English

  • མདུན་ངོས།
  • རྒྱལ་རབས།
  • ལོ་རྒྱུས།
    • ལུང་ཚན།
    • གནས་རི།
    • བྲག་ནགས་མཚོ།
    • སྣ་ཚོགས།
  • དགོན་སྡེ།
    • སྡེ་དགེའི་དབུ་ཁག་ལྔ།
    • གཡུང་དྲུང་བོན།
    • སྔ་འགྱུར་རྙིང་མ།
    • རྒྱལ་བ་བཀའ་བརྒྱུད།
    • དཔལ་ལྡན་ས་སྐྱ།
    • རི་བོ་དགེ་ལུགས།
  • པར་ཁང།
  • མི་སྣ།
    • སྐྱེས་ཆེན་དམ་པ།
    • ཤེས་ལྡན་མཁས་པ།
    • རླབས་ཆེན་མི་སྣ།
    • རྩོམ་པ་པོ།
    • ལྷ་པ།
    • སྒྲུང་པ།
    • གཞས་པ་གཞས་མ།
    • གྲགས་ཅན་མི་སྣ་གཞན།
  • ཆས་གོས།
    • རྒྱལ་བློན།
    • ཕོ་ཆས།
    • མོ་ཆས།
  • ཡུལ་སྲོལ།
    • བཟང་ངན་བརྩི་སྲོལ།
    • འབྲོག་པ།
    • རོང་པ།
    • རོང་མ་འབྲོག
    • ཡུལ་སྲོལ་ཁག་ཅིག
    • དུས་ཆེན།
  • ལས་འགུལ།
  • ལག་ཤེས།
    • ལྷ་བཟོ།
    • པར་བརྐོས།
    • མགར་བ།
    • རྫ་བཟོ།
    • ཤོག་བུ་བཟོ་བ།
    • ཤིང་བཟོ་བ།
    • འཚེམ་བཟོ།
    • སྤུ་རིགས་བཟོ་བ།
  • གླུ་གཞས།
    • སྡེ་དགེའི་བྲོ་ཆེན།
    • མགུར་མོ།
    • གླུའི་རིགས།
    • གླིང་བྲོ།
    • ཁེད་(གབ་ཚིག)
    • གཏམ་དཔེ།
  • ངོ་སྤྲོད།

འདྲེ་ཤིག་དམར་པོའི་སྙན་ངག་ཁག་གསུམ།

འདོན་སྤེལ། 2016/04/28 10:22 AM རྩོམ་པ་པོ།

འདྲེ་ཤིག་དམར་པོའི་སྙན་ངག་ཁག་གསུམ།

ཚངས་སྲས་མ། འདྲེ་ཤིག་དམར་པོ། (སྡེ་དགེ)

 

སྲིད་གསུམ་ས་ཡི་མཛེས་རྒྱན་མཐོ་སྒང་ཞིང་།།

ལྷིང་འཇགས་མི་ཡི་གར་དུ་རོལ་མཛད་མ།།

ངག་གི་ལྷ་མོ་སྡེ་དགེ་ཟླ་གཡང་ཞེས།།

ལྷན་སྐྱེས་སྲས་སུ་སྨིན་པ་མཇལ་བས་སྤྲོ།།

 

དབྱངས་ཅན་མ་ཞེས་ཀུན་གྱིས་བསྟོད་ཀྱང་རུང་།།

ཚངས་སྲས་མ་ཞེས་ཀུན་གྱིས་བོས་ཀྱང་རུང་།།

ཟླ་གཡང་ལས་གཞན་ཚངས་སྲས་དབྱངས་ཅན་ཞིག།

གང་དུའང་མེད་པ་སེམས་ཀྱི་ཡུལ་ན་བཞུར།།

 

ལྗང་མདོག་ཟླུམ་གཟུགས་ས་ཡི་བརྩེགས་མ་ན།།

ངག་གི་ལྷ་མོས་བྱིན་རླབས་བཞུར་རྒྱུན་གྱིས།།

དགའ་བའི་གར་དང་བརྩེ་བའི་གླུ་དབྱངས་ལ།།

ཕྱོགས་པའི་སེམས་པ་རིང་ནས་རིང་དུ་གྱུར།།
སེམས་ཀྱི་ཡིག་འབྲུ་དབྱར་གྱི་སྤང་ཐང་དུ།།

འབྲི་བའི་ནུས་རྩལ་རྟ་མཆོག་རྒོད་པོ་བཞིན།།

རིམ་གྱིས་བཞུད་པའི་གོམ་ཁ་ཀྱག་ཀྱོག་དེ།།

ཁྱེད་ལ་སྤྲིངས་པའི་སྙིང་གི་གཤིས་ཚིག་ཡིན།།

ཕྱི་ལོ། 2016/04/12

 

༄༅། །ཕ་ས་སྨུག་པོ།

འདྲེ་ཤིག་དམར་པོ། (སྡེ་དགེ)

 

ང་བྱིས་དུས་ཀྱི་ལང་ཚོའི་མེ་ཏོག་བཞད་ས།

ང་གཞོན་དུས་ཀྱི་འཚོ་བའི་ཁ་ཕྱོགས་འཁྱིལ་ས།

ང་རྒས་དུས་ཀྱི་སྡོང་ལོ་ས་ལ་ཟག་ས།

བདག་ཉིད་ཀྱི་ཕ་ས་སྨུག་པོ།

 

གཡང་དཀར་འབྲི་མོའི་ངུར་སྒྲ་དང་།

བྲེ་སེ་འབྲོང་གི་ཧར་སྒྲ།

ཁུ་བྱུག་སྔོན་མོའི་དྲུག་འགྱུར།

མདོ་བ་ལྟ་ཕོའི་འཚེར་སྒྲ།
གངས་དཀར་རི་བོའི་གཟི་བརྗིད།

དྭངས་གཙང་སྔོན་མོའི་རླབས་རྒྱུན།

དཔའ་བོ་དཔའ་མོའི་ཤུལ་གནས།

སྤྲེའུ་སྲིན་གཉིས་ཀྱི་རྒྱུན་འཛིན།

 

མདོར་ན་ཡོད་ཚད་ཀྱི་ཡོད་ཚད་ཕྱུག་པའི་

བདག་གི་ཕ་ས་སྨུག་པོ་བསིལ་ལྗོངས་གོ་ལའི་གཙུག་རྒྱན།

 

ལྗང་མདོག་གོ་ལའི་གནམ་གཤིས་འཁོར་ས།

སྟོད་སྨད་ཀྱི་ལྷ་ཀླུའི་གླུ་དབྱངས་མཆོད་ས།

ཕྱི་ནང་གི་ཕོ་མོའི་གསོལ་འདེབས་ཞུ་ས།

སུན་རྩེན་ས་ལའི་སྨན་ལྗོངས། །

 

དྲན་སེམས་ཀྱི་བྱེ་མའི་ཀློང་ནས།

རྒྱང་རིང་རྒྱང་རིང་ཞིག་ནས།

ཁྱེད།

དྲན་གདུང་གིས་བཟི་ཡོད།

ཕྱི་ལོ / 04 / 04 / 2016

 

༈ ན་གཞོན་གྱི་ཚོར་རླབས།

འདྲེ་ཤིག་དམར་པོ། (སྡེ་དགེ)

 

ཕ་ཡུལ་གདུང་བའི་ས་མཐའ་ནས།།

དྲན་པའི་དར་སྐུད་རིང་མོ་དེ།།

བསིལ་ལྗོངས་ཡུལ་ལ་འཐེན་བཞིན་དུ།།

མིག་ཆུའི་མཆོད་ཆང་གཙང་མ་བཤམས།།

 

དྲན་པའི་ན་ཟུག་ཀློང་རོལ་ནས།།

སྒང་གི་མི་ཡི་གོམས་གཤིས་དག།

སེམས་ཀྱི་འོ་ཆུ་དང་འདྲེས་ཏེ།།

དྲན་པའི་གདུང་བ་འདི་ནས་བཞུར།།

 

སྙན་པའི་ཚིག་སྦྱོར་སྟོང་ཙམ་གྱིས།།

དྲན་དྲན་ཚོར་རླབས་དྲག་པོ་ཞིག།

སུམ་རྩེན་ལྷ་ཡུལ་ཞིང་ཁམས་སུ།།

སྤྲིངས་པའི་ཐོག་མ་འདི་ཙམ་ཉིད།།
རྫ་རི་སྨུག་པོའི་གསེབ་ལམ་ནས།།

ཁྱུང་ཆེན་སེམས་གཏད་འཕུར་བ་སྟེ།།

ས་ལཱའི་སྨན་ལྗོངས་དྲན་དྲན་གྱི།།

གཤིས་ཀྱི་ཐོག་མ་འདི་ནས་སྩོལ།།

 

དྭངས་གཙང་ཆུ་བོའི་བཞུར་རྒྱུན་ལས།།

དྲན་ཤིང་སེམས་ཀྱི་ཁུག་མདུད་དེ།།

ནམ་ཡང་མི་ལྷོད་དོམ་འཛིན་གྱིས།།

ཕ་ཡུལ་ཕྱོགས་ལ་འདི་ལྟར་སྨྱོས།།

 

ཡངས་པའི་རྩ་ཐང་བསིལ་རླུང་ལྡང་།།

རི་ལུང་སྨུག་པས་བཏུམས་པ་གྱུར།།

གྲང་བའི་སེམས་པའི་ཤུགས་གླུ་ཞིག།

རྒྱང་རིང་ཡུལ་ནས་འཚར་དུ་མངར།།
གཞོན་པ་ཞིག་གི་ཚོར་བའི་རླབས།།

ས་ལཱའི་ལྗོངས་སུ་ལྡང་བས་ན།།

ཚོར་འདུ་འདྲེས་པའི་ཡིག་ཕྲེང་དག།

རིམ་བཞིན་འདི་ནས་བཞུར་བ་གྱུར།།

བསམ་ཚུལ་འབྲི།

Click here to cancel reply.

' རྩོམ་འོག་མ། གནའ་བོའི་བོད་ཀྱི་རིག་གནས་འཕེལ་རྒྱས་ཀྱི་ལོ་རྒྱུས་གནད་བསྡུས།

འབྲེལ་ཡོད་ཀྱི་རྩོམ་གཞན།

  • དུས་རབས་སྔ་ཕྱིའི་ནང་གི་སྡེ་དགེའི་བོད་སྨན།
  • སྡེ་དགེའི་ཐུན་མོང་མ་ཡིན་པའི་བོད་ཤོག་བཟོ་རྩལ།
  • སྡེ་དགེའི་ཀུ་ཚེ་ཡུལ་དུ་ཤིང་པར་བརྐོ་སྲོལ་བྱུང་བ། ཁ་རྒྱབ་ཉི་མ།
  • བག་མའི་རྟ་ཁ་ལེན་དུས་ཀྱི་བཤད་པ། རབ་བརྟན་དགེ་ལེགས།
  • ཚུལ་ཁྲིམས་བློ་གྲོས་ནི་ཅི་ཞིག་རེད། སྡེ་དགེ་ཟླ་ཡག

ཁྱབ་བསྒྲགས། མང་ ...
    Advertisement
འབྲེལ་མཐུད།
Advertisement
Advertisement
Advertisement
Advertisement
ངོ་དེབ།











  • ཁམས་པའི་དྲ་བ།
  • སྡེ་དགེའི་པར་ཁང་།
  • བོད་ཀྱི་བང་ཆེན།
  • བོད་ཀྱི་དུས་བབ།
  • རྒྱལ་བ་རིན་པོ་ཆེ།
  • ཆུ་སྒང་དྲ་བ།
  • བོད་ཀྱི་ཆ་འཕྲིན།
  • ཨ་རིའི་བརྙན་འཕྲིན།
  • བོད་ཀྱི་གཞས་ཚིག་དྲ་བ།་
  • དྲི་བ་དྲིས་ལན་དྲ་བ།
  • བོད་ཀྱི་འཕྲུལ་དེབ་དྲ་བ།
  • སམ་བྷོ་ཏྲ་དྲ་བ།།
  • འོད་ཟེར་དྲ་བ།
  • བོད་གཞུང་དྲ་བ།
  • སེང་རྡོར་དྲ་བ།།
  • སྨོན་ལམ་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • སྐར་ཁུང་དྲ་བ།
  • གེ་སར་རིག་གནས་དྲ་བ།
  • ཕ་ཡུལ་དྲ་བ།
  • སྤྱི་འཐུས་དྲ་བ།
  • འཛི་སྒར་དྲ་བ།
  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་།
  • © 2020 Dege Gyalyong welfare Society
  • House # D-44, New Tibetan Camp. New Aruna Nagar, Majnu-ka-tilla, Delhi-110054, India.
  • E-mail: [email protected] Tel. 01123815056 Mb: +9717153449

བཟོ་སྐྲུན་པ། བསྟན་འཛིན་ཆོས་གྲགས།