English

  • མདུན་ངོས།
  • རྒྱལ་རབས།
  • ལོ་རྒྱུས།
    • ལུང་ཚན།
    • གནས་རི།
    • བྲག་ནགས་མཚོ།
    • སྣ་ཚོགས།
  • དགོན་སྡེ།
    • སྡེ་དགེའི་དབུ་ཁག་ལྔ།
    • གཡུང་དྲུང་བོན།
    • སྔ་འགྱུར་རྙིང་མ།
    • རྒྱལ་བ་བཀའ་བརྒྱུད།
    • དཔལ་ལྡན་ས་སྐྱ།
    • རི་བོ་དགེ་ལུགས།
  • པར་ཁང།
  • མི་སྣ།
    • སྐྱེས་ཆེན་དམ་པ།
    • ཤེས་ལྡན་མཁས་པ།
    • རླབས་ཆེན་མི་སྣ།
    • རྩོམ་པ་པོ།
    • ལྷ་པ།
    • སྒྲུང་པ།
    • གཞས་པ་གཞས་མ།
    • གྲགས་ཅན་མི་སྣ་གཞན།
  • ཆས་གོས།
    • རྒྱལ་བློན།
    • ཕོ་ཆས།
    • མོ་ཆས།
  • ཡུལ་སྲོལ།
    • བཟང་ངན་བརྩི་སྲོལ།
    • འབྲོག་པ།
    • རོང་པ།
    • རོང་མ་འབྲོག
    • ཡུལ་སྲོལ་ཁག་ཅིག
    • དུས་ཆེན།
  • ལས་འགུལ།
  • ལག་ཤེས།
    • ལྷ་བཟོ།
    • པར་བརྐོས།
    • མགར་བ།
    • རྫ་བཟོ།
    • ཤོག་བུ་བཟོ་བ།
    • ཤིང་བཟོ་བ།
    • འཚེམ་བཟོ།
    • སྤུ་རིགས་བཟོ་བ།
  • གླུ་གཞས།
    • སྡེ་དགེའི་བྲོ་ཆེན།
    • མགུར་མོ།
    • གླུའི་རིགས།
    • གླིང་བྲོ།
    • ཁེད་(གབ་ཚིག)
    • གཏམ་དཔེ།
  • ངོ་སྤྲོད།

མཁལ་མ་ནད་པ་ལ་རྒྱ་ནག་སྒོར་མོ་ཁྲི་བཅུ་ལྷག་གི་རོགས་སྐྱོར།

འདོན་སྤེལ། 2014/11/20 7:55 AM རྩོམ་པ་པོ།

dege 44 10805412_957209330961252_1366027484_nའདི་ལོ་ཕྱི་ཟླ་ ༡༠ པའི་ཚེས་ ༣ ཙམ་ནས་སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དུ་སྡེ་དགེ་འདན་མའི་ཕྱོགས་ཀྱི་མཁལ་མ་གཉིས་ཆ་འཕྲོ་བརླགས་ཕྱིན་ཏེ་ཛ་དྲག་ནད་མནར་འགྱུར་བཞིན་པའི་ནད་པ་བསོད་ནམས་གཡུ་སྒྲོན་བྱ་བ་ཞིག་ལ་ཛ་དྲག་མྱུར་སྐྱོབ་གནང་རོགས་གྱིས་ཞེས་པའི་སྙན་ཞུ་ཞིག་འབྲེལ་ཡོད་བརྒྱུད་ནས་འབྱོར་བ་དང་། དབུས་དང་ཡན་ལག་མྱུར་སྐྱོབ་ཁང་གཉིས་ཐད་ནས་ཞིབ་འཇུག་དོ་ནན་བྱས་པར་བརྒྱུད། ནད་པ་འདི་བྱིས་པ་གཉིས་ཀྱི་ཨ་མ་ཡིན་པ་དང་། བྱིས་པ་གཅིག་དབང་པོ་སྐྱོན་ཅན་ཡིན་པ། བཟའ་ཟླ་དང་བཟའ་འཐོར་ཕྱིན་ཟིན་པ། མཁལ་མ་གཉིས་ཆ་འཕྲོ་བརླགས་ཕྱིན་ཤིང་བརྗེ་དགོས་པའི་དུས་ལ་ཐུག་ཡོད་ནའང་། སྨན་རིན་གྱི་དཀའ་ངལ་འོག་ཛ་དྲག་གནས་སྟངས་ནང་ཚུད་ཡོད་པ་བཅས་དངོས་འབྲེལ་ཛ་དྲག་དཀའ་ངལ་ཡོད་པ་ར་འཕྲོད་བྱུང་བ་དང་། མི་ལྔ་ལས་གྲུབ་པའི་ཚོགས་ཆུང་ཞིག་ཟུར་འཛུགས་ཐོག་སྡེ་དགེ་ནང་ཁུལ་དུ་ཞལ་འདེབས་བསྡུ་སློང་གི་ལས་རིམ་འགོ་འཛུགས་ཞུས། རྒྱལ་ཕྱི་ནང་གི་སྡེ་དགེའི་མང་ཚོགས་ཀྱིས་བྱམས་པ་དང་སྙིང་རྗེ་ཆེན་པོའི་ཐོག་རོགས་སྐྱོར་ཤུགས་ཆེན་བྱས་པ་ལྟར། ཁྱོན་ཡོངས་ཀྱི་ཞལ་འདེབས་རྒྱ་ནག་སྒོར་མོ་ཁྲི་བཅུ་ ༡༠༠༢༤༤་༢༦ ལྷག་ཙམ་གནང་སོན་བྱུང་པ་རྣམས། ༢༠༡༤་༡༡་༧ ཉིན་ནད་པ་བསོད་ནམས་གཡུ་སྒྲོན་མོ་རང་གི་ལག་ཏུ་ཕུལ་འབྱོར་ཟིན་ཡོད་པ་དང་། ནད་པ་མོ་རང་གིས་ཀྱང་ལག་ཟུང་སྙིང་ཀར་སྦྱར་ཏེ་ཚང་མ་ལ་ཐུགས་རྗེ་ཆེ་ཆེ་ཆེ་ཞེས་ཞུས་ཡོད་པ་རེད།

  1. རྒྱ་གར་ལྡེ་ར་ལྡུན་ས་གནས་སྡེ་དགེ་ནས། ཧིན་སྒོར། ༡༡༤༥༠།
  2. རྒྱ་གར་དྷ་ས་ས་གནས་སྡེ་དགེ་ནས། ཧིན་སྒོར། ༡༠༠༠༠།
  3. རྒྱ་གར་ལྡི་ལི་ས་གནས་སྡེ་དགེ་ནས། ཧིན་སྒོར། ༢༠༠༠།
  4. རྒྱ་གར་སྦིར་ས་གནས་སྡེ་དགེ་ནས། ཧིན་སྒོར། ༣༧༣༧༠།
  5. རྒྱ་གར་ལྷོ་ཕྱོགས་ས་གནས་སྡེ་དགེ་ནས། ཧིན་སྒོར། ༩༠༠༨
  6. མཚོ་པདྨ་ས་གནས་སྡེ་དགེ་ནས། ཧིན་སྒོར། ༤༡༠༠།
  7. བལ་ཡུལ་ས་གནས་སྡེ་དགེ་ནས། བལ་སྒོར། ༨༡༨༠༠།
  8. ཨ་རི་ཉི་ཡོག་ས་གནས་སྡེ་དགེ་ནས། ཨ་སྒོར། ༢༠༥༥།
  9. ཨ་རི་མི་ནི་སོ་དྲ་ས་གནས་སྡེ་དགེ་ནས། ཨ་སྒོར། ༡༦༢༥།
  10. ཨ་རི་ཀེ་ལི་ཧྥོ་ནི་ཡ་ས་གནས་སྡེ་དགེ་ནས། ཨ་སྒོར། ༡༦༥༢།
  11. ཨ་རི་ཆི་ཀ་གྷོ་ས་གནས་སྡེ་དགེ་ནས། ཨ་སྒོར། ༤༠༠།
  12. ཧྥི་རན་སི་ས་གནས་སྡེ་དགེ་ནས། ཡུ་སྒོར། ༡༩༤༠།
  13. སྦེལ་ཇམ་ས་གནས་སྡེ་དགེ་ནས། ཡུ་སྒོར། ༡༧༢༥།
  14. སུད་སི་ས་གནས་སྡེ་དགེ་ནས། སུད་སྒོར། ༤༢༣༥།

བསམ་ཚུལ་འབྲི།

Click here to cancel reply.

' རྩོམ་འོག་མ། སྡེ་དགེ་རྫ་ཆུ་ཁར་སྐད་འབོད་ངོ་རྒོལ།

འབྲེལ་ཡོད་ཀྱི་རྩོམ་གཞན།

  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་དབུས་རྒྱུན་སྐབས་ ༣ པའི་ལོ་འཁོར་༣ གྱི་ལས་བསྡོམས་སྙིང་བསྡུས།
  • ཨ་ཧྥི་ཏབ་ཀརྨ་སིང་པུ་རེ་ཝལ་ (Aftab Karma Singh Pureval) ལགས་ཨ་རིའི་གྲོང་ཁྱེར་སིན་སི་ན་ཊི་( Cincinnati) ཡི་སྤྱི་ཁྱབ་གྲོང་ཁྱེར་དཔོན་པོའི་གོ་གནས་ཀྱི་རྒྱལ་ཁ་ཐོབ་པ།
  • བོད་ཕྲུག་༢༧་ལ་སྲིད་སྐྱོང་གི་སློབ་ཡོན་གཟེངས་རྟགས་ཐོབ་པའི་ནང་རང་རེ་སྡེ་དགེ་བའི་སློབ་མ་གཅིག་ཡོད་པ་རེད།
  • ༑ ༢༠༢༡ ལོའི་སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་ཚོགས་པའི་དམིགས་འདུན་ལྟར་ཛ་དྲག་ནད་པ་དང་ཉམས་ཐག་དཀའ་ངལ་ཅན་རྣམས་ལ་རོགས་རམ་ཞུས་པའི་སྐོར།
  • ༑ ༢༠༢༡ ལོའི་སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་ཚོགས་པའི་དམིགས་འདུན་ལྟར་ཛ་དྲག་ནད་པ་དང་ཉམས་ཐག་དཀའ་ངལ་ཅན་རྣམས་ལ་རོགས་རམ་ཞུས་པའི་སྐོར།

ཁྱབ་བསྒྲགས། མང་ ...
    Advertisement
འབྲེལ་མཐུད།
Advertisement
Advertisement
Advertisement
Advertisement
ངོ་དེབ།











  • ཁམས་པའི་དྲ་བ།
  • སྡེ་དགེའི་པར་ཁང་།
  • བོད་ཀྱི་བང་ཆེན།
  • བོད་ཀྱི་དུས་བབ།
  • རྒྱལ་བ་རིན་པོ་ཆེ།
  • ཆུ་སྒང་དྲ་བ།
  • བོད་ཀྱི་ཆ་འཕྲིན།
  • ཨ་རིའི་བརྙན་འཕྲིན།
  • བོད་ཀྱི་གཞས་ཚིག་དྲ་བ།་
  • དྲི་བ་དྲིས་ལན་དྲ་བ།
  • བོད་ཀྱི་འཕྲུལ་དེབ་དྲ་བ།
  • སམ་བྷོ་ཏྲ་དྲ་བ།།
  • འོད་ཟེར་དྲ་བ།
  • བོད་གཞུང་དྲ་བ།
  • སེང་རྡོར་དྲ་བ།།
  • སྨོན་ལམ་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • སྐར་ཁུང་དྲ་བ།
  • གེ་སར་རིག་གནས་དྲ་བ།
  • ཕ་ཡུལ་དྲ་བ།
  • སྤྱི་འཐུས་དྲ་བ།
  • འཛི་སྒར་དྲ་བ།
  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་།
  • © 2020 Dege Gyalyong welfare Society
  • House # D-44, New Tibetan Camp. New Aruna Nagar, Majnu-ka-tilla, Delhi-110054, India.
  • E-mail: [email protected] Tel. 01123815056 Mb: +9717153449

བཟོ་སྐྲུན་པ། བསྟན་འཛིན་ཆོས་གྲགས།