English

  • མདུན་ངོས།
  • རྒྱལ་རབས།
  • ལོ་རྒྱུས།
    • ལུང་ཚན།
    • གནས་རི།
    • བྲག་ནགས་མཚོ།
    • སྣ་ཚོགས།
  • དགོན་སྡེ།
    • སྡེ་དགེའི་དབུ་ཁག་ལྔ།
    • གཡུང་དྲུང་བོན།
    • སྔ་འགྱུར་རྙིང་མ།
    • རྒྱལ་བ་བཀའ་བརྒྱུད།
    • དཔལ་ལྡན་ས་སྐྱ།
    • རི་བོ་དགེ་ལུགས།
  • པར་ཁང།
  • མི་སྣ།
    • སྐྱེས་ཆེན་དམ་པ།
    • ཤེས་ལྡན་མཁས་པ།
    • རླབས་ཆེན་མི་སྣ།
    • རྩོམ་པ་པོ།
    • ལྷ་པ།
    • སྒྲུང་པ།
    • གཞས་པ་གཞས་མ།
    • གྲགས་ཅན་མི་སྣ་གཞན།
  • ཆས་གོས།
    • རྒྱལ་བློན།
    • ཕོ་ཆས།
    • མོ་ཆས།
  • ཡུལ་སྲོལ།
    • བཟང་ངན་བརྩི་སྲོལ།
    • འབྲོག་པ།
    • རོང་པ།
    • རོང་མ་འབྲོག
    • ཡུལ་སྲོལ་ཁག་ཅིག
    • དུས་ཆེན།
  • ལས་འགུལ།
  • ལག་ཤེས།
    • ལྷ་བཟོ།
    • པར་བརྐོས།
    • མགར་བ།
    • རྫ་བཟོ།
    • ཤོག་བུ་བཟོ་བ།
    • ཤིང་བཟོ་བ།
    • འཚེམ་བཟོ།
    • སྤུ་རིགས་བཟོ་བ།
  • གླུ་གཞས།
    • སྡེ་དགེའི་བྲོ་ཆེན།
    • མགུར་མོ།
    • གླུའི་རིགས།
    • གླིང་བྲོ།
    • ཁེད་(གབ་ཚིག)
    • གཏམ་དཔེ།
  • ངོ་སྤྲོད།

བླ་ཆེན་བྱམས་པ་ཕུན་ཚོགས་ཀྱི་རྣམ་ཐར།

འདོན་སྤེལ། 2013/02/13 5:50 PM རྩོམ་པ་པོ།

སྡེ་དགེའི་ལོ་རྒྱུས་སྤྱི་དོན་ཟླ་ཤེལ་གསར་པའི་མེ་ལོང་ལས་དྲངས།རྩོམ་པ་པོ།སྡེ་དགེ་ཐུབ་བསྟན་ཕུན་ཚོགས།

 

བླ་ཆེན་བྱམས་པ་ཕུན་ཚོགས། སྡེ་དགེའི་རྒྱལ་རབས་དང་པོ་སྟེ། སྔར་གྱི་གླིང་ཡུལ་ལ་སྡེ་དགེའི་ཡུལ་ཞེས་རྒྱལ་པོ་འདིའི་དུས་ནས་ཡུལ་མིང་འགྱུར་བ་ཐོག་མར་བྱུང༌། ཁོང་ནི་རབ་བྱུང་བཅུ་པའི་ལྕགས་འབྲུག་སྤྱི་ལོ་ 1580ལོར་དཔོན་ཆེན་ལྷུན་ཐུབ་ཀྱི་སྲས་གསུམ་པར་འཁྲུངས། ཡུལ་འདིའི་རིས་མེད་ཀྱི་ཆོས་སྡེ་མང་པོའི་བདག་པོར་གྱུར་པས་སྡེ་འབངས་རྣམས་ཀྱིས་བརྩི་བཀུར་ཐོབ། བུ་སྤུན་དང་ཚ་བོ་མང་བས་དགྲ་འདུལ་གཉེན་སྐྱོང་གི་ལས་ལ་རང་བཞིན་གྱིས་སྟོབས་ཤུགས་རྒྱས། ཐོག་མར་ལྕགས་རའི་གླིང་དཔོན་དཔུང་ཤུགས་ཀྱིས་དབང་བསྡུས། དེ་ནས་རིམ་བཞིན་དུ་དཔེ་ཝ་དང༌། རྨེ་ཤོད། ཀུ་སེ། སྤོ་ལུ། མཁར་མདོ་ཚུར་རི་སོགས་གོ་སྐབས་དང་བསྟུན་ནས་དབང་དུ་བྱས། སྤྱི་ལོ་1639ལོར་སོག་དམག་གིས་ཁམས་ཕྱོགས་སུ་བེ་རུ་རྒྱལ་པོ་ལ་དཔུང་འཇུག་བྱེད་སྐབས་བླ་ཆེན་གྱིས་སོག་དམག་ལ་རོགས་རམ་བྱས་སྟབས། འབྲི་ཆུ་ནུབ་བརྒྱུད་ལྷ་ཐོག་མན་ཆད་བླ་ཆེན་ལ་གཟིགས་གཟེངས་སུ་ཕུལ། སྔར་གྱི་གླིང་ཚང་གི་མངའ་ཁོངས་ཕལ་ཆེར་བདག་བཟུང་བྱས་ཏེ་སྡེ་དགེ་རྒྱལ་པོ་ཞེས་པའི་མཚན་སྙན་གངས་ལྗོངས་ཡོངས་ལ་ཁྱབ། མཐར་རྫོང་སྒོ་བཅོ་བརྒྱད་དང༌། འབངས་མི་ཁྱིམ་དུད་སུམ་ཁྲི་དྲུག་སྟོང་གི་བདག་པོར་གྱུར། སྤྱི་ལོ་1660ལོར་ཡས་མས་ཙམ་ཞིག་ན་སྐུ་གཤེགས་པར་འདྲ།

 

 

བསམ་ཚུལ་འབྲི།

Click here to cancel reply.

' རྩོམ་འོག་མ། གུང་རྒོལ་རྒྱལ་སྲུང་སྐོར་གྱི་སྡེ་དགེའི་གསང་བའི་ཚོགས་འདུ།

འབྲེལ་ཡོད་ཀྱི་རྩོམ་གཞན།

  • མཁས་དབང་ནམ་མཁའི་ནོར་བུ་ལ་ཨི་ཊ་ལིའི་མི་སེར་གྱི་གཟེངས་རྟགས་མཐོ་ཤོས་དེ་ཕུལ།
  • ཚེ་དབང་ཕུན་ཚོགས་ཀྱི་ལོ་རྒྱུས་སྙིང་བསྡུས།
  • ཡིད་ལྷུང་འཆི་མེད་རྣམ་རྒྱལ།
  • ཡིད་ལྷུང་བཟོད་པ།
  • ཡ་ལུང་ཚེ་རིང་།

ཁྱབ་བསྒྲགས། མང་ ...
    Advertisement
འབྲེལ་མཐུད།
Advertisement
Advertisement
Advertisement
Advertisement
ངོ་དེབ།











  • ཁམས་པའི་དྲ་བ།
  • སྡེ་དགེའི་པར་ཁང་།
  • བོད་ཀྱི་བང་ཆེན།
  • བོད་ཀྱི་དུས་བབ།
  • རྒྱལ་བ་རིན་པོ་ཆེ།
  • ཆུ་སྒང་དྲ་བ།
  • བོད་ཀྱི་ཆ་འཕྲིན།
  • ཨ་རིའི་བརྙན་འཕྲིན།
  • བོད་ཀྱི་གཞས་ཚིག་དྲ་བ།་
  • དྲི་བ་དྲིས་ལན་དྲ་བ།
  • བོད་ཀྱི་འཕྲུལ་དེབ་དྲ་བ།
  • སམ་བྷོ་ཏྲ་དྲ་བ།།
  • འོད་ཟེར་དྲ་བ།
  • བོད་གཞུང་དྲ་བ།
  • སེང་རྡོར་དྲ་བ།།
  • སྨོན་ལམ་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • སྐར་ཁུང་དྲ་བ།
  • གེ་སར་རིག་གནས་དྲ་བ།
  • ཕ་ཡུལ་དྲ་བ།
  • སྤྱི་འཐུས་དྲ་བ།
  • འཛི་སྒར་དྲ་བ།
  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་།
  • © 2020 Dege Gyalyong welfare Society
  • House # D-44, New Tibetan Camp. New Aruna Nagar, Majnu-ka-tilla, Delhi-110054, India.
  • E-mail: [email protected] Tel. 01123815056 Mb: +9717153449

བཟོ་སྐྲུན་པ། བསྟན་འཛིན་ཆོས་གྲགས།