English

  • མདུན་ངོས།
  • རྒྱལ་རབས།
  • ལོ་རྒྱུས།
    • ལུང་ཚན།
    • གནས་རི།
    • བྲག་ནགས་མཚོ།
    • སྣ་ཚོགས།
  • དགོན་སྡེ།
    • སྡེ་དགེའི་དབུ་ཁག་ལྔ།
    • གཡུང་དྲུང་བོན།
    • སྔ་འགྱུར་རྙིང་མ།
    • རྒྱལ་བ་བཀའ་བརྒྱུད།
    • དཔལ་ལྡན་ས་སྐྱ།
    • རི་བོ་དགེ་ལུགས།
  • པར་ཁང།
  • མི་སྣ།
    • སྐྱེས་ཆེན་དམ་པ།
    • ཤེས་ལྡན་མཁས་པ།
    • རླབས་ཆེན་མི་སྣ།
    • རྩོམ་པ་པོ།
    • ལྷ་པ།
    • སྒྲུང་པ།
    • གཞས་པ་གཞས་མ།
    • གྲགས་ཅན་མི་སྣ་གཞན།
  • ཆས་གོས།
    • རྒྱལ་བློན།
    • ཕོ་ཆས།
    • མོ་ཆས།
  • ཡུལ་སྲོལ།
    • བཟང་ངན་བརྩི་སྲོལ།
    • འབྲོག་པ།
    • རོང་པ།
    • རོང་མ་འབྲོག
    • ཡུལ་སྲོལ་ཁག་ཅིག
    • དུས་ཆེན།
  • ལས་འགུལ།
  • ལག་ཤེས།
    • ལྷ་བཟོ།
    • པར་བརྐོས།
    • མགར་བ།
    • རྫ་བཟོ།
    • ཤོག་བུ་བཟོ་བ།
    • ཤིང་བཟོ་བ།
    • འཚེམ་བཟོ།
    • སྤུ་རིགས་བཟོ་བ།
  • གླུ་གཞས།
    • སྡེ་དགེའི་བྲོ་ཆེན།
    • མགུར་མོ།
    • གླུའི་རིགས།
    • གླིང་བྲོ།
    • ཁེད་(གབ་ཚིག)
    • གཏམ་དཔེ།
  • ངོ་སྤྲོད།

འགོ་རྒྱལ་དཔལ་འཛང་རྒོད་ཚང་གི་གནས་ཡིག

འདོན་སྤེལ། 2013/03/23 9:21 AM རྩོམ་པ་པོ། རྡོ་རྗེ་དྲག་པོ།

༇།   །འགོ་རྒྱལ་དཔལ་འཛང་རྒོད་ཚང་དབང་ཕུག་ནམ་མཁའ་རྫོང་གི་གནས་བསྟོད་བཞུགས་སོ།།

go gyal༇།  །སངས་རྒྱས་ཀུན་དང་ཡེ་ཤེས་རོ་མཉམ་ཀྱང་།   །སངས་རྒྱས་ཀུན་གྱི་ཕྲིན་ལས་བསྒྲུབ་པའི་ཚུལ།    །སངས་རྒྱས་པད་འབྱུང་བདག་གི་རིགས་བདག་ཏུ།   །སངས་རྒྱས་མ་ཐོབ་བར་དུ་འབྲལ་མེད་བཞུགས།  །གནས་མཆོག་འགོར་རྒྱལ་དཔལ་འཛང་རི་བོ་ནི།   །ཟླ་ཞུན་ཁུ་བས་ཡང་ཡང་བྱུགས་པ་དང་།   །མཚུངས་པའི་བྲག་དཀར་སྲ་བརྟན་མཐོ་ཞིང་མཛེས།   །སྤང་ལྗོངས་མ་རྒད་ཕྱིས་པའི་མདངས་འཕྲོག་པ།   །རྩ་བ་རབ་ཏུ་བརྟན་པའི་སྡོང་བུ་ལ།  །ཡལ་ག་ལོ་མ་མེ་ཏོག་སྣ་ཚོགས་དང་།    །འབྲས་བུ་དག་གིས་ཡོངས་སུ་དུད་པའི་ཤིང་།     །ལྷ་ཡི་སྐྱེད་མོའི་ཚལ་ལྟར་ཡིད་དུ་འོང་།    །ལུས་དང་སྒྲོ་གཤོག་སྣ་ཚོགས་ཚོན་རིས་ཀྱིས།    །མཛེས་པར་བྲིས་པའི་བྱ་དང་བྱིའུ་རྣམས།    །སྐད་སྙན་དྲི་ཟའི་རྒྱུད་མང་ལྟ་བུ་སྙན།     །སྤྲེའུ་རྣམས་ཀྱང་ལུས་རྩལ་འགྲན་པར་བྱེད།    ཨེ་ན་ཡ་དང་ཤྭ་བ་རྒྱ་རྣ་སོགས།    །རི་སྐྱེས་དུ་མ་བག་ཡངས་བདེ་བར་རྒྱུ།     །གཟིག་དང་གུང་སོགས་གཅན་གཟན་གཏུམ་པོ་ཡང་།    །རྟག་ཏུ་རྒྱུ་ཞིང་སྒྲ་སྐད་སྒྲོགས་པར་བྱེད།    གཡས་གཡོན་མདུན་ངོས་བྲ
ག་གཡང་ངོས་གཟར་བ།     །ངང་མའི་ཚང་ནས་ཐང་དཀར་རྒོད་པོ་རྣམས།    །འདབ་གཤོག་བརྐྱངས་ནས་བར་སྣང་མཐོིན་པོ་ལ།    །ལྡིང་ཞིང་ཤ་ཁྲག་གཟན་ལ་གཞོལ་ཞིང་རོལ།    །དཀར་མོ་ཤམ་ཡག་ལྷ་སྨན་མུ་ནུ་སོགས།    །དཀར་ཕྱོགས་ལ་དགའི་ཕོ་བྲང་གཡའ་བྲག་གི།    །ཕྲེང་བས་བསྐོར་ཞིང་འབྲུ་དང་ཕྱུགས་ལ་སོགས།   །སྐྱོང་བའི་འབྲོག་དང་གྲོང་གིས་རབ་བརྒྱན་པ།   །དགེ་བཅུ་ཚང་བ་ངོ་མཚང་རྨད་དུ་བྱུང་།    །ཁྱད་པར་དཔལ་གྱི་དབང་ཕྱུག་འགྱུར་མེད་བརྟན།    །ནམ་མཁའ་རྫོང་འདི་དབེན་ཅིང་ཉམས་རེ་དགའ།   །དཔའ་བོ་མཁའ་འགྲོའི་ཚོགས་རྣམས་ངང་གི་འདུ།    །དམ་ཅན་སྲུང་མས་ཕྲིན་ལས་སྒྲུབ་པའི་གནས།    །རྣམ་གཡེང་འདུ་འཛི་སྤང་བའི་སྒྲུབ་གནས་ཡིན།     །ཆེ་ཐབས་ཆོས་བརྒྱད་འཁྲུལ་བའི་བྱ་བ་བཏང་།   །གཅིག་པུར་རི་ཁྲོད་འགྲིམ་ནས་བསྒོམ་ནུས་ན།   །ཚེ་གཅིག་སངས་རྒྱས་བདེ་བར་ཐོབ་པ་ཡིན།    །གཞན་ངོར་ཐུན་མོང་མཐོང་ཚུལ་དེ་ལྟར་དང་།    དག་པའི་སྣང་ངོར་འཕགས་པ་སྤྱན་རས་གཟིགས།    །རྗེ་བརྩུན་སྒྲོལ་མ་བྱང་སེམས་དཔག་མེད་དང་།      །རྟ་མགྲིན་ལག་ན་རྡོ་རྗེ་ལ་སོགས་པ།    །ཁྲོ་བོ་ཁྲོ་མོ་བགྲང་ཡས་བཞུགས་པ་ཡི།      །ཕོ་བྲང་རི་བོ་པོ་ཊ་ལ་གཉིས་པ།    །པདྨ་བཛྲ་ཡེ་ཤེས་མཚོ་རྒྱལ་མས།   །ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་ཡང་ཡང་བརླབས།     །ཟབ་གཏེར་དུ་མ་སྦས་པའི་གནས་མཆོག་སྟེ།    །ཕྱག་སྐོར་སྨོན་ལམ་གང་བཏབ་ཕན་ཡོན་ཆེ།    །གནས་འདིར་ལྷག་པའི་ལྷ་རྣམས་སྒྲུབ་པ་དང་།     །བསྐྱེད་རྫོགས་ཟབ་མོ་རྣམ་དཀར་དགེ་བ་བསྐྲུན།     །མཆོག་ཐུན་དངོས་གྲུབ་ཚེ་འདིར་ཐོབ་པ་དང་།     །མཁའ་སྤྱོད་རིག་འཛིན་གྲལ་དུ་འཁོད་པར་ངེས།།ཞེས་འགོ་རྒྱལ་དཔལ་འཛང་རྒོད་ཚང་དབང་ཕུག་ནམ་མཁའ་རྫོང་གི་གནས་བསྟོད་འདི་ཡང་༧རྡོ་རྗེ་དྲག་པོས་དབེན་གནས་དེ་ཉིད་དུ་བརྗོད་པའོ།།   །།

བསམ་ཚུལ་འབྲི།

Click here to cancel reply.

' རྩོམ་འོག་མ། ལྡེམ་ཆེན་གྱི་གནས་ཡིག

འབྲེལ་ཡོད་ཀྱི་རྩོམ་གཞན།

  • སྡེ་དགེའི་ཡུལ་གྱི་ཁྲ་མོ་གླིང་དང་འབྲེལ་བའི་རྗེས་ཤུལ་འགའ།
  • སློབ་དཔོན་ཆེན་པོའི་ཀཿཐོག་རྡོ་རྗེ་གདན་གྱི་གནས་བཤད།
  • རྨུགས་སངས་གནས་བཤད་དང་དགོན་པའི་ལོ་རྒྱུས་སྙིང་བསྡུས།
  • བླ་རོང་ཟངས་བྲག་གསང་ཕུག་གི་ལོ་རྒྱུས།
  • ལྡེམ་ཆེན་གྱི་གནས་ཡིག

ཁྱབ་བསྒྲགས། མང་ ...
    Advertisement
འབྲེལ་མཐུད།
Advertisement
Advertisement
Advertisement
Advertisement
ངོ་དེབ།











  • ཁམས་པའི་དྲ་བ།
  • སྡེ་དགེའི་པར་ཁང་།
  • བོད་ཀྱི་བང་ཆེན།
  • བོད་ཀྱི་དུས་བབ།
  • རྒྱལ་བ་རིན་པོ་ཆེ།
  • ཆུ་སྒང་དྲ་བ།
  • བོད་ཀྱི་ཆ་འཕྲིན།
  • ཨ་རིའི་བརྙན་འཕྲིན།
  • བོད་ཀྱི་གཞས་ཚིག་དྲ་བ།་
  • དྲི་བ་དྲིས་ལན་དྲ་བ།
  • བོད་ཀྱི་འཕྲུལ་དེབ་དྲ་བ།
  • སམ་བྷོ་ཏྲ་དྲ་བ།།
  • འོད་ཟེར་དྲ་བ།
  • བོད་གཞུང་དྲ་བ།
  • སེང་རྡོར་དྲ་བ།།
  • སྨོན་ལམ་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • སྐར་ཁུང་དྲ་བ།
  • གེ་སར་རིག་གནས་དྲ་བ།
  • ཕ་ཡུལ་དྲ་བ།
  • སྤྱི་འཐུས་དྲ་བ།
  • འཛི་སྒར་དྲ་བ།
  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་།
  • © 2020 Dege Gyalyong welfare Society
  • House # D-44, New Tibetan Camp. New Aruna Nagar, Majnu-ka-tilla, Delhi-110054, India.
  • E-mail: [email protected] Tel. 01123815056 Mb: +9717153449

བཟོ་སྐྲུན་པ། བསྟན་འཛིན་ཆོས་གྲགས།