ཀྱི་དཔེ་གསར་མཛེས་རྩལ་སོགས་སོ་སོའི་འདོད་མོས་ལྟར་འཚེམ་དྲུབ་ཐུབ་པའི་ལག་རྩལ་ཡོད། དེ་བཞིན་ནམ་རྒྱུན་སྤྱི་ཚོགས་ནང་ཁོང་གིས་འཚེམ་བཟོ་བྱས་པ་རྣམས་ནང་གི་འཚེམ་སྟངས་སྤུས་དག་ཅིང་། ཕྱིའི་རྣམ་པ་མིག་ངོར་མཛེས་པ་སོགས་ཀྱི་ཁྱད་ཆོས་མང་པོ་བགྲང་བཞིན་ཡོད། ད་ལྟའི་ཆར་ཁོང་ལ་ལས་མི་མི་ལྔ་ཙམ་ཡོད་མོད། ས་གནས་བོད་མིས་གཙོས་ཕྱོགས་མཐའ་ཁག་ནས་ཁོང་གིས་འཚེམ་བཟོ་བྱས་པའི་གྱོན་གོས་དང་ཐང་གའི་གོང་གཤམ་སོགས་ལ་ཧ་ཅང་དགའ་མོས་ཆེན་པོ་བྱེད་ཀྱིན་ཡོད་པ་ལྟར། མངག་གཏོང་བྱེད་མཁན་ཀྱང་མང་པོ་ཞིག་ཡོང་གིན་ཡོད་པས། ཁོང་གི་འཆར་གཞི་ལ་གང་མགྱོགས་འཚེམ་བཟོ་ཁང་འདི་རྒྱ་བསྐྱེད་ཐོག་ལས་མི་གསར་པ་ཉི་ཤུ་ཡན་མན་ཞིག་གསར་བསྡུའི་ཐོག་བོད་ཀྱི་སྲོལ་རྒྱུན་འཚེམ་བཟོ་རིག་པ་རྒྱུན་སྐྱོང་དང་།བོད་མི་རྣམས་ལ་ལས་ཀ་ཞིག་སྤྲོད་ཐུབ་ན་བསམ་པ་དེ་ཡིན། ཁྱེད་རྣམ་པས་སྐལ་བཟང་བོད་ཀྱི་སྲོལ་རྒྱུན་འཚེམ་བཟོ་ཁང་ལ་གྱོན་གོས་དང་ཐང་གའི་གོང་གཤམ་སོགས་འཚེམ་བཟོའི་ལས་ཀ་སྤྲད་ཚེ་རིན་གོང་ཆུང་ཞིང་། སྤུས་དག་པས་མ་ཚད་ཁ་ཆད་དུས་ཚོད་ནང་ཏག་ཏག་ཕུལ་ཐུབ་ཀྱིན་ཡོད་ཞུ།

 འབྲེལ་འཐུད་ཁ་བྱང་།

SonamTopgyal,

Kalsang Tibetan Culture Tailor master

Budhi Singh comples. Shop NO: 1

Dzongsar Guest House. Bir market, DisttKangra, 176077 H.P INDIA

Mobile # 8894085699

E-mail [email protected]

 

2 Responses

  1. བོད། says:
    April 10, 2013 at 7:06 am

    ཡག་པོ་འདུག

    Reply
  2. Lama Wangchuk says:
    August 25, 2013 at 10:56 pm

    I am very interested in supporting your business and doing business with you.
    Best wishes,
    Lama wangchuk

    Reply

བསམ་ཚུལ་འབྲི།

Click here to cancel reply.

' རྩོམ་འོག་མ། ཕྲད་པ་ཚང་གི་བསྟན་འཛིན་རྒྱ་མཚོ།

འབྲེལ་ཡོད་ཀྱི་རྩོམ་གཞན།

  • ༄༅། །མཁྱེན་དཔྱོད་ཀྱི་འོད་སྣང་ལུགས་གཉིས་དཔལ་གྱི་མཁའ་དབྱིངས་ན་འཚེར་བཞིན་པའི་ཆོས་རྒྱལ་སྡེ་དགེ་རྒྱལ་པོའི་ལྷ་འབངས་སུ་གཏོགས་པའི་རྒྱ་ཆེའི་རྩོམ་རིག་པ་ཡོངས་ལ་ཆེད་གསོལ།
  • ཁྲོ་ལ་རྟགས་ཅན་གྱི་ཆས་གོས་གསར་པ།
  • ཁྲོ་ལ་འཚེམ་ཁང་གི་ཁྱབ་བསྒྲགས།
  • ཁྲོ་ལ་འཚེམ་ཁང་གི་རྒྱན་གོས།
  • ཁྲོ་ལ་འཚེམ་བཟོ་ཁང་གིས་རྒྱན་གོས་འཚེམ།

ཁྱབ་བསྒྲགས། མང་ ...
    Advertisement
འབྲེལ་མཐུད།
Advertisement
Advertisement
Advertisement
Advertisement
ངོ་དེབ།











  • ཁམས་པའི་དྲ་བ།
  • སྡེ་དགེའི་པར་ཁང་།
  • བོད་ཀྱི་བང་ཆེན།
  • བོད་ཀྱི་དུས་བབ།
  • རྒྱལ་བ་རིན་པོ་ཆེ།
  • ཆུ་སྒང་དྲ་བ།
  • བོད་ཀྱི་ཆ་འཕྲིན།
  • ཨ་རིའི་བརྙན་འཕྲིན།
  • བོད་ཀྱི་གཞས་ཚིག་དྲ་བ།་
  • དྲི་བ་དྲིས་ལན་དྲ་བ།
  • བོད་ཀྱི་འཕྲུལ་དེབ་དྲ་བ།
  • སམ་བྷོ་ཏྲ་དྲ་བ།།
  • འོད་ཟེར་དྲ་བ།
  • བོད་གཞུང་དྲ་བ།
  • སེང་རྡོར་དྲ་བ།།
  • སྨོན་ལམ་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • སྐར་ཁུང་དྲ་བ།
  • གེ་སར་རིག་གནས་དྲ་བ།
  • ཕ་ཡུལ་དྲ་བ།
  • སྤྱི་འཐུས་དྲ་བ།
  • འཛི་སྒར་དྲ་བ།
  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་།
  • © 2020 Dege Gyalyong welfare Society
  • House # D-44, New Tibetan Camp. New Aruna Nagar, Majnu-ka-tilla, Delhi-110054, India.
  • E-mail: [email protected] Tel. 01123815056 Mb: +9717153449

བཟོ་སྐྲུན་པ། བསྟན་འཛིན་ཆོས་གྲགས།