English

  • མདུན་ངོས།
  • རྒྱལ་རབས།
  • ལོ་རྒྱུས།
    • ལུང་ཚན།
    • གནས་རི།
    • བྲག་ནགས་མཚོ།
    • སྣ་ཚོགས།
  • དགོན་སྡེ།
    • སྡེ་དགེའི་དབུ་ཁག་ལྔ།
    • གཡུང་དྲུང་བོན།
    • སྔ་འགྱུར་རྙིང་མ།
    • རྒྱལ་བ་བཀའ་བརྒྱུད།
    • དཔལ་ལྡན་ས་སྐྱ།
    • རི་བོ་དགེ་ལུགས།
  • པར་ཁང།
  • མི་སྣ།
    • སྐྱེས་ཆེན་དམ་པ།
    • ཤེས་ལྡན་མཁས་པ།
    • རླབས་ཆེན་མི་སྣ།
    • རྩོམ་པ་པོ།
    • ལྷ་པ།
    • སྒྲུང་པ།
    • གཞས་པ་གཞས་མ།
    • གྲགས་ཅན་མི་སྣ་གཞན།
  • ཆས་གོས།
    • རྒྱལ་བློན།
    • ཕོ་ཆས།
    • མོ་ཆས།
  • ཡུལ་སྲོལ།
    • བཟང་ངན་བརྩི་སྲོལ།
    • འབྲོག་པ།
    • རོང་པ།
    • རོང་མ་འབྲོག
    • ཡུལ་སྲོལ་ཁག་ཅིག
    • དུས་ཆེན།
  • ལས་འགུལ།
  • ལག་ཤེས།
    • ལྷ་བཟོ།
    • པར་བརྐོས།
    • མགར་བ།
    • རྫ་བཟོ།
    • ཤོག་བུ་བཟོ་བ།
    • ཤིང་བཟོ་བ།
    • འཚེམ་བཟོ།
    • སྤུ་རིགས་བཟོ་བ།
  • གླུ་གཞས།
    • སྡེ་དགེའི་བྲོ་ཆེན།
    • མགུར་མོ།
    • གླུའི་རིགས།
    • གླིང་བྲོ།
    • ཁེད་(གབ་ཚིག)
    • གཏམ་དཔེ།
  • ངོ་སྤྲོད།

བོད་མིས་རྒྱ་གར་གྱི་འོས་བསྡུའི་ཆ་ཤས་ལེན་ཕྱོགས་སྐོར།

འདོན་སྤེལ། 2014/04/2 4:18 AM རྩོམ་པ་པོ།

བོད་མིའི་སྒྲིག་འཛུགས་དང་ས་གནས་མགོ་འཛིན་ལས་ཁུངས་ཚོས། བོད་མི་སུ་ཞིག་ལའང་རྒྱ་གར་གྱི་འོས་བསྡུའི་ཐོབ་ཐང་ལེན་དགོས་པའི་སེམས་ཤུགས་སྤར་གྱི་མེད་ལ་དགག་བྱའང་བྱེད་ཀྱི་མེད་ཟེར།

འདི་ལོའི་ཟླ་ ༢ ཚེས་ ༧ ཉིན་རྒྱ་གར་དབུས་འོས་བསྡུ་ལྷན་ཁང་གིས་རྒྱལ་ཡོངས་གྲོས་ཚོགས་འོག་མའི་འོས་བསྡུ་དང་སྟབས་བསྟུན་ཏེ། ༡༩༥༠ ཟླ་ ༡ ཚེས་ ༢༦ ཉིན་ནས་ ༡༩༨༧ ཟླ་ ༦ ཚེས་ ༣༠ ནང་ཚུད་རྒྱ་གར་ནང་སྐྱེས་པའི་བོད་མི་སྐྱབས་བཅོལ་བ་ཚོས་ས་གནས་འོས་བསྡུ་ལས་ཁུངས་སུ་འོས་བསྡུའི་ཐོ་འགོད་བྱས་ཆོག་པ་མ་ཟད། འོས་ཤོག་བླུགས་ཆོག་པའི་བཀའ་ཁྱབ་ཅིག་མངའ་སྡེ་ཁག་ཡོངས་སུ་བཏང་ཡོད་པ་དང་། ཟླ་འདིའི་ཚེས་ ༡༩ ཉིན་ཧི་མ་ཅལ་མངའ་སྡེའི་འོས་བསྡུ་ལས་ཁུངས་ཀྱིས་ཀྱང་། མངའ་སྡེའི་ཁྱབ་ཁོངས་སུ་ཡོད་པའི་བོད་མི་སྐྱབས་བཅོལ་བའི་ནང་འོས་བསྡུའི་ཆ་རྐྱེན་ཚང་བའི་རིགས་ཀྱིས་ཐོ་འགོད་བྱས་ཏེ་འོས་ཤོག་བླུགས་ཆོག་པའི་གསལ་བསྒྲགས་གནང་འདུག

འདིའི་ཐད་ངྷ་ས་ས་གནས་མགོ་འཛིན་བསོད་ནམས་རྡོ་རྗེ་<ལགས་ཀྱིས་བརྗོད་པ་ལྟར་ན། རྒྱ་གར་དབུས་འོས་བསྡུ་ལྷན་ཁང་གིས་ ༡༩༥༥ ལོའི་རྒྱ་གར་མི་སེར་ཐོབ་ཐང་རྩ་ཁྲིམས་ནང་གཏན་འབེབས་བྱས་པའི་ལོ་དུས་ཚེས་གྲངས་ནང་སྐྱེས་པའི་བོད་མི་ཚོར་རྒྱ་གར་མི་སེར་དང་ཐོབ་ཐངགཅིག་མཚུངས་ཐོག་འོས་བསྡུ་གནང་ཆོག་པ་དང་། འོས་བསྡུའི་སྐབས་ཆ་རྐྱེན་དང་པོ། སོ་སོ་རྒྱ་གར་ནང་སྐྱེས་པའི་ཁུངས་སྐྱེལ་ཡིག་ཆ་སྐྱེས་ཚེས་ལག་འཁྱེར་དང་ཡང་ན་སྐྱེས་ལོ་སྐྱེས་ཚེས་ཡོད་པའི་འཛིན་རིམ་བཅུ་བའི་ལག་འཁྱེར། དེ་མིན། ༢༠༠༣ ལོའི་སྔོན་ལ་བོད་མིའི་སྒྲིག་འཛུགས་ཀྱིས་སྤྲད་པའི་སྐྱེས་ཚེས་ལག་འཁྱེར་བཅས་གང་རུང་དང་། གཉིས་པ། སོ་སོའི་སྡོད་གནས་ངོ་སྤྲོད་ཀྱི་བདེན་དཔང་ཡིག་ཆ་(Residential Proof) དང་། དངུལ་ཁང་མ་དེབ་དང་ཨ་ངྷར འཛིན་བྱང་ (Aadhaar Card) ། ས་གནས་མགོ་འཛིན་གྱི་རྒྱབ་གཉེར་བཅས་དགོས་ཀྱི་ཡོད་པ་དང་། ཆ་རྐྱེན་ཚང་རྗེས་འོས་བསྡུའི་འགེང་ཤོག་ཨང་གྲངས་དྲུག་པ་བསྐངས་རྗེས་ས་གནས་འོས་བསྡུ་འབྲེལ་མཐུད་པར་སྤྲོད་དགོས་ཀྱི་ཡོད་པ་དང་། མེག་གྷན་དུ་སྦག་སི་ནཱ་ཋི་ (Bhagsu) འོས་བསྡུ་འབྲེལ་མཐུད་པར་སྤྲོད་དགོས་ཀྱི་ཡོད་འདུག

གསར་འགོད་པས་ཁོང་ལ་བོད་མིས་འོས་བསྡུའི་ཐོབ་ཐང་བླངས་རྗེས་རྒྱ་གར་གྱི་ཕྱི་སྐྱོད་ལག་འཁྱེར་བཟོ་ཆོག་མིན་དང་སྐྱབས་བཅོལ་ལག་དེབ་ (RC) དང་ལག་དེབ་སེར་བོ་ (I.C) གཉིས་གང་འདྲ་ཆགས་མིན་དྲིས་པར་ཁོང་གིས། “ རྒྱ་གར་གྱི་འོས་བསྡུའི་འཛིན་བྱང་ (Election Card) བཟོས་ནས་ལོ་གཅིག་གི་ནང་ཚུད་དོ་བདག་ལ་ཡི་གེ་ཞིག་འབྱོར་གྱི་རེད། དེའི་ནང་ཁྱེད་རང་རྒྱ་གར་མི་སེར་ཆགས་འདུག་ཟེར་ནས་སྐྱབས་བཅོལ་ལག་དེབ་དང་ལག་དེབ་སེར་པོ་རྒྱ་གར་གཞུང་ལ་རྩིས་སྤྲོད་དགོས་ཞེས་ལབ་ཡོད་པ་རེད། དེ་ཕྱིར་སྤྲོད་དགོས་ཀྱི་རེད། གང་ཡིན་ཟེར་ན། མི་གཅིག་གིས་ལུང་པ་འདིའི་ནང་ཡིག་ཆ་གཉིས་འཁྱེར་ཆོག་གི་མེད་སྟབས། སྐྱབས་བཅོལ་ལག་འཁྱེར་དང་ལག་དེབ་སེར་པོ་གཉིས་ཕྱིར་སྤྲད་དེ་རྒྱ་གར་གྱི་ཕྱི་སྐྱོད་ལག་འཁྱེར་བཟོ་ཆོག་གི་རེད། དེ་བཟོ་རྒྱུར་དུས་ཚོད་འགོར་འགྱངས་དང་ཉེན་ཁ་ཆེན་པོ་ཡོད་པ་དོ་བདག་གིས་འགན་འཁུར་དགོས་པ་རེད། མ་གཞི་འོས་བསྡུའི་ཐོབ་ཐང་རག་པ་དེ་ང་ཚོ་རྒྱ་གར་གྱི་མི་སེར་དང་གཅིག་མཚུངས་ཡིན་ཟེར་བ་མ་གཏོགས་མི་སེར་ཆགས་པ་ཡིན་ལབ་ཀྱི་མེད། མི་སེར་ཆགས་པ་ལ་རྒྱ་གར་ནང་སྲིད་ལས་ཁུངས་ནས་མི་སེར་ལག་འཁྱེར་(Citizenship Certificate) ལེན་དགོས། དེ་རྗེས་ཕྱི་སྐྱོད་ལག་འཁྱེར་བཟོ་བར་སྙན་ཞུ་ཕུལ་དགོས། དེ་མིན་པར་སྐྱེས་ཚེས་ལག་འཁྱེར་ཡོད་པ་ཙམ་གྱིས་རྒྱ་གར་མི་སེར་ཡིན་པའི་ཁྱབ་པ་ཡོད་མ་རེད། ”ཅེས་བརྗོད་བྱུང་།

ཁོང་ལ་ངྷ་རམ་ས་ལར་རྒྱ་གར་གྱི་འོས་བསྡུའི་ནང་ཐོབ་ཐང་ལེན་མཁན་གྱི་བོད་མི་ག་ཚོད་ཡོད་མེད་དྲིས་པར། “ ཉེ་བའི་ཆར་འོས་བསྡུ་འཛིན་བྱང་བཟོ་རྒྱུ་ཡིན་ཟེར་ནས་རྒྱབ་གཉེར་ཡི་གེ་ལེན་མཁན་མི་གཅིག་བྱུང་སོང་། དེ་མིན་དོ་བདག་ལ་དངུལ་ཁང་མ་དེབ་དང་ཨ་ངྷར་ འཛིན་བྱང་གཉིས་ཡོད་ན། ས་གནས་མགོ་འཛིན་ལས་ཁུངས་སུ་ཡོང་མི་དགོས་པར་ས་གནས་རང་དུ་སོང་ནས་འོས་བསྡུའི་ཐོ་འགོད་བྱེད་ཆོག་གི་ཡོད་སྟབས། བོད་མི་མང་པོ་ཞིག་གིས་འོས་བསྡུའི་ཐོ་འགོད་བྱེད་ཀྱི་ཡོད་པ་གོ་བ་ལས། གྲངས་ཀ་ག་ཚོད་ཡོད་མེད་ང་ཚོས་བཤད་ཐུབ་ཀྱི་མེད། ”ཅེས་བརྗོད་བྱུང་།

རྒྱ་གར་དབུས་འོས་བསྡུ་ལྷན་ཁང་གིས་སྔོན་མར་བོད་མིར་འོས་བསྡུའི་ཐོབ་ཐང་མ་སྤྲད་པར་ད་ལོར་སྤྲོད་དགོས་དོན་གང་ཡིན་དྲིས་པར་ཁོང་གིས། “ སྔོན་མ་ང་ཚོས་རྩོད་ལེན་བྱེད་ཀྱི་མེད་པ་མ་གཏོགས་རྒྱ་གར་གྱི་རྩ་ཁྲིམས་ནང་ཐོབ་ཐང་ཡོད་ཡོད་པ་རེད། ཡིན་ནའང་། རྒྱ་གར་ནང་ང་ཚོ་སྐྱབས་བཅོལ་གྱི་ངོ་བོ་ཐོག་སྡོད་པའི་གནས་སྟངས་ཤིག་རེད། ༢༠༠༩ ལོ་དང་ ༢༠༡༣ ལོ་སོ་སོར་བོད་མི་གཅིག་གཉིས་ཀྱི་ཁ་མཆུ་ལ་ཁྲིམས་ཁང་གིས་ཐག་གཅོད་བྱས་ཚར་རྗེས་རྩ་ཁྲིམས་ནང་ཡོད་པའི་མི་སེར་ཐོབ་ཐང་དེ་དབུས་འོས་བསྡུ་ལྷན་ཁང་གིས་ལག་བསྟར་བྱས་པ་རེད། འོན་ཀྱང་། བོད་མིའི་སྒྲིག་འཛུགས་དང་ས་གནས་མགོ་འཛིན་ལས་ཁུངས་ཚོས། བོད་མི་སུ་ཞིག་ལ་འོས་བསྡུ་ཐོབ་ཐང་ལེན་དགོས་པའི་སེམས་ཤུགས་སྤར་གྱི་མེད་ལ་དགག་བྱའང་རྩ་བ་ཉིད་ནས་བྱེད་ཀྱི་མེད། རྒྱུ་མཚན་མང་པོའི་ཐོག་ནས་བལྟས་པ་ཡིན་ན་སྒྲིག་འཛུགས་ལ་ཏན་ཏན་གནོད་ཀྱི་ཡོད་པ་གསལ་བོ་རེད་ལ། རྒྱ་གར་གྱི་འོས་བསྡུའི་ཆ་ཤས་ལེན་མིན་སོ་སོའི་ཐོབ་ཐང་རེད། ”ཅེས་བརྗོད་བྱུང་།

རྒྱ་གར་གྱི་མི་སེར་ཐོབ་ཐང་རྩ་ཁྲིམས་ལ་བསྐྱར་ཞིབ་རིམ་པ་གནང་བའི་ཁྲོད། ༡༩༥༥ ལོའི་མི་སེར་ཐོབ་ཐང་རྩ་ཁྲིམས་ནང་ ༡༩༥༠ ཟླ་ ༡ ཚེས་ ༢༦ ཉིན་ནས་༡༩༨༧ ཟླ་ ༦ ཚེས་ ༣༠ ནང་ཚུད་དུ་སྐྱེས་མཁན་ཚང་མ་རྒྱ་གར་གྱི་མི་སེར་ཆགས་ཀྱི་ཡོད་འདུག ༡༩༨༧ ལོར་མི་སེར་ཐོབ་ཐང་རྩ་ཁྲིམས་བསྐྱར་བཅོས་བྱས་ཏེ་རྒྱ་གར་ནང་སྐྱེས་བ་དང་མི་སེར་ཆགས་དགོས་ཚེ་ཕ་མ་གཉིས་གང་རུང་ཞིག་རྒྱ་གར་གྱི་མི་སེར་ཡིན་དགོས་པ་བཟོས་འདུག་ལ། ༢༠༠༢ ལོའི་མི་སེར་ཐོབ་ཐང་རྩ་ཁྲིམས་བསྐྱར་བཅོས་སྐབས་རྒྱ་གར་ནང་མི་སེར་ཆགས་དགོས་ཚེ་ཕ་མ་གཉིས་ཀ་མི་སེར་ཡིན་དགོས་པ་བཟོས་ཡོད་འདུག

གསར་འགོད་པ། ལྷ་སྐྱབས་རྒྱལ།

ཡོང་ཁུངས། བོད་ཀྱི་དུས་བབ།

བསམ་ཚུལ་འབྲི།

Click here to cancel reply.

' རྩོམ་འོག་མ། ཁྲི་ཟུར་སྡེ་དགེ་འཇུ་ཆེན་ཐུབ་བསྟན་མཆོག་གི་ལོ་རྒྱུས་དཔེ་དེབ་དབུ་འབྱེད།

འབྲེལ་ཡོད་ཀྱི་རྩོམ་གཞན།

  • སྡེ་དགེ་བ་དཀོན་མཆོག་བཀྲིས་ལ་བོད་ཀྱི་རྟ་སྒའི་སྐོར་བཅར་འདྲི།
  • པར་ཤིང་གི་སྐོར་ནས་མཁས་དབང་ཐུབ་བསྟན་ཕུན་ཚོགས་ལ་བཅར་འདྲི།
  • བོད་ཀྱི་ལྷ་རྗེ་སྐུ་བགྲེས་རྣམས་ལ་བཀའ་འདྲི་འགའ་ཞིག
  • འབོ་གངས་དཀར་རིན་པོ་ཆེ་ལ་བཀའ་འདྲི་ཞུས་པ།
  • སྡེ་རོང་ཚེ་རིང་དོན་གྲུབ་ལགས་ལ་མི་ཉག་སྐོར་གྱི་བཅར་འདྲི།

ཁྱབ་བསྒྲགས། མང་ ...
    Advertisement
འབྲེལ་མཐུད།
Advertisement
Advertisement
Advertisement
Advertisement
ངོ་དེབ།











  • ཁམས་པའི་དྲ་བ།
  • སྡེ་དགེའི་པར་ཁང་།
  • བོད་ཀྱི་བང་ཆེན།
  • བོད་ཀྱི་དུས་བབ།
  • རྒྱལ་བ་རིན་པོ་ཆེ།
  • ཆུ་སྒང་དྲ་བ།
  • བོད་ཀྱི་ཆ་འཕྲིན།
  • ཨ་རིའི་བརྙན་འཕྲིན།
  • བོད་ཀྱི་གཞས་ཚིག་དྲ་བ།་
  • དྲི་བ་དྲིས་ལན་དྲ་བ།
  • བོད་ཀྱི་འཕྲུལ་དེབ་དྲ་བ།
  • སམ་བྷོ་ཏྲ་དྲ་བ།།
  • འོད་ཟེར་དྲ་བ།
  • བོད་གཞུང་དྲ་བ།
  • སེང་རྡོར་དྲ་བ།།
  • སྨོན་ལམ་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • སྐར་ཁུང་དྲ་བ།
  • གེ་སར་རིག་གནས་དྲ་བ།
  • ཕ་ཡུལ་དྲ་བ།
  • སྤྱི་འཐུས་དྲ་བ།
  • འཛི་སྒར་དྲ་བ།
  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་།
  • © 2020 Dege Gyalyong welfare Society
  • House # D-44, New Tibetan Camp. New Aruna Nagar, Majnu-ka-tilla, Delhi-110054, India.
  • E-mail: [email protected] Tel. 01123815056 Mb: +9717153449

བཟོ་སྐྲུན་པ། བསྟན་འཛིན་ཆོས་གྲགས།