English

  • མདུན་ངོས།
  • རྒྱལ་རབས།
  • ལོ་རྒྱུས།
    • ལུང་ཚན།
    • གནས་རི།
    • བྲག་ནགས་མཚོ།
    • སྣ་ཚོགས།
  • དགོན་སྡེ།
    • སྡེ་དགེའི་དབུ་ཁག་ལྔ།
    • གཡུང་དྲུང་བོན།
    • སྔ་འགྱུར་རྙིང་མ།
    • རྒྱལ་བ་བཀའ་བརྒྱུད།
    • དཔལ་ལྡན་ས་སྐྱ།
    • རི་བོ་དགེ་ལུགས།
  • པར་ཁང།
  • མི་སྣ།
    • སྐྱེས་ཆེན་དམ་པ།
    • ཤེས་ལྡན་མཁས་པ།
    • རླབས་ཆེན་མི་སྣ།
    • རྩོམ་པ་པོ།
    • ལྷ་པ།
    • སྒྲུང་པ།
    • གཞས་པ་གཞས་མ།
    • གྲགས་ཅན་མི་སྣ་གཞན།
  • ཆས་གོས།
    • རྒྱལ་བློན།
    • ཕོ་ཆས།
    • མོ་ཆས།
  • ཡུལ་སྲོལ།
    • བཟང་ངན་བརྩི་སྲོལ།
    • འབྲོག་པ།
    • རོང་པ།
    • རོང་མ་འབྲོག
    • ཡུལ་སྲོལ་ཁག་ཅིག
    • དུས་ཆེན།
  • ལས་འགུལ།
  • ལག་ཤེས།
    • ལྷ་བཟོ།
    • པར་བརྐོས།
    • མགར་བ།
    • རྫ་བཟོ།
    • ཤོག་བུ་བཟོ་བ།
    • ཤིང་བཟོ་བ།
    • འཚེམ་བཟོ།
    • སྤུ་རིགས་བཟོ་བ།
  • གླུ་གཞས།
    • སྡེ་དགེའི་བྲོ་ཆེན།
    • མགུར་མོ།
    • གླུའི་རིགས།
    • གླིང་བྲོ།
    • ཁེད་(གབ་ཚིག)
    • གཏམ་དཔེ།
  • ངོ་སྤྲོད།

བོད་མི་ཞིག་ཨ་རིའི་གྲོས་ཚོགས་འཐུས་མིའི་འོས་མིར་ལངས་པ།

འདོན་སྤེལ། 2018/02/12 3:55 AM རྩོམ་པ་པོ།

བོད་མི་ཀརྨ་ལགས་ཨ་རིའི་གྲོས་ཚོགས་འོག་མིའི་འཐུས་མིར་ལངས་པ།

dege

དེའང་འདི་ལོའི་ཕྱི་ཟླ་དང་པོའི་ཚེས་ ༣༡ ཉིན་བོད་མི་ཀརྨ་(Aftab Karma Singh Pureval)ལགས་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མིར་ལངས་རྒྱུའི་གསལ་བསྒྲགས་བསྐྱངས་ཡོད་འདུག ཁོང་ནི་བོད་མི་ཞིག་ཨ་རིའི་གྲོས་ཚོགས་འཐུས་མིའི་འོས་མིར་ལངས་པ་ལོ་རྒྱུས་ནང་ཆེས་ཐོག་མར་ཆགས་ཡོད་འདུག་ལ། གལ་སྲིད་ཁོང་ལ་མི་མང་གིས་འོས་འཕེན་རྒྱབ་སྐྱོར་འོག་ད་ཐེངས་དངོས་གཞིའི་འོས་བསྡུའི་རྒྱལ་ཁ་ཐོབ་ཚེ་བོད་མི་ཞིག་ཨ་རིའི་འཐུས་མིར་ཆགས་པའང་ལོ་རྒྱུས་ཐོག་ཆེས་ཐོག་མའི་ཟིན་ཐོ་འགོད་ཀྱིན་ཡོད་པ་རེད།

ཁོང་གིས་སྐབས་དེའི་གསལ་བསྒྲགས་སྐབས། (ང་གྲོས་ཚོགས་འཐུས་མིའི་འོས་མིར་ལངས་དགོས་དོན་ནི། ང་ཚོའི་རྒྱལ་ཁབ་འདི་མི་རབས་གསར་བས་སྣེ་ཁྲིད་ནས་ཁ་ཕྱོགས་གསར་བ་ཞིག་བསྐྱོད་དགོས་འདུག)ཅེས་གསར་འགོད་པ་ཚོར་བཤད་ཡོད་པ་རེད།  ཨ་རིའི་གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ད་ཐེངས་ཀརྨ་ལགས་ལ་འོས་བསྡུའི་རྒྱལ་ཁ་ཐོབ་རྒྱུར་རེ་བ་ཆེན་པོ་ཡོད་ཚུལ་བཤད་ཀྱིན་འདུག་ལ། དེ་བས་ཀྱང་དཔྱད་བརྗོད་པ་ཚོས་ད་ཐེངས་ཁོང་འགྲན་རྩོད་མེད་པའི་ངང་དམངས་གཙོ་ཚོགས་པའི་འོས་མིར་ཐོབ་རྒྱུ་ཡིན་པ་ཚོད་དཔག་གནང་གི་ཡོད་པ་རེད།   ཁོང་གི་ཁ་གཏད་ནི་དགུང་ལོ་ ༦༥ ཅན་ ༡༩༩༤ ལོ་ནས་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་ཀྱི་འོས་མི་ཡིན་པ་སེཏི་ཧྥི་ཆ་བྷོཏི་ Steve Chabot ལགས་ཡིན་པ་དང་།  དངོས་གཞིའི་འོས་བསྡུ་ནི་འདི་ལོའི་ཕྱི་ཟླ་ ༡༡ པའི་ཚེས་ ༦ རེས་གཟའ་མིག་དམར་ཉིན་ཡིན་པ་རེད།

ཀརྨ་ལགས་ནི་ ༡༩༨༢།༩།༩ ཉིན་ཨོ་ཧའོ་ཞེ་ནི་ཡ་( Xenia)གྲོང་ཁྱེར་དུ་སྐྱེས་ཤིང་། ཁོང་གི་ཨ་མ་ལགས་ཁམས་སྡེ་དགེ་ནས་ཡིན་པ་རེད། ཀརྨ་ལགས་ཁྲིམས་ལུགས་རིག་པའི་བསླབ་པ་མཐར་ཕྱིན་རྗེས་ཆེད་ལས་ཁྲིམས་རྩོད་པའི་ཕྱག་ལས་གནང་ཡོད་པ་དང་། རང་ལོ་ ༣༥ ཡིན་འདུག ན་ནིང་ཕྱི་ཟླ་དང་པོའི་ནང་ཁོང་ཨ་རིའི་མངའ་སྡེ་ཨོ་ཧའོ་(Ohio)ཡི་རྫོང་ཆེ་ཤོས་ཧཱ་མིལ་ཊོན་(Hamilton)ཁྲིམས་ཁང་གི་དྲུང་ཡིག་ཆེན་མོར་རྒྱལ་ཁ་ཐོབ་ཡོད་པ་དང་། ཨ་རིའི་ནང་ན་སོན་པའི་བོད་མི་ཁོང་ནི་ཆབ་སྲིད་ཀྱི་སྡིངས་ཆའི་ཐོག་ཨ་རིའི་དམངས་གཙོ་ཚོགས་པས་རེ་བ་ཆེན་པོ་རྒྱག་སའི་ན་གཞོན་ཞིག་ཡིན་པ་རེད། ཡོང་ཁུངས། སྡེ་དགེ་དྲ་བ།

ཁོང་གི་གནས་ཚུལ་རྙིང་པ་ཞིག་དྲ་ཐག་འདིར་ཡོད།

ནང་མི་དང་ཁོ་རང་ཉིད་ཀྱི་ངོ་སྤྲོད་བཅས་ཀྱི་གཏམ་བཤད་ཅིག་དྲ་ཐག་འདིར་ཡོད།

ཁོང་གི་དྲུང་ཆེའི་དམ་འབུལ་དང་བརྒྱུད་ལམ་ཁག་གི་དོ་སྣང་སྤྲོད་ས་ཁག

ཁོང་འོས་མིར་ལངས་པའི་གསལ་བསྒྲགས་འདི་ནས་གསན་གཟིགས་ཐུབ།

བསམ་ཚུལ་འབྲི།

Click here to cancel reply.

' རྩོམ་འོག་མ། བོད་ས་ཁྱི་ལོའི་གནམ་ལོ་གསར་དུ་བཞད་པར་འཚམས་འདྲི་ཞུ།

འབྲེལ་ཡོད་ཀྱི་རྩོམ་གཞན།

  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་དབུས་རྒྱུན་སྐབས་ ༣ པའི་ལོ་འཁོར་༣ གྱི་ལས་བསྡོམས་སྙིང་བསྡུས།
  • ཨ་ཧྥི་ཏབ་ཀརྨ་སིང་པུ་རེ་ཝལ་ (Aftab Karma Singh Pureval) ལགས་ཨ་རིའི་གྲོང་ཁྱེར་སིན་སི་ན་ཊི་( Cincinnati) ཡི་སྤྱི་ཁྱབ་གྲོང་ཁྱེར་དཔོན་པོའི་གོ་གནས་ཀྱི་རྒྱལ་ཁ་ཐོབ་པ།
  • བོད་ཕྲུག་༢༧་ལ་སྲིད་སྐྱོང་གི་སློབ་ཡོན་གཟེངས་རྟགས་ཐོབ་པའི་ནང་རང་རེ་སྡེ་དགེ་བའི་སློབ་མ་གཅིག་ཡོད་པ་རེད།
  • དབུས་རྒྱུན་སྐབས་གསུམ་པའི་ཚོགས་ཐེངས་གཉིས་པ་དེ་བསྐོང་ཚོགས་གནང་
  • ལོ་གསར་པའི་འཚམ་འདྲི་བཀྲ་ཤིས་བདེ་ལེགས།

ཁྱབ་བསྒྲགས། མང་ ...
    Advertisement
འབྲེལ་མཐུད།
Advertisement
Advertisement
Advertisement
Advertisement
ངོ་དེབ།











  • ཁམས་པའི་དྲ་བ།
  • སྡེ་དགེའི་པར་ཁང་།
  • བོད་ཀྱི་བང་ཆེན།
  • བོད་ཀྱི་དུས་བབ།
  • རྒྱལ་བ་རིན་པོ་ཆེ།
  • ཆུ་སྒང་དྲ་བ།
  • བོད་ཀྱི་ཆ་འཕྲིན།
  • ཨ་རིའི་བརྙན་འཕྲིན།
  • བོད་ཀྱི་གཞས་ཚིག་དྲ་བ།་
  • དྲི་བ་དྲིས་ལན་དྲ་བ།
  • བོད་ཀྱི་འཕྲུལ་དེབ་དྲ་བ།
  • སམ་བྷོ་ཏྲ་དྲ་བ།།
  • འོད་ཟེར་དྲ་བ།
  • བོད་གཞུང་དྲ་བ།
  • སེང་རྡོར་དྲ་བ།།
  • སྨོན་ལམ་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • སྐར་ཁུང་དྲ་བ།
  • གེ་སར་རིག་གནས་དྲ་བ།
  • ཕ་ཡུལ་དྲ་བ།
  • སྤྱི་འཐུས་དྲ་བ།
  • འཛི་སྒར་དྲ་བ།
  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་།
  • © 2020 Dege Gyalyong welfare Society
  • House # D-44, New Tibetan Camp. New Aruna Nagar, Majnu-ka-tilla, Delhi-110054, India.
  • E-mail: [email protected] Tel. 01123815056 Mb: +9717153449

བཟོ་སྐྲུན་པ། བསྟན་འཛིན་ཆོས་གྲགས།