བོད་ཀྱི་སྒྲུང་ཞེས་པའི་པར་རིས་འགེྲམས་སྟོན།
སྤྱི་ལོ་༢༠༡༦/སྤྱི་ཟླ་༠༢པའི་ཚེས་༡༨ནས་༢༠་བར་ཉིན་གསུམ་གྱི་རིང་ལ་ཡོ་རོབ་ཞིབ་འཇུག་ཚན་པའི་European research council E.R.C མཐུན་འགྱུར་དང་ཧི་མ་ལ་ཡའི་རིག་གཞུང་ཞིབ་འཇུག་བལྟི་གནསcenter d’etude himalaya C.E.H.ཁང་གིས་གོ་སྒྲིག་འོག་རྒྱུན་ལྡན་ལོ་བཞི་རེའི་མཚམས་སུ་བོད་ཁམས་ཁུལ་གྱི་རིག་གནས་ཡུལ་སྲོལ་ཆ་ལུགས་བཅས་བརྗོད་བྱ་སྣ་མང་སྟེང་དུ་ཚན་རིག་དང་མཐུན་པའི་ཞིབ་འཇུག་ཚོགས་འདུ་རེ་འཚོགས་ཀྱི་ཡོད་པ་ལྟར་ད་ཐེངས་གཙོ་བོར་རྒྱ་བོད་ས་མཚམས་དང་ཁམས་ཁུལ་ས་ཁྲའི་འབྲེལ་བའི་བརྗོད་གཞིའི་ཐོག་བགྲོ་གླེང་ཚོགས་འདུ་དེ་ཧྥ་རན་སེའི་རྒྱལ་ས་པ་རི་སིར་འཚོགས་ཡོད་ཅིང་ཞིབ་འཇུག་པ་ཁྱོན་བསྡོམས་མི་གྲངས་ ༢༠ མཉམ་བཞུགས་བྱས་ཡོད་པའི་ནང་ནས་ཟི་ཁྲོན་མི་རིགས་སློབ་ཆེན་གྱི་དགེ་རྒན་གཡུ་དྲུང་མཚོ་དང་མོ་སི་ག་པོའི་མི་རིགས་སློབ་ཆེན་གྱི་དགེ་རྒན་བསྟན་འཛིན་སྤྱིན་པ། ཨ་རིའི་རྦའུ་པ་ཋི་སློབ་ཆེན་སློབ་མ་པར་པ་དང་གློག་བརྙན་བཟོ་སྐྲུན་པ་ཟླ་བ་སྒྲོལ་མ་དང་སྡེ་ཆེན་བླ་མ་སོགས་ཞུགས་ཡོད།
ཚོགས་འདུའི་འགོ་འཛུགས་དང་མཇུག་བསྡོམས་ཉིན་གཉིས་ལ་མཁས་དབང་མཁར་རྨེའུ་བསམ་གཏན་རྒྱལ་མཚོ་མཆོག་ཀྱང་ཕེབས་ཡོད་ཅིང་མཇུག་བསྡོམས་སྐབས་ལ་མཉམ་ཞུགས་པ་ཡོངས་ལ་ཁོང་གིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་ཀྱང་གནང་ཡོད་འདུག །
དེའི་རྗེས་ཀྱི་ཚེས་ ༢༡ སྟེ་རེ་གཟའ་ཉི་མའི་ངལ་གསོའི་དུས་སྐབས་དང་བསྟུན་ནས་ཟླ་བ་སྒྲོལ་མས་”བོད་ཀྱི་སྒྲུང”ཞེས་པའི་ཁ་བྱང་ཅན་གྱི་མོ་རང་གི་པར་རིས་འགྲེམས་སྟོན་ཞིག་དང་བློ་དཀར་གྱི་རྫུན་དང་རྫོང་སར་འཇིམ་བཟོའི་སྐོར་གྱི་བརྙན་ཐུང་གཉིས་ཀྱང་ཧྥ་རན་སེར་གནས་སྡོད་བོད་རིགས་ཚོ་གཙོས་བོད་ཀྱི་རིག་གནས་ལ་ཐུགས་སྣང་གནང་མཁན་རྣམས་ལ་རིན་མེད་ཐོག་གཟིགས་འབུལ་ཞུས་འདུག ། པར་རིས་དག་ནི་བོད་ཁམས་སྡེ་དགེའི་ཡུལ་གྱི་ལག་ཤེས་སྒྱུ་རྩལ་ཁོར་ཡུག་དང་བྲོ་གླུ་སོགས་ཀྱི་བརྗོད་བྱ་བྱས་པ་ཤ་སྟག་རེད་འདུག ། མཐའ་མང་ཚོགས་ནས་པར་རིགས་དང་གློག་བརྙན་སྐོར་དྲིས་བར་ལན་འདེབས་བྱས་པ་དང་བོད་རིགས་བུ་མོ་ཟླ་བ་སྒྲོལ་མའི་པར་རིས་དང་གློག་བརྙན་བཅས་ཀྱི་སྒྱུ་རྩལ་གྱི་ཉམས་ལ་མང་ཚོགས་ནས་ཧ་ཅང་ཚད་མཐོ་བའི་བསྟོད་བསྔགས་དང་གདེངས་འཇོག་གནང་སོང་། ཟླ་བ་སྒྲོལ་མ་ནི་༡༩༩༠ ལོར་ཁམས་སྡེ་དགེ་སྨན་ཤོད་དུ་སྐྱེས། ཆུང་དུས་སྡེ་དགེ་རྫོང་སློབ་ཆུང་སློབ་གྲྭ་རུ་ཞུགས། རྗེས་སུ་ཆིང་ཧེ་སློབ་ཆེན་དུ་ཞུགས་ནས་དབྱིན་ཡིག་སོགས་སྦྱངས། ༢༠༡༢ལོ་ནས་ད་ལྟའི་ཆར་ཨ་རིའི་མངའ་ཁུལ་རྦོ་སི་ཏན་གྱི་ཉེ་འཁྲིས་སུ་གནས་པའི་རྦའུ་པྭ་ཋི་སློབ་གླིང་དུ་ཚང་ལས་སྐོར་སློབ་སྦྱང་བྱེད་མུས་ཡིན་འདུག ད་ལྟའི་བར་ཁོ་མོས་སྔ་ཕྱི་གློག་བརྙན་བཟོས་པ་དང་པར་རིས་བརྒྱབས་པ་དག་ལ་རྒྱལ་སྤྱི་དང་རྒྱ་ནག་སོགས་ནས་ཆེ་བསྟོད་གཟེངས་རྟགས་ཀྱང་དུ་ཞིག་ཐོབ་མྱོང་ཡོད་འདུག ། ས་གནས་ནས་གནས་ཚུལ་མཁོ་གཏོང་པ། གཙང་པ་བཀྲ་སྟོབས། ཡོང་ཁུངས་སྡེ་དགེ་དྲ་བ།
བསམ་ཚུལ་འབྲི།
འབྲེལ་ཡོད་ཀྱི་རྩོམ་གཞན།
- སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་དབུས་རྒྱུན་སྐབས་ ༣ པའི་ལོ་འཁོར་༣ གྱི་ལས་བསྡོམས་སྙིང་བསྡུས།
- ཨ་ཧྥི་ཏབ་ཀརྨ་སིང་པུ་རེ་ཝལ་ (Aftab Karma Singh Pureval) ལགས་ཨ་རིའི་གྲོང་ཁྱེར་སིན་སི་ན་ཊི་( Cincinnati) ཡི་སྤྱི་ཁྱབ་གྲོང་ཁྱེར་དཔོན་པོའི་གོ་གནས་ཀྱི་རྒྱལ་ཁ་ཐོབ་པ།
- བོད་ཕྲུག་༢༧་ལ་སྲིད་སྐྱོང་གི་སློབ་ཡོན་གཟེངས་རྟགས་ཐོབ་པའི་ནང་རང་རེ་སྡེ་དགེ་བའི་སློབ་མ་གཅིག་ཡོད་པ་རེད།
- སྡེ་དགེ་ཆོས་རྒྱལ་ཆེན་པོའི་བཀའི་མདུན་ན་འདོན་གྱང་ཁང་དགེ་སྟོབས་ལགས་ཀྱི་ལོ་རྒྱུས།
- དབུས་རྒྱུན་སྐབས་གསུམ་པའི་ཚོགས་ཐེངས་གཉིས་པ་དེ་བསྐོང་ཚོགས་གནང་