English

  • མདུན་ངོས།
  • རྒྱལ་རབས།
  • ལོ་རྒྱུས།
    • ལུང་ཚན།
    • གནས་རི།
    • བྲག་ནགས་མཚོ།
    • སྣ་ཚོགས།
  • དགོན་སྡེ།
    • སྡེ་དགེའི་དབུ་ཁག་ལྔ།
    • གཡུང་དྲུང་བོན།
    • སྔ་འགྱུར་རྙིང་མ།
    • རྒྱལ་བ་བཀའ་བརྒྱུད།
    • དཔལ་ལྡན་ས་སྐྱ།
    • རི་བོ་དགེ་ལུགས།
  • པར་ཁང།
  • མི་སྣ།
    • སྐྱེས་ཆེན་དམ་པ།
    • ཤེས་ལྡན་མཁས་པ།
    • རླབས་ཆེན་མི་སྣ།
    • རྩོམ་པ་པོ།
    • ལྷ་པ།
    • སྒྲུང་པ།
    • གཞས་པ་གཞས་མ།
    • གྲགས་ཅན་མི་སྣ་གཞན།
  • ཆས་གོས།
    • རྒྱལ་བློན།
    • ཕོ་ཆས།
    • མོ་ཆས།
  • ཡུལ་སྲོལ།
    • བཟང་ངན་བརྩི་སྲོལ།
    • འབྲོག་པ།
    • རོང་པ།
    • རོང་མ་འབྲོག
    • ཡུལ་སྲོལ་ཁག་ཅིག
    • དུས་ཆེན།
  • ལས་འགུལ།
  • ལག་ཤེས།
    • ལྷ་བཟོ།
    • པར་བརྐོས།
    • མགར་བ།
    • རྫ་བཟོ།
    • ཤོག་བུ་བཟོ་བ།
    • ཤིང་བཟོ་བ།
    • འཚེམ་བཟོ།
    • སྤུ་རིགས་བཟོ་བ།
  • གླུ་གཞས།
    • སྡེ་དགེའི་བྲོ་ཆེན།
    • མགུར་མོ།
    • གླུའི་རིགས།
    • གླིང་བྲོ།
    • ཁེད་(གབ་ཚིག)
    • གཏམ་དཔེ།
  • ངོ་སྤྲོད།

འབྲི་ཆུ་འགག་པའི་གནོད་ཐེབས་ས་ཁུལ་ལ་གདུང་སེམས་མཉམ་བསྐྱེད།

འདོན་སྤེལ། 2018/11/13 3:09 AM རྩོམ་པ་པོ།

གདུང་སེམས་མཉམ་བསྐྱེད་དང་འབོད་སྐུལ།

༄༅།། འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༡༡ ཉིན་སྡེ་དགེ་སྤོ་ལུ་ཕྱོགས་ནས་རི་ཉིལ་ཏེ་འབྲི་ཆུ་འགག་པའི་གནས་ཚུལ་བྱུང་བས་མ་ཚད། ཕྱི་ཟླ་ ༡༡་༣ ཉིན་བསྐྱར་དུ་དེ་ཕྱོགས་ཀྱི་འབྲི་ཆུའི་ཤར་ནུབ་གཉིས་ནས་རི་བོ་ཆེན་པོ་ཉིལ་ཞིང་འབྲི་ཆུའི་བཞུར་རྒྱུན་ཤུགས་ཆེན་བཀག་པའི་གནས་ཚུལ་རྫབ་ཆེན་ཐོན་ཡོད། དེ་རིང་བར་ཉིན་ ༡༠ རིང་འདི་ནས་སེམས་འཚབ་དང་བཅས་ཉིན་བཞིན་ལྟ་ཞིབ་བྱས་མོད། ད་དུང་ས་རྡོ་གཤོང་མ་ཐུབ་པ་འབྲི་ཆུ་གྱེན་དུ་འཁྱིལ་ཏེ་སྤོ་ལུ་དགོན་སྡེ་གཉིས་ལ་གནོད་སྐྱོན་ཚབས་ཆེན་ཐེབས་བཞིན་པའི་ཡིད་སྐྱོའི་གནས་ཚུལ་ཉི་མ་རེ་རེ་ནས་ཐོན་ཡོང་གི་འདུག ད་རེས་ཀྱི་གནོད་ཐེབས་ས་ཁུལ་སོ་སོར་རྒྱུ་དངོས་དང་ཁང་ཞིང་། མ་ཟད་ལོ་རྒྱུས་ཡུན་རིང་ལྡན་པའི་སྤོ་ལུ་དགོན་གྱི་སྐུ་གསུང་ཐུགས་རྟེན་སོགས་ལ་ཁ་གསབ་མི་ཐུབ་པའི་གྱོང་གོད་ཆེན་པོ་ཐེབས་ཡོད་པ་འདི་དང་། མང་ཚོགས་ཀྱི་སེམས་ལ་མི་ཤོང་པའི་སྐྱོ་བ་དང་སྡུག་བསྔལ་ཚད་མེད་པ་འདི་དག་ལ་སེམས་ཕམ་དང་བཅས་གདུང་སེམས་མཉམ་བསྐྱེད་ཞུ་བཞིན་ཡོད།

ད་ལྟ་ཡུལ་བྱོལ་གནས་སྟངས་འོག་ལུས་པའི་གནོད་ཐེབས་མང་ཚོགས་ལ་རྒྱ་ནག་གཞུང་ངོས་ནས་ཟས་གོས་གནས་མལ་དང་འཕྲོད་བསྟེན་གྱི་མཐུན་འགྱུར་ཚད་ལྡན་སྦྱར་ཐུབ་པ་དང་། ས་རྡོ་གཤོང་པའི་ཚད་མཐོའི་འཕྲུལ་ཆས་གྲངས་མང་གི་ཐབས་ལམ་དོན་སྨིན་ལྡན་པ་སྤྱད་དེ་འབྲི་ཆུ་ཤར་གཏོང་ཐུབ་པར་ཁ་ཡོད་ལག་ཡོད་ཀྱི་འབད་བརྩོན་བྱེད་རོགས་ཞེས་འབོད་སྐུལ་ཞུ་འདོད་བྱུང་། མ་ཟད་ཚན་རྩལ་གྱིས་སྔོན་ཚུད་ནས་གནས་ཚུལ་ངན་པ་འདི་རིགས་མི་ཡོང་བར་སྔོན་འགོག་དང་། ཡུལ་མི་ཚོར་ཕུགས་འཕེར་ཐུབ་པའི་འཚོ་བའི་མཐུན་རྐྱེན་སྦྱོར་སྐྲུན། དེ་བཞིན་ལོ་ཆུང་ཚོར་ཤེས་ཡོན་གྱི་གོ་སྐབས་དང་། ཡང་སྒོས་སྤོ་ལུ་དགོན་པ་ཉམས་གསོ་བྱ་རྒྱུ་སོགས་ལ་མི་འགྱང་བ་འགན་ཁུར་ཡང་དག་པ་བྱ་རྒྱུར་རེ་བ་དང་བཅས་འབོད་སྐུལ་ཞུ་བཞིན་ཡོད།

ད་ཆར་གནོད་ཐེབས་མང་ཚོགས་ཀྱི་ལུས་སེམས་ལ་ཞེད་སྣང་དང་གདུང་བ་ཚད་མེད་པ་ཞིག་ལས་མེད་ཀྱང་། ད་དུང་ངེད་ཅག་འཚོ་དགོས་པས་མ་ཚད། བུ་རབས་ཚ་རྒྱུད་ཀྱི་མ་འོངས་པའང་ཡོད་དགོས་པས་འཕྲོད་བསྟེན་དང་ལུས་སེམས་ཀྱི་བདེ་ཐང་ལ་ཅིས་ཀྱང་གཟབ་གཟབ་གནང་རོགས། ཁ་དྲོ།  ཞེས་སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་ཡིག་ཚང་ནས་ ༢༠༡༨་༡༡་༡༣ ཉིན།

བསམ་ཚུལ་འབྲི།

Click here to cancel reply.

' རྩོམ་འོག་མ། སྔ་འགྱུར་རྙིང་མའི་དབུ་འཛིན་ ༧ པ་ཞི་བར་གཤེགས་པར་མྱ་ངན་ཞུ།

འབྲེལ་ཡོད་ཀྱི་རྩོམ་གཞན།

  • ས་གནས་ཡུལ་མིའི་རེ་འབོད་ལ་བདག་སྐྱོང་དགོས་པའི་ཡོངས་ཁྱབ་བསྒྲགས་གཏམ།
  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་ ༢༠༢༢ ལོའི་སློབ་ཡོན་གསལ་བསྒྲགས།
  • ༄༅། །འཛམ་གླིང་ཤར་ནུབ་གང་དུ་བཞུགས་ཡོད་པའི་རང་རེེའི་སྡེ་དགེ་བ་ཕུ་ནུ་མིང་སྲིང་ཡོངས་ལ་སྡེ་དགེའི་ཉིན་མོའི་གསལ་བརྡ།
  • སྡེ་དགེ་པ་འཛིན་གྲྭ་བཅུ་པའི་སློབ་མ་ཡོངས་ནས་དོ་སྣང་གནང་དགོས་རྒྱུ་གལ་ཆེ།
  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་ ༢༠༡༩ ལོའི་སློབ་ཡོན་འབུལ་འགོ་བཙུགས།

ཁྱབ་བསྒྲགས། མང་ ...
    Advertisement
འབྲེལ་མཐུད།
Advertisement
Advertisement
Advertisement
Advertisement
ངོ་དེབ།











  • ཁམས་པའི་དྲ་བ།
  • སྡེ་དགེའི་པར་ཁང་།
  • བོད་ཀྱི་བང་ཆེན།
  • བོད་ཀྱི་དུས་བབ།
  • རྒྱལ་བ་རིན་པོ་ཆེ།
  • ཆུ་སྒང་དྲ་བ།
  • བོད་ཀྱི་ཆ་འཕྲིན།
  • ཨ་རིའི་བརྙན་འཕྲིན།
  • བོད་ཀྱི་གཞས་ཚིག་དྲ་བ།་
  • དྲི་བ་དྲིས་ལན་དྲ་བ།
  • བོད་ཀྱི་འཕྲུལ་དེབ་དྲ་བ།
  • སམ་བྷོ་ཏྲ་དྲ་བ།།
  • འོད་ཟེར་དྲ་བ།
  • བོད་གཞུང་དྲ་བ།
  • སེང་རྡོར་དྲ་བ།།
  • སྨོན་ལམ་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • སྐར་ཁུང་དྲ་བ།
  • གེ་སར་རིག་གནས་དྲ་བ།
  • ཕ་ཡུལ་དྲ་བ།
  • སྤྱི་འཐུས་དྲ་བ།
  • འཛི་སྒར་དྲ་བ།
  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་།
  • © 2020 Dege Gyalyong welfare Society
  • House # D-44, New Tibetan Camp. New Aruna Nagar, Majnu-ka-tilla, Delhi-110054, India.
  • E-mail: [email protected] Tel. 01123815056 Mb: +9717153449

བཟོ་སྐྲུན་པ། བསྟན་འཛིན་ཆོས་གྲགས།