English

  • མདུན་ངོས།
  • རྒྱལ་རབས།
  • ལོ་རྒྱུས།
    • ལུང་ཚན།
    • གནས་རི།
    • བྲག་ནགས་མཚོ།
    • སྣ་ཚོགས།
  • དགོན་སྡེ།
    • སྡེ་དགེའི་དབུ་ཁག་ལྔ།
    • གཡུང་དྲུང་བོན།
    • སྔ་འགྱུར་རྙིང་མ།
    • རྒྱལ་བ་བཀའ་བརྒྱུད།
    • དཔལ་ལྡན་ས་སྐྱ།
    • རི་བོ་དགེ་ལུགས།
  • པར་ཁང།
  • མི་སྣ།
    • སྐྱེས་ཆེན་དམ་པ།
    • ཤེས་ལྡན་མཁས་པ།
    • རླབས་ཆེན་མི་སྣ།
    • རྩོམ་པ་པོ།
    • ལྷ་པ།
    • སྒྲུང་པ།
    • གཞས་པ་གཞས་མ།
    • གྲགས་ཅན་མི་སྣ་གཞན།
  • ཆས་གོས།
    • རྒྱལ་བློན།
    • ཕོ་ཆས།
    • མོ་ཆས།
  • ཡུལ་སྲོལ།
    • བཟང་ངན་བརྩི་སྲོལ།
    • འབྲོག་པ།
    • རོང་པ།
    • རོང་མ་འབྲོག
    • ཡུལ་སྲོལ་ཁག་ཅིག
    • དུས་ཆེན།
  • ལས་འགུལ།
  • ལག་ཤེས།
    • ལྷ་བཟོ།
    • པར་བརྐོས།
    • མགར་བ།
    • རྫ་བཟོ།
    • ཤོག་བུ་བཟོ་བ།
    • ཤིང་བཟོ་བ།
    • འཚེམ་བཟོ།
    • སྤུ་རིགས་བཟོ་བ།
  • གླུ་གཞས།
    • སྡེ་དགེའི་བྲོ་ཆེན།
    • མགུར་མོ།
    • གླུའི་རིགས།
    • གླིང་བྲོ།
    • ཁེད་(གབ་ཚིག)
    • གཏམ་དཔེ།
  • ངོ་སྤྲོད།

མི་ཚེ་ནི་ཇ་ཕོར་པ་གང་ཞེས་པའི་གློག་བརྙན་གསར་པར་བྱ་དགའ་ཐོབ་པ།

འདོན་སྤེལ། 2017/10/19 2:40 PM རྩོམ་པ་པོ།

འདི་ལོར་བོད་ཀྱི་གློག་བརྙན་དུས་སྟོན་ཐོག་ནས་(མི་ཚེ་ནི་ཇ་ཕོར་པ་གང་)ཞེས་པའི་གློག་བརྙན་དེར་ཨང་གསུམ་པའི་བྱ་དགའ་ཐོབ་ཡོད་འདུག

FA76943C-AB75-41C7-9E48-B6C50844FFA9
དེའང་འདི་ཚེས་ ༡༤ དང་ ༡༥ ཉིན་གཉིས་རིང་རྡ་རམ་ས་ལ་རུ་བོད་ཀྱི་གློག་བརྙན་དུས་སྟོན་འགྲན་ཚོགས་དེ་ཚོགས་ཡོད་པ་དང་། དེར་གློག་བརྙན་འགྲན་ཞུགས་པ་ ༩ ཡོད་པ་ལས་(མི་ཚེ་ནི་ཇ་ཕོར་པ་གང་)ཞེས་པའི་གློག་བརྙན་དེར་ཨང་གསུམ་པའི་བྱ་དགའ་ཐོབ་ཡོད་འདུག གློག་བརྙན་དེ་ནི་སྐར་མ་ལྔའི་དུས་ཡུན་ཅན་ཞིག་ཡིན་པ་དང་། བརྗོད་གཞི་ནི་མི་ཚེ་ཐུང་ཐུང་འདི་དོན་དང་ལྡན་པ་ཞིག་བྱེད་དགོས་སྟངས་ཡིན་འདུག་ལ། འཁྲབ་ཁྲིད་པ་གཙོ་བོ་རྒན་ཀུན་དགའ་རིན་ཆེན་དང་། འཁྲབ་ཁྲིད་པ་གཞོན་པ་ཀུན་དགའ་རྡོ་རྗེ་ལགས་རྣམ་པ་གཉིས་ཡིན་འདུག

དེའང་གློག་བརྙན་བཟོ་སྐྲུན་པས་མཛད་སྒོའི་སྟེང་གསུངས་དོན། ན་ནིང་ལོར་ངེད་ཚོའི་གློག་བརྙན་གྱིས་ཨང་དང་པོའི་བྱ་དགའ་ཐོབ་སོང་ཡང་། ད་ལོའི་ཨང་གསུམ་པ་ཐོབ་པའི་དགའ་ཚོར་འདི་དེ་བས་དམིགས་བསལ་བ་ཞིག་བྱུང་སོང་། གང་ཡིན་ཟེར་ན་ད་ལོར་འགྲན་ཞུགས་པ་ཚང་མ་བོད་པ་རེད་འདུག་ཅེས་དང་། ཡང་ང་ཚོ་བོད་ཀྱི་གློག་བརྙན་རིག་པ་ནི་མི་རིགས་དང་རྒྱལ་ཁབ་གཞན་གྱི་གློག་བརྙན་རིག་པའི་ཡར་རྒྱས་ཀྱི་མྱུར་ཚད་ལས་རྦད་དེ་མགྱོགས་བ་ཡོད་ཚུལ་སོགས་གསུངས་ཡོད་པ་རེད།

33DEEC15-8E22-4EA0-87E3-77DED3CB65ADའཁྲབ་ཁྲིད་པ་གཞོན་པ་ཀུན་དགའ་རྡོ་རྗེ་ལགས་ནི་སྡེ་དགེ་འཇོ་མདའ་ཝཱ་རཱ་རུ་སྐྱེས་ཤིང་། ༢༠༠༦ ལོར་རྒྱ་གར་ལ་འབྱོར་བ་རེད་འདུག ཁོང་གིས་གསུང་ན་ང་རང་གློག་བརྙན་དང་པར་སོགས་བཟོ་རྒྱུ་ལ་ཧ་ཅང་དགའ་པོ་ཡོད། མ་ཟད་མུ་མཐུད་ནས་གློག་བརྙན་བཟོ་བསྐྲུན་གྱིས་མ་འོངས་པ་གློག་བརྙན་བཟོ་སྐྲུན་པ་ཚད་ལྡན་ཞིག་བྱེད་ཐུབ་པའི་རེ་བ་ཡོད་ཅེས་གསུངས་གནང་སོང་།

One Response

  1. བླ་ཁྲི་ལྷགཔ་རྒྱལམཚན says:
    October 19, 2017 at 9:13 pm

    ཀུན་དགའ་རྣམ་གཉིས་ལ་སོ་སོས་མི་རིགས་དང་རིག་གཞུང་ལ་དོ་སྣང་གཙོ་འཛིན་གནང་སྟེ་གློག་བརྙན་བཟོ་བསྐྲུན་གནང་བར་ཡིད་རང་ཞུ་རྒྱུ་དང་། ད་ཐེང་རྩེ་ཕུད་ཨང་གསུམ་པའི་བྱ་ག་ཐོབ་པར་འཚམས་འདྲི་ཞུ། མུ་ཐུད་རང་རེ་ཐུན་མོང་མ་ཡིནཔའི་སྐད་ཡིག་དང་རིགས་གཞུང་བསྲུང་སྐྱོབ་དར་སྤེལ་ལ་སོགས་ལ་དམིག་སྟེ་གློག་བརྙན་་བཟོ་བསྐྲུན་གནང་རྒྱུར་འབད་བརྩོན་་གནང་གལ
    ཞུ་རྒྱུ་ཡིན་། བཀྲིས་སྨིན་ཚོག་བཅས། ༢༠༡༧།༡༠།༡༩ ལ། ཨ་རི་ནས།།

    Reply

བསམ་ཚུལ་འབྲི།

Click here to cancel reply.

' རྩོམ་འོག་མ། བོད་མི་ཞིག་ལ་ཀྲུང་གོའི་བཟོ་རྩལ་ཁྱད་འཕགས་ཀྱི་གསེར་གྱི་བྱ་དགའ་ཐོབ་པ།

འབྲེལ་ཡོད་ཀྱི་རྩོམ་གཞན།

  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་དབུས་རྒྱུན་སྐབས་ ༣ པའི་ལོ་འཁོར་༣ གྱི་ལས་བསྡོམས་སྙིང་བསྡུས།
  • ཨ་ཧྥི་ཏབ་ཀརྨ་སིང་པུ་རེ་ཝལ་ (Aftab Karma Singh Pureval) ལགས་ཨ་རིའི་གྲོང་ཁྱེར་སིན་སི་ན་ཊི་( Cincinnati) ཡི་སྤྱི་ཁྱབ་གྲོང་ཁྱེར་དཔོན་པོའི་གོ་གནས་ཀྱི་རྒྱལ་ཁ་ཐོབ་པ།
  • བོད་ཕྲུག་༢༧་ལ་སྲིད་སྐྱོང་གི་སློབ་ཡོན་གཟེངས་རྟགས་ཐོབ་པའི་ནང་རང་རེ་སྡེ་དགེ་བའི་སློབ་མ་གཅིག་ཡོད་པ་རེད།
  • དབུས་རྒྱུན་སྐབས་གསུམ་པའི་ཚོགས་ཐེངས་གཉིས་པ་དེ་བསྐོང་ཚོགས་གནང་
  • ལོ་གསར་པའི་འཚམ་འདྲི་བཀྲ་ཤིས་བདེ་ལེགས།

ཁྱབ་བསྒྲགས། མང་ ...
    Advertisement
འབྲེལ་མཐུད།
Advertisement
Advertisement
Advertisement
Advertisement
ངོ་དེབ།











  • ཁམས་པའི་དྲ་བ།
  • སྡེ་དགེའི་པར་ཁང་།
  • བོད་ཀྱི་བང་ཆེན།
  • བོད་ཀྱི་དུས་བབ།
  • རྒྱལ་བ་རིན་པོ་ཆེ།
  • ཆུ་སྒང་དྲ་བ།
  • བོད་ཀྱི་ཆ་འཕྲིན།
  • ཨ་རིའི་བརྙན་འཕྲིན།
  • བོད་ཀྱི་གཞས་ཚིག་དྲ་བ།་
  • དྲི་བ་དྲིས་ལན་དྲ་བ།
  • བོད་ཀྱི་འཕྲུལ་དེབ་དྲ་བ།
  • སམ་བྷོ་ཏྲ་དྲ་བ།།
  • འོད་ཟེར་དྲ་བ།
  • བོད་གཞུང་དྲ་བ།
  • སེང་རྡོར་དྲ་བ།།
  • སྨོན་ལམ་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • སྐར་ཁུང་དྲ་བ།
  • གེ་སར་རིག་གནས་དྲ་བ།
  • ཕ་ཡུལ་དྲ་བ།
  • སྤྱི་འཐུས་དྲ་བ།
  • འཛི་སྒར་དྲ་བ།
  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་།
  • © 2020 Dege Gyalyong welfare Society
  • House # D-44, New Tibetan Camp. New Aruna Nagar, Majnu-ka-tilla, Delhi-110054, India.
  • E-mail: [email protected] Tel. 01123815056 Mb: +9717153449

བཟོ་སྐྲུན་པ། བསྟན་འཛིན་ཆོས་གྲགས།