English

  • མདུན་ངོས།
  • རྒྱལ་རབས།
  • ལོ་རྒྱུས།
    • ལུང་ཚན།
    • གནས་རི།
    • བྲག་ནགས་མཚོ།
    • སྣ་ཚོགས།
  • དགོན་སྡེ།
    • སྡེ་དགེའི་དབུ་ཁག་ལྔ།
    • གཡུང་དྲུང་བོན།
    • སྔ་འགྱུར་རྙིང་མ།
    • རྒྱལ་བ་བཀའ་བརྒྱུད།
    • དཔལ་ལྡན་ས་སྐྱ།
    • རི་བོ་དགེ་ལུགས།
  • པར་ཁང།
  • མི་སྣ།
    • སྐྱེས་ཆེན་དམ་པ།
    • ཤེས་ལྡན་མཁས་པ།
    • རླབས་ཆེན་མི་སྣ།
    • རྩོམ་པ་པོ།
    • ལྷ་པ།
    • སྒྲུང་པ།
    • གཞས་པ་གཞས་མ།
    • གྲགས་ཅན་མི་སྣ་གཞན།
  • ཆས་གོས།
    • རྒྱལ་བློན།
    • ཕོ་ཆས།
    • མོ་ཆས།
  • ཡུལ་སྲོལ།
    • བཟང་ངན་བརྩི་སྲོལ།
    • འབྲོག་པ།
    • རོང་པ།
    • རོང་མ་འབྲོག
    • ཡུལ་སྲོལ་ཁག་ཅིག
    • དུས་ཆེན།
  • ལས་འགུལ།
  • ལག་ཤེས།
    • ལྷ་བཟོ།
    • པར་བརྐོས།
    • མགར་བ།
    • རྫ་བཟོ།
    • ཤོག་བུ་བཟོ་བ།
    • ཤིང་བཟོ་བ།
    • འཚེམ་བཟོ།
    • སྤུ་རིགས་བཟོ་བ།
  • གླུ་གཞས།
    • སྡེ་དགེའི་བྲོ་ཆེན།
    • མགུར་མོ།
    • གླུའི་རིགས།
    • གླིང་བྲོ།
    • ཁེད་(གབ་ཚིག)
    • གཏམ་དཔེ།
  • ངོ་སྤྲོད།

ཟིལ་ཆུ་དང་འཛི་ཆུ་རྒྱས་ཏེ་སྡེ་དགེ་ལ་ཆུ་ལོག་གི་དཀའ་ངལ།

འདོན་སྤེལ། 2017/07/8 1:12 PM རྩོམ་པ་པོ།

ཁ་སང་དེ་རིང་དབྱར་ཁའི་ཆར་དུས་སུ་ཁེལ་ཡོད་དུས་སྡེ་དགེ་ལྷུན་གྲུབ་སྟེང་དང་། འཇོ་མདའ། འགོ་མདའ། སྨན་ཤོད་བཅས་སྡེ་དགེའི་ས་ཆ་འགའ་ལ་ཉིན་མཚན་མང་པོའི་རིང་ཆར་པ་འབབས་སྟེ་དབྱར་ཆུ་རྒྱས་པའི་དཀའ་ངལ་འོག་སྡོད་ཁང་དང་། ཟམ་པ་སོགས་ལ་གནོད་སྐྱོན་ཆེན་པོ་ཐེབས་འགི

དེའང་འདི་ཟླའི་ཕྱི་ཚེས་ ༦ ཉིན་སྡེ་དགེ་མཐིལ་ནས་ཟིལ་ཆུ་རྒྱས་ཏེ་ལམ་ངོགས་ཀྱི་སྡོད་ཁང་རེ་ཉིས་ལ་གཏོར་སྐྱོན་ཐེབས་པ་དང་། ས་རུད་དང་ཆུ་ཤུལ་དོད་པ་བྱུང་འགི སྐབས་འདི་དག་ཏུ་ཆུ་ལོག་གི་ཉེན་སྐྱོབ་བྱས་ཏེ་ཕན་ཐོགས་གང་འཚམས་བྱུང་ཡོད་པ་སོགས་ཀྱིས་སྡེ་དགེ་མཐིལ་ནས་ད་བར་མིའི་ཚེ་སྲོག་ལ་གནོད་སྐྱོན་ཐེབས་མི་འགི  སྟབས་ལེགས་པ་ཞིག་ལ་དེ་རིང་ནས་ཆུ་ཅུང་བྲི་འགྲོ་བཞིན་ཡོད་འདུག ཡིན་ནའང་ལམ་བར་འགྲུལ་བཞུད་བྱེད་མི་ཚོས་ད་དུང་གཟབ་གཟབ་ཏན་ཏན་བྱེད་དགོས་པའི་ཉེན་ཁ་ཡོད་མུས་སུ་རེད།

དེ་རིང་ཕྱི་ཚེས་ ༨ ཀྱི་སྔ་དྲོའི་ཆུ་ཚོད་ ༡༠ པ་ཙམ་གྱི་སྟེང་ན་སྡེ་དགེ་འཇོ་མདའ་ཕྱོགས་སུ་འཛི་ཆུ་རྒྱས་ཏེ་སྡོད་ཁང་སོགས་ལ་དཀའ་ངལ་ཅི་ཆེ་འཕྲད་འགི དེས་བས་ཀྱང་འགོ་མདའ་ཕྱོགས་ནས་ཁང་བདག་བོད་མི་ཡིན་པའི་ཁང་པ་ཐོག་བརྩེགས་ ༥ ཅན་ཞིག་བསྒྲིལ་ཡོད་པ་སོགས་ཀྱིས་རྒྱུ་དངོས་ལ་གྱོང་སྐྲག་མོ་སྤྲད་ཡོད་འདུག་ལ། ད་བར་གོ་བ་ལྟར་ན་འཇོ་མདའ་ཕྱོགས་ནས་རྒྱ་མི་གཉིས་དང་། དམག་མི་ ༡ བཅས་མི་གསུམ་ཙམ་གྱི་ཚེ་སྲོག་ཤོར་ཡོད་པའི་སྐད་ཆ་གོ་རྒྱུ་འགི སྤྱིར་བཏང་འཛི་ཆུ་འདི་སྟོད་འཛི་སྒར་ཕྱོགས་ནས་འབབ་ཡོང་བཞིན་ཡོད་དུས། འཛི་སྒར་དགོན་པའི་ཟུར་ནས་ཀྱང་རྒྱ་མི་དོ་དམ་ལས་ཁུངས་ཀྱི་ལྕགས་རི་ཆུས་ཁྱེར་སོང་འགི་ལ། ཆུ་འདི་མར་འཇོ་མདའ་སྨད་ལ་བབས་ནས་འགོ་མདའ་སོགས་སུ་གནོད་སྐྱོན་ཐེབས་བཞིན་འདུག་ལ། དེས་མ་ཚད་འཇོ་མདའ་ག་གཟི་གྲོང་ཚོའི་བོད་ཁང་གཅིག་ཆུས་བསྒྲིལ་སོང་པ་བཅས་ཀྱི་གནས་ཚུལ་སྡུག་མོ་ཐོན་བཞིན་པ་རེད་འགི

དེས་མ་ཚད་སྡེ་དགེ་སྨན་ཤོད་ཕྱོགས་སུའང་ཆུ་བྲུབས་པའི་དཀའ་ངལ་ཐོན་ཡོང་གི་འདུག་ལ། ནམ་རྒྱུན་དང་མ་འདྲ་བ་ད་ལོ་ཆུ་ལོག་འདི་འདྲ་ཡོང་དོན་ནི་སྤྱིར་བཏང་རང་བྱུང་ཁོར་ཡུག་ལ་གཏོར་སྐྱོན་ཐེབས་པ་དང་། གྲོང་ཁྱེར་ཁག་རྒྱས་སྤྲོས་ཅན་དུ་ཕྱིན་ཏེ་ལམ་ངོགས་སུ་ཆུ་ལམ་ཁ་ཞེང་ཆུང་དུ་སོང་ནས་ཉེན་འགལ་འདི་ཚོ་ཡོང་བཞིན་ཡོད་པ་བཤད་མཁན་ཡང་འགི

གང་ལྟར་ཕ་ས་ཕ་ཡུལ་ལ་གནས་ཚུལ་སྡུག་མོ་འདི་ཚོ་ཡོང་དུས་སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་ངོས་ནས་སེམས་འཚབ་དང་བཅས་གཞིས་བཞུགས་བོད་མི་ཚོར་འགྲོ་གཟབ་འདུག་གཟབ་ཀྱིས་རང་བྱུང་ཁམས་ཀྱི་གནོད་འཚེའི་རྐྱེན་ལམ་དུ་མི་འགྲོ་བར་སྒོ་ཀུན་ནས་འབད་བརྩོན་བྱེད་རོགས་ཞེས་གདུང་སེམས་མཉམ་བསྐྱེད་དང་བཅས་འབོད་སྐུལ་བྱེད་ཀྱིན་ཡོད།

བསམ་ཚུལ་འབྲི།

Click here to cancel reply.

' རྩོམ་འོག་མ། སྡེ་དགེ་ཡིད་ལྷུང་གི་ངག་རྒྱུན་ལས་སྟག་རོང་གི་སྦྲ་བཤད།

འབྲེལ་ཡོད་ཀྱི་རྩོམ་གཞན།

  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་དབུས་རྒྱུན་སྐབས་ ༣ པའི་ལོ་འཁོར་༣ གྱི་ལས་བསྡོམས་སྙིང་བསྡུས།
  • ཨ་ཧྥི་ཏབ་ཀརྨ་སིང་པུ་རེ་ཝལ་ (Aftab Karma Singh Pureval) ལགས་ཨ་རིའི་གྲོང་ཁྱེར་སིན་སི་ན་ཊི་( Cincinnati) ཡི་སྤྱི་ཁྱབ་གྲོང་ཁྱེར་དཔོན་པོའི་གོ་གནས་ཀྱི་རྒྱལ་ཁ་ཐོབ་པ།
  • བོད་ཕྲུག་༢༧་ལ་སྲིད་སྐྱོང་གི་སློབ་ཡོན་གཟེངས་རྟགས་ཐོབ་པའི་ནང་རང་རེ་སྡེ་དགེ་བའི་སློབ་མ་གཅིག་ཡོད་པ་རེད།
  • དབུས་རྒྱུན་སྐབས་གསུམ་པའི་ཚོགས་ཐེངས་གཉིས་པ་དེ་བསྐོང་ཚོགས་གནང་
  • ལོ་གསར་པའི་འཚམ་འདྲི་བཀྲ་ཤིས་བདེ་ལེགས།

ཁྱབ་བསྒྲགས། མང་ ...
    Advertisement
འབྲེལ་མཐུད།
Advertisement
Advertisement
Advertisement
Advertisement
ངོ་དེབ།











  • ཁམས་པའི་དྲ་བ།
  • སྡེ་དགེའི་པར་ཁང་།
  • བོད་ཀྱི་བང་ཆེན།
  • བོད་ཀྱི་དུས་བབ།
  • རྒྱལ་བ་རིན་པོ་ཆེ།
  • ཆུ་སྒང་དྲ་བ།
  • བོད་ཀྱི་ཆ་འཕྲིན།
  • ཨ་རིའི་བརྙན་འཕྲིན།
  • བོད་ཀྱི་གཞས་ཚིག་དྲ་བ།་
  • དྲི་བ་དྲིས་ལན་དྲ་བ།
  • བོད་ཀྱི་འཕྲུལ་དེབ་དྲ་བ།
  • སམ་བྷོ་ཏྲ་དྲ་བ།།
  • འོད་ཟེར་དྲ་བ།
  • བོད་གཞུང་དྲ་བ།
  • སེང་རྡོར་དྲ་བ།།
  • སྨོན་ལམ་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • སྐར་ཁུང་དྲ་བ།
  • གེ་སར་རིག་གནས་དྲ་བ།
  • ཕ་ཡུལ་དྲ་བ།
  • སྤྱི་འཐུས་དྲ་བ།
  • འཛི་སྒར་དྲ་བ།
  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་།
  • © 2020 Dege Gyalyong welfare Society
  • House # D-44, New Tibetan Camp. New Aruna Nagar, Majnu-ka-tilla, Delhi-110054, India.
  • E-mail: [email protected] Tel. 01123815056 Mb: +9717153449

བཟོ་སྐྲུན་པ། བསྟན་འཛིན་ཆོས་གྲགས།