English

  • མདུན་ངོས།
  • རྒྱལ་རབས།
  • ལོ་རྒྱུས།
    • ལུང་ཚན།
    • གནས་རི།
    • བྲག་ནགས་མཚོ།
    • སྣ་ཚོགས།
  • དགོན་སྡེ།
    • སྡེ་དགེའི་དབུ་ཁག་ལྔ།
    • གཡུང་དྲུང་བོན།
    • སྔ་འགྱུར་རྙིང་མ།
    • རྒྱལ་བ་བཀའ་བརྒྱུད།
    • དཔལ་ལྡན་ས་སྐྱ།
    • རི་བོ་དགེ་ལུགས།
  • པར་ཁང།
  • མི་སྣ།
    • སྐྱེས་ཆེན་དམ་པ།
    • ཤེས་ལྡན་མཁས་པ།
    • རླབས་ཆེན་མི་སྣ།
    • རྩོམ་པ་པོ།
    • ལྷ་པ།
    • སྒྲུང་པ།
    • གཞས་པ་གཞས་མ།
    • གྲགས་ཅན་མི་སྣ་གཞན།
  • ཆས་གོས།
    • རྒྱལ་བློན།
    • ཕོ་ཆས།
    • མོ་ཆས།
  • ཡུལ་སྲོལ།
    • བཟང་ངན་བརྩི་སྲོལ།
    • འབྲོག་པ།
    • རོང་པ།
    • རོང་མ་འབྲོག
    • ཡུལ་སྲོལ་ཁག་ཅིག
    • དུས་ཆེན།
  • ལས་འགུལ།
  • ལག་ཤེས།
    • ལྷ་བཟོ།
    • པར་བརྐོས།
    • མགར་བ།
    • རྫ་བཟོ།
    • ཤོག་བུ་བཟོ་བ།
    • ཤིང་བཟོ་བ།
    • འཚེམ་བཟོ།
    • སྤུ་རིགས་བཟོ་བ།
  • གླུ་གཞས།
    • སྡེ་དགེའི་བྲོ་ཆེན།
    • མགུར་མོ།
    • གླུའི་རིགས།
    • གླིང་བྲོ།
    • ཁེད་(གབ་ཚིག)
    • གཏམ་དཔེ།
  • ངོ་སྤྲོད།

བོད་དུ་བཀའ་གདམས་པའི་གྲུབ་མཐའ་བྱུང་ཚུལ།

འདོན་སྤེལ། 2013/01/28 12:01 PM རྩོམ་པ་པོ། ཨོ་རྒྱན་དོན་འགྲུབ།

བོད་དུ་བཀའ་གདམས་པའི་གྲུབ་མཐའ་བྱུང་ཚུལ།

ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤིའི་གསུང་རབ་ཆེ་བ་བཞིན་ལྡན་གྱི་ལམ་སྒྲོན་འགྲེལ་བ་བཅས་བཀའ་གདམས་ཡིན་པས་རྒྱལ་བའི་ཐེག་པ་ཆེ་ཆུང་གི་བཀའ་མ་ལུས་པ་གང་ཟག་ལ་བཀའ་གདམས་ཞེས་གདམས་པ་དང་། ཡང་བླ་མའི་བཀའ་མན་ངག་ལ་སློབ་མས་ཚོང་འདུས་འོ་མ་ལྟར་བསྲེས་སླད་མི་བྱེད་པ་དང་བཀའ་ཁྲིམས་གཙང་མ་བསྡམས་པས་བཀའ་བསྡམས་དང་། བཀའ་གདམས་པའི་མེས་པོ་འབྲོམ་སྟོན་པས་ཇོ་བོ་གསུང་ལྟར་ཆོས་བདུན་ལ་གདམ་པ་བློ་སྦྱོང་གི་སྐོར་མཛད་པས་ཇོ་བོ་གསུང་ལྟར་ཆོས་བདུན་ལ་གདམ་པ་བློ་སྦྱོང་གི་སྐོར་མཛད་པས་བཀའ་གདམས་པ་བཅས་ཟེར་སྲོལ་བྱུང་བར་གྲགས། ཡང་ཆོས་འབྱུང་ལོ་རྒྱུས་བྱིངས་ལས། རྗེ་རིན་པོ་ཆེས་སྤྱན་སྔ་རིན་ཆེན་འཕེལ་བ་དཀའ་གདམས་ཞེས་བྱ་བའི་དོན་དེ་ཅི་ཡིན་གསུངས་པར་སྤྱན་སྔ་རིན་ཆེན་འཕེལ་གྱིས་ལན་འདེབས་པར་རྒྱལ་བའི་བཀའ་ལས་ཡི་གེ་གཅིག་ཀྱང་བཞག་ཏུ་མེད་པར་གདམས་ངག་ཏུ་གོ་བ་ལ་ཟེར་བ་ཡིན་ཞེས་ཞུས་པས། དེ་ཡིན་དེ་ཡིན་ཞེས་ཐུགས་མཉེས་ཚད་དུ་འཛིན་ནས་བཀའ་གདམས་ཞེས་གྲུབ།

བཀའ་གདམས་གྲུབ་མཐའ་འདི་ཉིད་བོད་དུ་དར་བའི་ཚུལ་ནི་གོང་སྨོས་བསྟན་པ་ཕྱི་དར་གྱི་སྐབས་སུ་བླ་ཆེན་དགོངས་པ་རབ་གསལ་དང་ལོ་ཆེན་བཟང་པོ་རྣམས་གཉིས་ཀྱིས་དྲིན་ལས་མདོ་ཁམས་དང་མངའ་རིས་ཕྱོགས་ནས་བསྟན་པ་སླར་གསོས་པས་དབུས་གཙང་ལྗོངས་སུ་དགེ་འདུན་གྱི་སྡེ་འཕེལ་བར་གྱུར་ཡང་། འགའ་ཞིག་ཏུ་འདུལ་བ་ལ་རབ་ཏུ་མོས་པས་སྔགས་ཕྱོགས་ཁྱད་པཝདུ་བསད་ཅིང་། འགའ་ཞིག་སྔགས་ལ་ལ་རབ་ཏུ་མོས་པས་འདུལ་བའི་ཕྱོགས་ལ་ཁྱད་དུ་བསད་པ་བྱུང་། དེ་ཡང་སངས་རྒྱས་གཅིག་གི་བསྟན་པ་ཕྱོགས་རེ་བ་སོང་། ཕལ་ཆེར་གྲུབ་མཐའ་ཁར་བཤད་ཙམ་ལས་ཐུབ་བསྟན་ཡོངས་སུང་རྫོགས་པ་ཉམས་ལེན་དུ་ཁྱེར་ཤེས་མཁན་ཤིན་ཏུ་དཀོན་པའི་གནས་སུ་གྱུར།

དུས་དེར་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་བོད་ཀྱི་བསྟན་པ་གནས་ཚུལ་དེ་ལྟར་འགྱུར་བར་ཐུགས་མ་གཟོད་པས་རྒྱ་གར་ནས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ཡང་ཡང་གདན་འདྲེན་བྱས་ཏེ་བོད་དུ་ཕེབས་པར་ཞལ་བཞེས། མཐའ་བལ་ལཡུལ་བརྒྱུད་དེ་མངའ་རིས་སུ་བྱོན། སངས་རྒྱས་ཀྱི་བསྟན་པ་ལ་དག་ཐེར་ལེགས་པར་མཛད་པར་གསོལ་བ་བཏབ་པས་མདོ་སྔགས་ཀྱི་གནད་དོན་ཐམས་ཅད་བསྡུས་ཏེ་ཉམས་སུ་ལེན་པའི་རིམ་པར་དྲིལ་བ་གཞུང་བྱང་ཆུང་ལམ་གྱི་སྒྲོན་མ་མཛད་པ་སོགས་བསྟན་པ་རྒྱལ་པར་མཛད་དེ་མངའ་རིས་སུ་ལོ་གསུམ་ཙམ་དང་། སྙེ་ཐང་དུ་ལོ་དགུ། དབུས་གཙང་ལོ་ལྔ་བཅས་བཞུགས་ཤིང་སྐལ་ལྡན་བ་རྣམས་ལ་མདོ་སྔགས་ཀྱི་གཞུང་གདམས་ངག་མ་ལུས་པ་བསྟན་ནས་བསྟན་པའི་སྲོལ་ནུབ་རྣམས་གསར་དུ་བཙུགས། ལོག་པར་རྟོག་པའི་དྲི་མའི་སྦགས་པ་རྣམས་ལེགས་པར་གསལ་ཏེ་བསྟན་པ་རིན་པོ་ཆེར་སྐྱོན་གྱི་དྲི་མ་དང་བྲལ་བར་མཛད་དོ། །

དེར་བཀའ་གདམས་ཀྱི་ལུགས་སྲོལ་ཁྱད་དཔར་ཅན་དེ་ཐོག་མར་དབུ་བརྙེས། ཆོས་བརྒྱུད་ཀྱི་འཕྲིན་ལས་སྤེལ་བའི་སློབ་མ་མཁས་ཤིང་གྲུབ་པ་ཐོབ་པའི་སྐྱེས་བུ་མང་དུ་བྱིན་པ་ལས། ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ་ནི། ཇོ་བོ་རྗེས་བོད་དུ་གདན་འདྲེན་མཁན་ཡིན་ལ། སྔ་རྗེས་སུ་ལོ་བཅུ་དགུ་ཙམ་གྱི་རིང་ཇོ་བོ་རྗེ་ལ་བརྟེན་ནས་གདམས་ངག་ཕལ་ཆེར་ཞུས་ཏེ་འཆད་ཉན་ཀྱི་ཆོས་བརྒྱུད་སྤེལ་བས་ནག་ཚོ་བཀའ་བརྒྱུད་དུ་གྲགས་ཤིང་། གྲུབ་མཐའ་འདིའི་སྲོལ་འབྱེད་གཙོ་བོ་ནི་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཞེས་རྗེ་དཔལ་ལྡན་ཨ་ཏི་ཤའི་ལྟ་བ་རྣལ་མ་རྒྱུད་འཛིན་ཅིང་བཀའ་གདམས་ཀྱི་འཕྲིན་ལས་གཙོ་བོའི་སྲོལ་འབྱེད་པ་པོ་ཡིན་ལ། ཇོ་བོ་རྗེ་སྟོད་ནས་དབུས་སུ་གདན་འདྲེན་ཞུབ་པོ་ཡང་འདི་ཡིན། ཁོང་ནི་རབ་བྱུང་དང་པོའི་གོང་གི་ལོ་སྐོར་ཐ་མའི་ཤིང་འབྲུག་ལོར་བྱང་གཉན་ཆེན་ཐང་ལྷའི་འོག་རྩེ་རུ་ཡབ་རྟ་གསུམ་སྐུ་གཤོན་དང་ཡུམ་ཁུ་འོད་བཟའ་མ་གཉིས་ཀྱི་སྲས་སུ་སྐུ་བལྟམས། ཆུང་དུས་ནས་ཡུམ་གཤེགས་རྗེས། ཡབ་ཀྱིས་མ་ཚབ་གཅིག་བླངས་པས་རྒྱུན་དུ་སྡང་པོ་བྱས་པས་ཁོང་ཉིད་ཕ་ཡུལ་དང་ཁ་བྲལ་ཏེ་ཁམས་སུ་བྲོས་ཕེབས། དེར་བླ་མ་སེར་བཙུན་གྱི་མདུན་དུ་བཞུགས་ནས་ཉིན་མོར་ནང་གཡོག་རྟ་ཕྱུགས་གསོ་ཞིང་། ཕྱེ་འཐག་པ་སོགས་ལས་ཀ་མཛད་པའི་ཞོར་དུ་སློབ་སྦྱོང་དང་མ་བྲལ་བར་འབད་འབུངས་ཆེ་རུ་གནང་། ད་དུང་པཎྜི་ཏ་སྨྲི་ཏི་ལས་སམ་སྐྲི་ཏའི་སྐད་སོགས་སྒྲ་རིག་པའི་གནས་ལ་མཐའ་ཕྱིན་པ་བསླབས།

དེ་ནས་མངའ་རིས་སུ་ཇོ་བོ་ཕེབས་པའི་གཏམ་སྙན་རྣ་བར་གསན་པས་སེ་བཙུན་བལགནང་བ་ཞུས་ཏེ་མངའ་རིས་སུ་བྱོན་གྲབས་མཛད། དེ་ནས་འབྲོམ་ཁམས་ནས་ཐད་ཀར་མངའ་རིས་ཕེབས་ནས་ཡུན་རིང་མ་འགོར་བར་དེར་འབྱོར། སྐབས་དེར་དབུས་གཙང་གི་དགེ་བཤེས་མཁས་པ་དག་ལ་ཇོ་བོ་གདན་འདྲེན་ཞུ་བའི་སྐུལ་མ་དང་ཇོ་བོ་ལ་ནན་གྱིས་ཞུ་བར་མཛད་པས་དབུས་གཙང་དུ་གདན་དྲངས། འབྲོམ་གྱིས་ཇོ་བོ་རྗེའི་ནང་གཡོག་གཙོ་བོ་མཛད་དེ་ལྷ་ས་དང་། བསམ་ཡས། ཡེར་པ། སྙེ་ཐང་སོགས་སུ་ཕེབས་ཞོར་ཆོས་གསུངས་པ་ཐམས་ཅད་གསན་བསམ་གནང་། ད་དུང་ཟབ་མོའི་གདམ་ངག་མ་ཞུས་བར་མཛད། ཇོ་བོ་རྗེའི་སྐུ་མྱ་ངན་ལས་འདས་རྗེས་གདུང་དང་ཕྱག་དཔེ་སོགས་སློབ་མ་ཚོར་གནང་དགོས་ཚད་སྦྱིན་ནས་འབྲོམ་གྱིས་ཇོ་བོའི་སྐུ་གདུང་ཐུགས་དམ་རྟེན་བཅས་ཁྱེར་བ་དང་། ཇོ་བོས་གསོ་སྐྱོང་གནང་བའི་སློབ་མ་ཚོགས་ཁག་གཅིག་ཁྲིད་དེ་རྭ་སྒྲེང་དུ་ཕེབས་ཤིང་དགོན་གནས་སུ་བཏབ། དངུལ་གྱི་མཆོད་རྟེན་ཞིག་བཞེངས་པའི་དང་དུ་ཇོ་བོའི་སྐུ་གདུང་བཞུགས།

སྤྱན་སྔ་ཚུལ་ཁྲིམས་འབར་གྱི་སློབ་མ་བྱ་ཡུལ་པ་སོགས་ལས་སྤྱན་སྔར་བཀའ་བརྒྱུད་གསོ་བོར་བསྐྱངས། ཕྱིས་སྣར་ཐང་པ་གཞོན་ནུ་བློ་གྲོས་ཀྱི་བར་ཆིག་རྒྱུད་དུ་མཛད་ཅིང་། དབུས་གཙང་གི་སའི་ཁྱོན་ཐམས་ཅད་དུ་ཇོ་བོ་བཀའ་གདམས་པའི་བསྟན་འཛིན་སྐྱེས་ཆེན་དུ་མ་བྱོན་ཞིང་ཆོས་བརྒྱུད་རྒྱས་པ་བྱུང་ངོ་། །

སྐབས་དེར་བཀའ་གདམས་ཀྱི་ལུགས་འཛིན་པའི་དགོན་སྡེ་དུ་མས་དབུས་གཙང་གཙང་ཡོངས་སུ་ཁྱབ་ཀྱང་རྗེས་སུ་དགེ་ལུགས་སོགས་གྲུབ་མཐའ་གཞན་ལ་བསྒྱུར་ཞིང་འགྱུར་བ་ཤིན་ཏུ་མང་པོ་ལས། དེང་གི་བར་མ་ཉམས་པར་ལེགས་གནས་ཡོད་པ་ནི་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱིས་ཡེ་ཤེས་རྣམ་འཕྲུལ་ལས་བཏབ་པའི་རྭ་སྒྲེང་དགོན་དང་། གཏུམ་སྟོན་གྱིས་བཏབ་པའི་སྣར་ཐང་དགོན་ཁག་གདེ་དག་མཁན་བརྒྱུད་གསེར་རིའི་ཕྲེང་བ་བཞིན་མ་ཆད་པར་རྫོགས་མེད་བྱོན་ནས་མེས་པོ་དག་གིས་ཆོས་བརྒྱུད་དར་སྤེལ་གཏོང་བར་མཛད་དོ། །

(རྩོམ་སྒྲིག་པ་ཨོ་རྒྱན་དོན་གྲུབ། )

 

བསམ་ཚུལ་འབྲི།

Click here to cancel reply.

' རྩོམ་འོག་མ། བོད་ཀྱི་ལོ་རྒྱུས་ལས་བསྐལ་པ་ཡར་ཐོག་གི་སྐོར།

འབྲེལ་ཡོད་ཀྱི་རྩོམ་གཞན།

  • ༈ གདུང་སེམས་མཉམ་བསྐྱེད་ཞུ་བཞིན་ཡོད།
  • མཁྱེན་བརྩེ་དབང་པོའི་ཐུགས་དམ་གྱི་རྟེན་སྒྲོལ་དཀར་ཞལ་ཐང་གི་སྐོར།
  • རིན་པོ་ཆེ་གཟི་ཡི་རྣམ་བཤད་རགས་རིམ།
  • སྡེ་དགེ་རྒྱལ་པོའི་དབྱར་ཐོངས་ཀྱི་སྤྲོ་སྐྱིད་གླིང་།

ཁྱབ་བསྒྲགས། མང་ ...
    Advertisement
འབྲེལ་མཐུད།
Advertisement
Advertisement
Advertisement
Advertisement
ངོ་དེབ།











  • ཁམས་པའི་དྲ་བ།
  • སྡེ་དགེའི་པར་ཁང་།
  • བོད་ཀྱི་བང་ཆེན།
  • བོད་ཀྱི་དུས་བབ།
  • རྒྱལ་བ་རིན་པོ་ཆེ།
  • ཆུ་སྒང་དྲ་བ།
  • བོད་ཀྱི་ཆ་འཕྲིན།
  • ཨ་རིའི་བརྙན་འཕྲིན།
  • བོད་ཀྱི་གཞས་ཚིག་དྲ་བ།་
  • དྲི་བ་དྲིས་ལན་དྲ་བ།
  • བོད་ཀྱི་འཕྲུལ་དེབ་དྲ་བ།
  • སམ་བྷོ་ཏྲ་དྲ་བ།།
  • འོད་ཟེར་དྲ་བ།
  • བོད་གཞུང་དྲ་བ།
  • སེང་རྡོར་དྲ་བ།།
  • སྨོན་ལམ་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • སྐར་ཁུང་དྲ་བ།
  • གེ་སར་རིག་གནས་དྲ་བ།
  • ཕ་ཡུལ་དྲ་བ།
  • སྤྱི་འཐུས་དྲ་བ།
  • འཛི་སྒར་དྲ་བ།
  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་།
  • © 2020 Dege Gyalyong welfare Society
  • House # D-44, New Tibetan Camp. New Aruna Nagar, Majnu-ka-tilla, Delhi-110054, India.
  • E-mail: [email protected] Tel. 01123815056 Mb: +9717153449

བཟོ་སྐྲུན་པ། བསྟན་འཛིན་ཆོས་གྲགས།