སྡེ་དགེའི་བྲོ་རིགས།
སྡེ་དགེའི་བྲོ་ཆེན་སོགས།
༈མཆོད་བྲོ།
༈བྲོ་ཡི་སྒོ་མོ་མ་ཕྱེ་་་བྲོ་ཡི་སྒོ་མོ་ཕྱེས།
བྲོ་ཡི་སྒོ་མོ་ཕྱེ་ས་་་སྟོད་ཀྱི་ཉི་མ་ལྷ་ས།
སྟོད་ཀྱི་ཉི་མ་ལྷ་ས་་་ཇོ་བོ་ཡིད་བཞིན་ནོར་བུ།
ལྟད་མོ་བྲོ་ལ་གཟིགས་རོགས།
ལྟད་མོ་བྲོ་ལ་གཟིགས་ཤིང་་་བྲོའི་མཆོད་པ་འབུལ་འགྲོ།
བྲོ་ཡི་སྒོ་མོ་མ་ཕྱེ་་་བྲོ་ཡི་སྒོ་མོ་ཕྱེས།
བྲོ་ཡི་སྒོ་མོ་ཕྱེ་ས་་་བར་གྱི་སྡེ་དགེའི་ལུང་པ།
བར་གྱི་སྡེ་དགེ་ལུང་པ་་་སྡེ་དགེ་ས་དབང་རྒྱལ་པོ།
སྡེ་དགེ་ས་དབང་རྒྱལ་པོ་་་ལྟད་མོ་བྲོ་ལ་གཟིགས་རོགས།
ལྟད་མོ་བྲོ་ལ་གཟིགས་ཤིང་་་བྲོ་ཡི་མཆོད་པ་འབུལ་འགྲོ།
བྲོ་ཡི་སྒོ་མོ་མ་ཕྱེ་་་བྲོ་ཡི་སྒོ་མོ་ཕྱེ།
བྲོ་ཡི་སྒོ་མོ་ཕྱེ་ས་་་སྨད་ཀྱི་རྒྱ་ནག་ལུང་པ།
སྨད་ཀྱི་རྒྱ་ནག་ལུང་པ་་་རྒྱལ་སྲས་འཕགས་པ་འཇམ་དབྱངས།
རྒྱལ་སྲས་འཕགས་པ་འཇམ་དབྱངས་་་ལྟད་མོ་བྲོ་ལ་གཟིགས་རོགས།
ལྟད་མོ་བྲོ་ལ་གཟིགས་ཤིང་་་བྲོ་ཡི་མཆོད་པ་འབུལ་འགྲོ།
༈མེ་ཏོག་ལོ་གཅིག་ལོ་གཉིས་ལོ་གསུམ་འཁྲུངས་པའི་མེ་ཏོག
ལོ་གསུམ་འཁྲུངས་པའི་མེ་ཏོག་མེ་ཏོག་ཨུཏྤལ་སེར་པོ།
མེ་ཏོག་ཨུཏྤལ་སེར་པོ་འདབ་ཤིང་འདབ་མ་རྒྱས་བྱུང་།
འདབ་ཤིང་འདབ་མ་ཡག་ལེ་སྟེང་ཕྱོགས་ལྷ་ལ་མཆོད་འགྲོ།
མེ་ཏོག་ལོ་གཅིག་ལོ་གཉིས་ལོ་གསུམ་འཁྲུངས་པའི་མེ་ཏོག
ལོ་གསུམ་འཁྲུངས་པའི་མེ་ཏོག་མེ་ཏོག་ཨུཏྤལ་དཀར་པོ།
མེ་ཏོག་ཨུཏྤལ་པ་དཀར་པོ་འདབ་ཤིང་འདབ་མ་རྒྱས་བྱུང་།
འདབ་ཤིང་འདབ་པ་ཡག་ལེ་འོག་ཕྱོགས་ཀླུ་ལ་མཆོད་འགྲོ།
༈གནམ་དང་སྤྲིན་གཉིས་བར་ལ།།འབྲུག་གི་སྒོ་ང་བཞག་བྱུང་།།ལོ་ལོ།)
སྒོ་ང་ཆག་གས་མེད་ན།།དཀོན་མཆོག་མཆོད་པ་འབུལ་འགྲོ།།ལོ་ལོ།)
བྲག་དང་ཤུག་པའི་མཚམས་ལ།།ཁུ་བྱུག་གཡུ་སྒོང་བཞག་བྱུང་།།ལོ་ལོ།)
སྒོ་ང་ཆག་གས་མེད་ན།།དཀོན་མཆོག་མཆོད་པ་འབུལ་འགྲོ།།ལོ་ལོ།)
ཆུ་དང་བྱེ་མའི་མཚམས་ལ།།ཉ་སྲམ་སྒོ་ང་བཞག་བྱུང་།།ལོ་ལོ།)
སྒོ་ང་ཆག་གས་མེད་ན།།དཀོན་མཆོག་མཆོད་པ་འབུལ་འགྲོ།།ལོ་ལོ།)
༈འཛོམས་བྲོ།
༈ཨ་ཆེན་ཐང་ས་གྲུ་བཞི་ལ།།རྒྱ་རས་སེར་པོའི་གུར་ཞིག་ཕུབ།།
རྒྱ་རས་སེར་པོའི་གུར་ནང་ལ།།སེར་པོ་གསེར་གྱི་ཁྲི་ཞིག་བརྩིག།
སེར་པོ་གསེར་གྱི་ཁྲི་ཐོག་ལ།།སྟག་གདན་ཁྲ་མོའི་གདན་ཞིག་བཏིང་།།
སྟག་གདན་ཁྲ་མོའི་གདན་ཐོག་ལ།།བླ་ལུ་ཡིད་བཞིན་ནོར་བུ་བཞུགས།།
ཨ་ཆེན་ཐང་ས་གྲུ་བཞི་ལ།།རྒྱ་རས་སྔོན་པོའི་གུར་ཞིག་ཕུབ།།
རྒྱ་རས་སྔོན་པོའི་གུར་ནང་ལ།།སྔོན་པོ་གཡུ་ཡི་ཁྲི་ཞིག་བརྩིག།
སྔོན་པོ་གཡུ་ཡི་ཁྲི་ཐོག་ལ།།གཟིག་ཆུང་ཁྲ་མོའི་གདན་ཞིག་བཏིང་།།
གཟིག་ཆུང་ཁྲ་མོའི་གདན་ཐོག་ལ།།དཔོན་ལུ་ཡིད་བཞིན་ནོར་བུ་བཞུགས།།
ཨ་ཆེན་ཐང་ས་གྲུ་བཞི་ལ།།རྒྱ་རས་དཀར་པོའི་གུར་ཞིག་བརྩིག།
རྒྱ་རས་དཀར་པོའི་གུར་ནང་ལ།།དཀར་པོ་དུང་གི་ཁྲི་ཞིག་བརྩིག།
དཀར་པོའི་དུང་གི་ཁྲི་ཐོག་ལ།།བལ་སྟན་དཀར་པོའི་གདན་ཞིག་བཏིང་།།
བལ་སྟན་དཀར་པོ་གདན་ཐོག་ལ།།མ་སྲུ་ཡིད་བཞིན་ནོར་བུ་བཞུགས།།
༈དགུང་ཨ་སྔོན་གཅིག་ལ་འཛོམ་གསུམ་(དོ)ཡོད་(ཟེར།)
སྐྱིད་ཉི་མ་ཟླ་བ་སྐར་མ་(དོ)གསུམ(ཟེར།)
སང་ན་ནིང་མ་འཛོམ་ས་ཐག་(དོ)རིང(ཟེར།)
དགུང་ཨ་སྔོན་གཅིག་ལ་འཛོམ་གསུམ(དོ)ལ་(ཟེར)།སྐྱིད་པ་(དོ་)ལ་(ཟེར།)
བྲག་དཀར་འཛོམ་བྱུང་དགའ་བ་(དོ)ཡོད (ཟེར)
ཡང་རྒོད་ཕྲུག་གླག་ཕྲུག་ཁྲ་ཕྲུག(དོ)གསུམ(ཟེར།)
སང་ན་ནིང་མ་འཛོམ་ས་ཐག་(དོ)རིང(ཟེར།)།
དུས་ད་ལོ་འཛོམ་བྱུང་དགའ་བ(དོ)ལ་(ཟེར)།སྐྱིད་བ(དོ་)ལ་(ཟེར།)
སྐྱིད་ནགས་སྟོད་གཅིག་ལ་འཛོམ་གསུམ(དོ)ཡོད (ཟེར)།
ཡང་སྟག་ཕྲུག་གཟིག་ཕྲུག་ཝ་ཕྲུག(དོ)གསུམ(ཟེར།)
སང་ན་ནིང་མ་འཛོམ་ས་ཐག་(དོ)རིང(ཟེར།)།
དུས་ད་ལོ་འཛོམ་བྱུང་དགའ་བ(དོ)ལ་(ཟེར)།སྐྱིད་བ(དོ་)ལ་(ཟེར།)
༈གཞུང་བྲོ།
༈ཤར་(ལ)གངས་ལ་ལ་ཡི་ལ་ཁ་ལ(ཡི་གོ)
དར་(ལ)དམར་པོ་ཡོ་ཅན་རླུང་གིས་སྐྱོད་(ཡི་གོ)
དར་(ལ)དམར་པོ་མ་རེད་རྨ་བྱ་རེད(ཡི་གོ)
བྱ(ལ)རྨ་བྱའི་སྒྲོ་རྩ་རླུང་གིས་སྐྱོད་(ཡི་གོ)
ཤར(ལ)གངས་ལ་ལ་ཡི་ལ་སྐེད་ལ(ཡི་གོ)
དར(ལ)སྔོན་པོ་ཡོ་ཅན་རླུང་གིས་སྐྱོད(ཡི་གོ)
དར་(ལ)སྔོན་པོ་མ་རེད་ཁུ་བྱུག་རེད་(ཡི་གོ)
བྱ(ལ)ཁུ་བྱུག་སྒྲོ་རྩེ་རླུང་གི་སྐྱོད(ཡི་གོ)
ཤར་(ལ)གངས་ལ་ལ་ཡི་ལ་འདབས་ལ(ཡི་གོ)
དར་(ལ)དཀར་པོ་ཡོ་ཅན་རླུང་གིས་སྐྱོད(ཡི་གོ)
དར་(ལ)དཀར་པོ་མ་རེད་ཐང་དཀར་རེད(ཡི་གོ)
བྱ་(ལ)ཐང་དཀར་སྒྲོ་རྩེ་རླུང་གིས་སྐྱོད(ཡི་གོ)
༈གངས་དཀར་བསིལ་ལྡན་ལུང་པའི་ཕུ་ལ་གསེར་གྱི་རྒྱ་གླིང་ཡག་མོ་འབུད་ཡོད།(ཧོ)
གསེར་གྱི་རྒྱ་གླིང་ཡག་མོ་མ་རེད་རང་སྐྱོང་བླ་ལུ་བཟང་པོའི་གསུང་སྐད(ཧོ)
རང་སྐྱོང་བླ་ལུ་བཟང་པོ་གསུང་སྐད་ཡར་སྒྲོག་ཉི་མའི(ཧོ)ལ་བསྒྲག་ཡོད།(ཧོ)
ཡར་སྒྲོག་ཉི་མའི་(ཧོ)ལ་བསྒྲགས་ན་མར་སྒྲོན་ནོར་བུ་རྒྱབ་ལ་བསྒྲགས་ཡོད(ཧོ)
གངས་དཀར་བསིལ་ལྡན་ལུང་པའི་སྐེད་ལ་དངུལ་གྱི་རྒྱ་གླིང་ཡག་མོ་འབུད་ཡོད(ཧོ)
དངུལ་གྱི་རྒྱ་གླིང་ཡག་མོ་མ་རེད་རང་སྐྱོང་དཔོན་ལུ་བཟང་པོའི་གསུང་སྐད་(ཧོ)
རང་སྐྱོང་དཔོན་ལུ་བཟང་པོའི་གསུང་སྐད་ཡར་སྒྲོག་ཉི་མའི(ཧོ)ལ་བསྒྲག་ཡོད(ཧོ)
ཡར་སྒྲོག་ཉི་མའི་(ཧོ)ལ་བསྒྲག་ན་མར་སྒྲོག་ནོར་བུ་རྒྱབ་ལ་བསྒྲགས་ཡོད(ཧོ)
༈རྫོང་སར་བཀྲ་ཤིས་ལྷ་རྩེ་འདི(ཆུ་བོ་གཙང་རྒྱུད་རི་ལ་འཁྲུངས་པའི)བྲག་རི་རྩེ་ལ་ཆགས་ཡོད(ཆགས་ལེ་དོ་ཡོད)
ཕྱི་ལ་སྐོར་པ་ཡག་ལེ(ཆུ་བོ་གཙང་རྒྱུད་རི་ལ་འཁྲུངས་པའི་)གྲྭ་ཚོགས་སྟོང་གི་བསྐོར་ཡོད(སྐོར་ལེ་དོ་ཡོད)
ནང་ལ་བཞུགས་པ་ཡག་ལེ(ཆུ་བོ་གཙང་རྒྱུད་རི་ལ་འཁྲུངས་པའི་འཇམ་སྤྲུལ་སྐུ་དབྱངས་མཁྱེན་བརྩེ་(བཞུགས་ལེ་དོ་ཡོད།)
དེ་ལ་ཕྱག་གསུམ་འཚལ་ན(ཆུ་བོ་གཙང་རྒྱུད་རི་ལ་འཁྲུངས་པའི་)ཕྱི་མ་ངན་གསུམ་མི་འགྲོ་(མི་ལ་དོ་འགྲོ)
ཁམས་ཀྱི་བྱེ་མ་ཐང་ཆེན་འདི་(ཆུ་བོ་གཙང་རྒྱུད་རི་ལ་འཁྲུངས་པའི་)ཆུ་གཉིས་འགྲམ་ལ་ཆགས་ཡོད།(ཆགས་ལེ་དོ་ཡོད།)
ཕྱི་ལ་སྐོར་པ་ཡག་ལེ(ཆུ་བོ་གཙང་རྒྱུད་རི་ལ་འཁྲུངས་པའི་)རྒྱ་ལྕང་ལྕང་མས་བསྐོར་ཡོད་(སྐོར་ལེ་དོ་ཡོད།)
ནང་ལ་བཞུགས་པ་ཡག་ལེ(ཆུ་བོ་གཙང་རྒྱུད་རི་ལ་འཁྲུངས་པའི་)རྒྱལ་བ་བྱམས་པ་མགོན་པོ(བཞུགས་ལེ་དོ་ཡོད།)
དེ་ལ་ཕྱག་གསུམ་འཚལ་ན་(ཆུ་བོ་གཙང་རྒྱུད་རི་ལ་འཁྲུངས་པའི་)ཕྱི་མ་ངན་གསུམ་མི་འགྲོ(མི་ལ་དེ་འགྲོ)
གནས་ཆེན་དཀར་མོ་སྟག་ཚང་འདི(ཆུ་བོ་གཙང་རྒྱུད་རི་ལ་འཁྲུངས་པའི་)སྤང་རིའི་མགོ་ལ་ཆགས་ཡོད་(ཆགས་ལེ་དོ་ཡོད)
ཕྱི་ལ་སྐོར་པ་ཡག་ལེ(ཆུ་བོ་གཙང་རྒྱུད་རི་ལ་འཁྲུངས་པའི་)ལྷ་ཤིང་ཤུག་པས་བསྐོར་ཡོད་(སྐོར་ལེ་དོ་ཡོད།)
ནང་ལ་བཞུགས་པ་ཡག་ལེ(ཆུ་བོ་གཙང་རྒྱུད་རི་ལ་འཁྲུངས་པའི་)བླ་མ་ཚེ་དབང་རྡོ་རྗེ་བཞུགས་ལེ་དོ་ཡོད།
དེ་ལ་ཕྱག་གསུམ་འཚལ་ན(ཆུ་བོ་གཙང་རྒྱུད་རི་ལ་འཁྲུངས་པའི་)ཕྱི་མ་ངན་གསུམ་མི་འགྲོ(མི་ལེ་དོ་འགྲོ)
༈(འོ་འོ་ན་ལེ)རྒྱ་ཡར་རྩེ་མར་རྩེ་དར་རྩེ་མདོ།
(འོ་འོ་ན་ལེ)རྒྱ་དར་རྩེ་མདོ་ཤོག་གོང་མ་ནང་།
(འོ་འོ་ན་ལེ)དྲིལ་སྨུག་ཆུང་བརྒྱ་ཡིས་གདང་ར་སྒྲིག
(འོ་འོ་ན་ལེ)སྙིང་ཚིམ་པོ་ཨེ་འདུག་ཚོང་དཔོན་ཚོ།
(འོ་འོ་ན་ལེ)ཕོ་རང་ལ་མེད་དེ་བསམ་པ་དགའ།
(འོ་འོ་ན་ལེ)རྒྱ་ཡར་རྩེ་མར་རྩེ་དར་རྩེ་མདོ།
(འོ་འོ་ན་ལེ)རྒྱ་དར་རྩེ་མདོ་ཤོག་བར་མའི་ནང་།
(འོ་འོ་ན་ལེ)རྟ་མདོ་དགའ་བརྒྱ་ཡིས་གདང་ར་སྒྲིག
(འོ་འོ་ན་ལེ)སྙིང་ཚིམ་པོ་ཨེ་འདུག་སྟག་ཆུང་ཞོ།
(འོ་འོ་ན་ལེ)ཕོ་རང་ལ་མེད་དེ་བསམ་པ་དགའ།
(འོ་འོ་ན་ལེ)རྒྱ་ཡར་རྩེ་མར་རྩེ་དར་རྩེ་མདོ།
(འོ་འོ་ན་ལེ)རྒྱ་དར་རྩེ་མདོ་ཤོགས་འོག་མའི་ནང་།
(འོ་འོ་ན་ལེ)འབྲི་ཟིལ་དཀར་བརྒྱ་ཡིས་གདོངས་ར་སྒྲིག
(འོ་འོ་ན་ལེ)སྙིང་འཚིངས་པོ་ཨེ་འདུག་མ་བསུ་ཚོ།
(འོ་འོ་ན་ལེ)རང་ལ་མེད་དེ་བསམ་བ་དགའ།
༈བྱེ་བྲོ།
གསེར་ལ་ལ་ཡི་ཕར་ནང་གསེར་ལ་ལ་ཡི་ཚུར་ནང་།
གསེར་ལ་ལ་ཡི་ཆུར་ནང་གསེར་གྱི་མདའ་དར་བཙུགས་ཡོད།
གསེར་གྱི་མདའ་དར་མདུན་ལ་ཤར་རྒྱུ་ཁྲི་གདུགས་ཉི་མ།
ཤར་རྒྱུ་ཡོད་ན་དགའ་བྱུང་ཐིམ་རྒྱུ་མེད་ན་སྐྱིད་བྱུང་།
(བྲོའི་རྣ་རྒྱན)ཤོམ་བྲོ་ཤོམ་བྲོ་ཤོམ་བོ་བསོད་ནམས་དབྱངས་ཀྱི་ཤོམ་བྲོ།
རྡོག་བྲོ་རྡོག་བྲོ་རྡོག་བྲོ་སྨན་ཆུང་བུ་མོའི་རྡོག་བྲོ།
དངུལ་ལ་ལ་ཡི་ཕར་ནང་དངུལ་ལ་ལ་ཡི་ཚུར་ནང་།
དངུལ་ལ་ལ་ཡི་ཚུར་ནང་དངུལ་གྱི་མདའ་དར་བཙུགས་ཡོད།
དངུལ་གྱི་མདའ་དང་མདུན་ལ་ཤར་རྒྱུ་ངང་བསིལ་ཟླ་བ།
ཤར་རྒྱུ་ཡོད་ན་དགའ་བྱུང་ཐིམ་རྒྱུ་མེད་ན་སྦྱིད་བྱུང་།
(བྲོའི་རྣ་རྒྱན)ཤོམ་བྲོ་ཤོམ་བྲོ་ཤོམ་བྲོ་བསོད་ནམས་དབྱངས་ཀྱི་ཤོམ་བྲོ།
རྡོག་བྲོ་རྡོག་བྲོ་རྡོག་བྲོ་སྨན་ཆུང་བུ་མོའི་རྡོག་བྲོ།
དུང་ལ་ལ་ཡི་ཕར་ནང་དུང་ལ་ལ་ཡི་ཚུར་ནང་།
དུང་ལ་ལ་ཡི་ཚུར་ནང་དུང་གི་མདའ་དར་བཙུགས་ཡོད།
དུང་གི་མདའ་དར་མདུན་ལ་ཤར་རྒྱུ་སྐར་མ་སྨིན་དྲུག།
ཤར་རྒྱུད་ཡོད་ན་དགའ་བྱུང་ཐིམ་རྒྱུ་མེད་ན་སྐྱིད་བྱུང་།
(བྲོའི་རྣ་རྒྱན)ཤོམ་བྲོ་ཤོམ་བྲོ་ཤོམ་བྲོ་བསོད་ནམས་དབྱངས་ཀྱི་ཤོམ་བྲོ།
རྡོག་བྲོ་རྡོག་བྲོ་རྡོག་བྲོ་སྨན་ཆུང་བུ་མོ་རྡོག་བྲོ།
༈ཁྱོད་ནི་གངས་སྟོད་མཐོན་པོ་(ཡི་གོ)ལ་མོ་འདི་ཡི་ཕར་ནང་།
ང་ནི་སེང་ལྕམ་དཀར་མོ(ཡི་གོ)ལ་མོ་འདི་ཡི་ཚུར་ནང་།
ལ་མོ་ཕར་ནང་ཚུར་ནང་(ཡི་གོ)ལ་མོ་འདི་ཡི་ཕར་ནང་།
ང་ནི་སེང་ལྕམ་དཀར་མོ་(ཡི་གོ)ལ་མོ་འདི་ཡི་ཚུར་ནང་།
ལ་མོ་ཕར་ནང་ཚུར་ནང་(ཡི་གོ)ཐུག་བསམ་སེམས་ལ་ཡོད་ན།
ཐུག་བསམ་སེམས་ལ་ཡོད་ན(ཡི་གོ)ཐུག་པའི་སྨོན་ལམ་འདེབས་འགྲོ།
ཁྱོད་ནི་བྲག་སྟོད་མཐོན་པོ་(ཡི་གོ)ལ་མོ་འདི་ཡི་ཕར་ནང་།
ང་ནི་ཐང་དཀར་རྒོད་པོ་(ཡི་གོ)ལ་མོ་འདི་ཡི་ཚུར་ནང་།
ལ་མོའི་ཕར་ནང་ཚུར་ནང(ཡི་གོ)ཐུག་བསམ་སེམས་ལ་ཡོད་ན།
ཐུག་བསམ་སེམས་ལ་ཡོད་ན་(ཡི་གོ)ཐུག་པའི་སྨོན་ལམ་འདེབས་འགྲོ།
༈བཀྲ་ཤིས་བྲོ།
ཤར་ཕྱོགས་ཤར་ལ་སུ་བཞུགས་སུ་མ་བཞུགས།
ཤར་ཕྱོགས་ཤར་ལ་རྡོ་རྗེ་སེམས་དཔའ་བཞུགས།
ཕྱག་གཡས་པས་བཀྲ་ཤིས་མདའ་དར་འཛིན།
ཕྱག་གཡོན་ཤོས་ཚེ་རིང་བུམ་ཆུང་འཛིན།
བཀྲ་ལ་ཤིས་པའི་མདའ་དར་བཀྲ་ལ་ཤིས།
ཚེ་ལ་རིང་པའི་བུམ་ཆུང་ཚེ(ལ་)རིང་།
ལྷོ་ཕྱོགས་ལྷོ་ལ་སུ་བཞུགས་སུ་མ་བཞུགས།
ཕྱག་གཡས་པས་བཀྲ་ཤིས་མདའ་དར་འཛིན།
ཕྱག་གཡོན་ཤོས་ཚེ་རིང་བུམ་ཆུང་འཛིན།
ཕྱག་གཡོན་ཤོས་ཚེ་རིང་བུམ་ཆུང་འཛིན།
བཀྲ་(ལ)ཤིས་པའི་མདའ་དར་བཀྲ(ལ)ཤིས།
ཚེ་(ལ)རིང་པའི་བུམ་ཆུང་ཚེ་(ལ)རིང་།
ནུབ་ཕྱོགས་ནུབ་ལ་སུ་བཞུགས་སུ་མ་བཞུགས།
ནུབ་ཕྱོགས་ནུབ་ལ་སྣང་བ་མཐའ་ཡས་བཞུགས།
ཕྱག་གཡས་པས་བཀྲ་ཤིས་མདའ་དར་འཛིན།
ཕྱག་གཡོན་ཤོས་ཚེ་རིང་བུམ་ཆུང་འཛིན།
བཀྲ(ལ)ཤིས་པའི་མདའ་དར་བཀྲ་(ལ)ཤིས།
ཚེ་(ལ)རིང་བའི་བུམ་ཆུང་ཚེ་(ལ)རིང་།
བྱང་ཕྱོགས་བྱང་ལ་སུ་བཞུགས་སུ་མ་བཞུགས།
བྱང་ཕྱོགས་བྱང་ལ་དོན་ཡོད་གྲུབ་པ་བཞུགས།
ཕྱག་གཡས་བཀྲ་ཤིས་མདའ་དར་འཛིན།
ཕྱག་གཡོན་ཤོས་ཚེ་རིང་བུམ་ཆུང་འཛིན།
བཀྲ(ལ)ཤིས་པའི་མདའ་དར་བཀྲ(ལ)ཤིས།
ཚེ་(ལ)རིང་པའི་བུམ་ཆུང་ཚེ་ལ་རིང་།
༈བཀྲ་ཤིས་ལུང་པའི་ཕུ་ལ་་་འཆི་མེད་གསེར་མཚོ་འཁྱིལ་བྱུང་།
འཆི་མེད་གསེར་མཚོའི་ཁ་ལ་་་གསེར་ཤིང་སྡོང་པོ་འཁྲུངས་བྱུང་།
གསེར་ཤིང་སྡོང་པོའི་རྩེར་ལ་་་གསེར་བྱ་བརྒྱད་ཅུ་བབ་བྱུང་།
གསེར་བྱ་བརྒྱད་ཅུའི་གསུང་སྐད་་་པི་ཝང་སྒྲ་ལས་སྙན་བྱུང་།
བཀྲ་ཤིས་ལུང་པའི་སྐེད་ལ་་་འཆི་མེད་དངུལ་མཚོ་འཁྱིལ་བྱུང་།
འཆི་མེད་དངུལ་མཚོའི་ཁ་ལ་་་དངུལ་ཤིང་སྡོང་པོ་འཁྲུངས་བྱུང་།
དངུལ་ཤིང་སྡོང་པོའི་རྩེར་ལ་་་དངུལ་བྱ་བརྒྱད་ཅུ་བབ་བྱུང་།
དངུལ་བྱ་བརྒྱད་ཅུའི་གསུང་སྐད་་་པི་ཝང་སྒྲ་ལས་སྙན་བྱུང་།
བཀྲ་ཤིས་ལུང་པའི་མདའ་ལ་་་དུང་གི་མཚོ་མོ་འཁྱིལ་བྱུང་།
དུང་གི་མཚོ་མོའི་ཁ་ལ་་་དུང་ཤིང་སྡོང་པོ་འཁྲུངས་བྱུང་།
དུང་ཤིང་སྡོང་པོའི་རྩེ་ལ་་་དུང་བྱ་བརྒྱད་ཅུ་བབ་བྱུང་།
དུང་བྱ་བརྒྱད་ཅུའི་གསུང་སྐད་་་པི་ཝང་སྒྲ་ལས་སྙན་བྱུང་།