English

  • མདུན་ངོས།
  • རྒྱལ་རབས།
  • ལོ་རྒྱུས།
    • ལུང་ཚན།
    • གནས་རི།
    • བྲག་ནགས་མཚོ།
    • སྣ་ཚོགས།
  • དགོན་སྡེ།
    • སྡེ་དགེའི་དབུ་ཁག་ལྔ།
    • གཡུང་དྲུང་བོན།
    • སྔ་འགྱུར་རྙིང་མ།
    • རྒྱལ་བ་བཀའ་བརྒྱུད།
    • དཔལ་ལྡན་ས་སྐྱ།
    • རི་བོ་དགེ་ལུགས།
  • པར་ཁང།
  • མི་སྣ།
    • སྐྱེས་ཆེན་དམ་པ།
    • ཤེས་ལྡན་མཁས་པ།
    • རླབས་ཆེན་མི་སྣ།
    • རྩོམ་པ་པོ།
    • ལྷ་པ།
    • སྒྲུང་པ།
    • གཞས་པ་གཞས་མ།
    • གྲགས་ཅན་མི་སྣ་གཞན།
  • ཆས་གོས།
    • རྒྱལ་བློན།
    • ཕོ་ཆས།
    • མོ་ཆས།
  • ཡུལ་སྲོལ།
    • བཟང་ངན་བརྩི་སྲོལ།
    • འབྲོག་པ།
    • རོང་པ།
    • རོང་མ་འབྲོག
    • ཡུལ་སྲོལ་ཁག་ཅིག
    • དུས་ཆེན།
  • ལས་འགུལ།
  • ལག་ཤེས།
    • ལྷ་བཟོ།
    • པར་བརྐོས།
    • མགར་བ།
    • རྫ་བཟོ།
    • ཤོག་བུ་བཟོ་བ།
    • ཤིང་བཟོ་བ།
    • འཚེམ་བཟོ།
    • སྤུ་རིགས་བཟོ་བ།
  • གླུ་གཞས།
    • སྡེ་དགེའི་བྲོ་ཆེན།
    • མགུར་མོ།
    • གླུའི་རིགས།
    • གླིང་བྲོ།
    • ཁེད་(གབ་ཚིག)
    • གཏམ་དཔེ།
  • ངོ་སྤྲོད།

མཁན་ཆེན་ཤེས་རབ་བཟང་པོའི་ལོ་རྒྱུས་སྙིང་བསྡུས།

འདོན་སྤེལ། 2014/12/3 2:02 PM རྩོམ་པ་པོ།

SheRab sangpo 2༈ ལུང་རིགས་མན་ངག་རྒྱ་མཚོའི་གནས་ལ་མཁྱེན་སྤྱན་མཁའ་ལྟར་ཡངས་པའི་མཁན་ཆེན་དམ་པ་ཤེས་རབ་བཟང་པོ་མཆོག་ནི། ཕྱི་ལོ་༡༩༦༣རབ་བྱུང་བཅུ་དྲུག་པའི་ཆུ་མོ་ཡོས་ཀྱི་ལོའི་ཟླ་༡༡པའི་ཚེས་བཅུའི་སྔ་ཆར་ཁམས་སྡེ་དགེའི་ཡིད་ལྷུང་སྨད་ཀྱི་རོང་ཚ་སྡེ་བར་སྐུ་འཁྲུངས། ལུགས་གཉིས་ཀྱི་ཡོན་ཏན་མང་པོ་ལྷན་སྐྱེས་སུ་མངའ། མཁས་གྲུབ་མང་པོས་ཞལ་མཐུན་པར་བསྟན་འགྲོ་ལ་སྨན་པའི་སྐྱེས་བུ་ཆེན་པོ་འབྱུང་བ་ལུང་དུ་བསྟན། ཀཿཐོག་ཉིན་དགོན་མཆོག་སྤྲུལ་འགྱུར་མེད་སྐལ་བཟང་སྟོབས་རྒྱལ་རྡོ་རྗེའི་མདུན་ནས་ཡི་གེ་འབྲི་ཀློག་སོགས་བསླབས་པས་ཚེག་མེད་དུ་མཁྱེན། མཁན་ཆེན་ཚེ་དབང་འགྱུར་མེད་ལས་སྨིན་གྲོལ་གྱི་ཆོས་བཀའ་མང་དུ་གསན།

དགུང་ལོ་བཅུ་དགུའི་སྟེང་རྫོགས་ཆེན་ཤྲི་སེང་གི་ཆོས་གྲྭར་ཕེབས་ནས་མཁན་ཆེན་པདྨ་ཚེ་དབང་དང་གཟན་དཀར་མཆོག་སྤྲུལ་རིན་པོ་ཆེ་སོགས་བླ་མར་བསྟེན་ནས་དབང་བཀའ་ཆོས་འབྲེལ་མང་དུ་ཞུས། དགེ་མང་མཁན་པོ་དབང་འདུས་མདུན་ནས་བསྙེན་པར་རྫོགས་ཏེ་མཚན་ལ་ཐུབ་བསྟན་འོད་ཟེར་གྲགས་པ་ཞེས་གསོལ། བསླབ་བྱའི་གནས་ཕྲ་མོ་ཚུན་ཆད་གཅེས་སྤྲས་ཀྱི་སྲུང་སྡོམ་མཛད་པས་འདུལ་བ་འཛིན་པའི་གཙུག་རྒྱན་ལྟ་བུ་གྱུར།

རབ་རྒྱན་ཤིང་ཁྱི་སྟེ་༡༩༨༤ལོར་གསེར་ལྗོངས་བླ་མ་རུང་དུ་ཕེབས་ནས་ཆོས་རྗེ་ཡིད་བཞིན་ནོར་བུ༧འཇིགས་མེད་ཕུན་ཚོགས་འབྱུང་གནས་དཔལ་བཟང་པོ་མཆོག་གི་ཞབས་པད་མཉེས་པ་གསུམ་གྱིས་བསྟེན་ནས་མདོ་སྔགས་རིག་གཞུང་དང་བཅས་པར་གསན་བསམ་མཐར་ཕྱིན་མཛད་པས་འཆད་རྩོད་རྩོམ་པའི་དཔལ་ལ་དབང་འབྱོར་ཏེ་རབ་རྒྱན་མེ་ཡོས་ལོར་གདན་ས་བླ་མ་རུང་དུ་ཆོས་རྗེ་མཆོག་གིས་མཁན་ཆེན་སྡེ་སྣོད་འཛིན་པའི་མཚན་གནས་ཕུལ།

SheRab sangpo 1དེ་ནས་བཟུང་ལྔ་རིག་ནང་བསྟན་སློབ་གླིང་གི་འཛིན་གྲྭའི་མཁན་པོ་དང་ཆོས་རྗེ་མཆོག་གི་སྐུ་ཚབ་མཁན་སྤྲུལ་བདུན་གྱི་ནང་ཚན་བླ་རུང་དཔལ་འབྱོར་བདག་གཉེར་ཁང་གི་དབུ་འཛིན་སོགས་ཀྱི་ལས་འགན་བཞེས། དེ་མཚུངས་ས་སྐྱ་གོང་མ། མཁན་ཆེན་ཨ་ཁྱུག གཏེར་སྟོན་རིག་འཛིན་ཉི་མ། ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་སོགས་ཀྱིས་སྐྱེས་ཆེན་དམ་པའི་རྣམ་རོལ་དུ་བསྔགས་པའི་ལུང་བྱང་དངོས་སུ་ཕེབས་ཀྱང་། དུས་མཐར་བསྟན་པའི་མིག་ལྟོས་བཟང་པོར་དགོངས་ནས་ཆེན་པོའི་མཚན་གྱི་ཅོད་པན་ནམ་ཡང་བདག་གིར་བཞེས་པ་མི་མཛད།

སྔ་རྗེས་སུ་ཕྱོགས་སོ་སོའི་དགོན་པ་དང་ཡུལ་སྡེ་མང་པོར་ཕེབས་ནས་བཤད་གྲྭ་གསར་འཛུགས་ཀྱི་མཐུན་རྐྱེན་སྦྱར་བ་དང་འཆད་ཉན་གྱི་རྒྱུན་སྤེལ་བ། དགེ་སྒྲུབ་སྡིག་སྤང་གི་ཁས་ལེན་བཅད་པ་སོགས་བསྟན་འགྲོར་སྨན་པའི་མཛད་པ་རྒྱ་ཆེར་བསྐྱངས། ཕྱོགས་མེད་གནས་ཆེན་ཁག་ལ་མཇལ་བསྐོར་དང་མཆོད་ཚོགས་རྒྱས་སྤྲོས་མཛད་ཅིང་འཛམ་གླིང་ཞི་བདེ་ཡོང་བའི་ཐུགས་སྨོན་རྒྱ་ཆེར་གནང་།

མགོན་མེད་པའི་སེམས་ཅན་རྣམས་ལ་བརྩེ་བས་དགོངས་ཏེ་བཤས་ཟོག་བརྒྱ་ཕྲག་མང་པོ་ཚེ་ཐར་དང་སྲོག་ཆགས་དུང་ཕྱུར་མང་པོའི་སྲོག་བླུ་ལོ་རེ་བཞིན་རྒྱུན་ཆགས་སུ་མཛད། སྙིགས་དུས་ཀྱི་བསྟན་འགྲོའི་རྒུད་པ་རྨངས་ནས་གསོ་ཕྱིར་ལྷ་རུ་མཆོད་རྟེན་ཆེན་མོ་སོགས་ས་གནས་དུ་མར་མཆོད་རྟེན་བརྒྱ་ཕྲག་མང་པོ་དང་། བཀྲ་ཤིས་མདོ་སྔགས་དར་རྒྱས་གླིང་དང་དབེན་གནས་བཀྲ་ཤིས་ཁྲི་གླིང་སོགས་དགོན་སྡེ་རི་ཁྲོད་རྣམས་སུ་རིན་ཐང་གཞལ་ཐབས་མེད་པའི་རྟེན་གསུམ་ནོར་བུའི་ཕྲེང་བ་ཚར་དུ་དངར་བ་མང་པོ་ལྷ་དང་བཅས་པའི་འགྲོ་བ་ཡོངས་ཀྱི་བསོད་ནམས་ཀྱི་ཞིང་ས་བླ་ན་མེད་པ་ཉིད་དུ་བཞེངས་བསྐྲུན་མཛད།

རང་རིགས་ཀྱི་ཆོས་དང་རིག་གཞུང་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་ཐུགས་ལས་ཆེར་བཞེས་མཛད་པ་སོགས་མདོར་ན་བསྟན་འགྲོ་ལ་སྨན་པའི་མཛད་པ་རྒྱ་ཆེན་བདག་གིར་བཞེས་བཞིན་སྙིགས་དུས་བསྟན་པའི་སྒྲོན་མེ་ཆེན་པོ་ཉིད་གསང་གསུམ་ཚེ་མཐའ་ཡས་པའི་ངོ་བོར་ཞབས་པད་བརྟན་བཞིན་བཞུགས་པ་ལགས་སོ། །

བསམ་ཚུལ་འབྲི།

Click here to cancel reply.

' རྩོམ་འོག་མ། སྲིད་པ་འཁོར་ལོའི་མཚོན་དོན་མདོ་ཙམ་བཤད་པ།

འབྲེལ་ཡོད་ཀྱི་རྩོམ་གཞན།

  • ༧སྐྱབས་རྗེ་ཁམས་སྤྲུལ་རིན་པོ་ཆེ་དགོངས་པ་གཞན་དོན་དུ་གཤེགས་པར་མྱ་ངན་དང་གདུང་སེམས་མཉམ་བསྐྱེད་ཞུ་བཞིན་ཡོད།
  • ༈ འཕགས་ཡུལ་རྫོང་སར་བཤད་གྲྭའི་མཁན་ཆེན་ཀུན་དགའ་དབང་ཕྱུག་མཆོག་གི་མཛད་རྣམ།
  • འཛི་སྒར་བླ་མ་དབང་རྡོར་རིན་པོ་ཆེའི་རྣམ་ཐར།
  • མཁན་ཆེན་རྣམ་གྲོལ་རིན་པོ་ཆེ་མཆོག་གི་མཛད་རྣམ།
  • མཁན་ཆེན་པདྨ་ཤེས་རབ་རིན་པོ་ཆེ་མཆོག་གི་མཛད་རྣམ།

ཁྱབ་བསྒྲགས། མང་ ...
    Advertisement
འབྲེལ་མཐུད།
Advertisement
Advertisement
Advertisement
Advertisement
ངོ་དེབ།











  • ཁམས་པའི་དྲ་བ།
  • སྡེ་དགེའི་པར་ཁང་།
  • བོད་ཀྱི་བང་ཆེན།
  • བོད་ཀྱི་དུས་བབ།
  • རྒྱལ་བ་རིན་པོ་ཆེ།
  • ཆུ་སྒང་དྲ་བ།
  • བོད་ཀྱི་ཆ་འཕྲིན།
  • ཨ་རིའི་བརྙན་འཕྲིན།
  • བོད་ཀྱི་གཞས་ཚིག་དྲ་བ།་
  • དྲི་བ་དྲིས་ལན་དྲ་བ།
  • བོད་ཀྱི་འཕྲུལ་དེབ་དྲ་བ།
  • སམ་བྷོ་ཏྲ་དྲ་བ།།
  • འོད་ཟེར་དྲ་བ།
  • བོད་གཞུང་དྲ་བ།
  • སེང་རྡོར་དྲ་བ།།
  • སྨོན་ལམ་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • སྐར་ཁུང་དྲ་བ།
  • གེ་སར་རིག་གནས་དྲ་བ།
  • ཕ་ཡུལ་དྲ་བ།
  • སྤྱི་འཐུས་དྲ་བ།
  • འཛི་སྒར་དྲ་བ།
  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་།
  • © 2020 Dege Gyalyong welfare Society
  • House # D-44, New Tibetan Camp. New Aruna Nagar, Majnu-ka-tilla, Delhi-110054, India.
  • E-mail: [email protected] Tel. 01123815056 Mb: +9717153449

བཟོ་སྐྲུན་པ། བསྟན་འཛིན་ཆོས་གྲགས།