English

  • མདུན་ངོས།
  • རྒྱལ་རབས།
  • ལོ་རྒྱུས།
    • ལུང་ཚན།
    • གནས་རི།
    • བྲག་ནགས་མཚོ།
    • སྣ་ཚོགས།
  • དགོན་སྡེ།
    • སྡེ་དགེའི་དབུ་ཁག་ལྔ།
    • གཡུང་དྲུང་བོན།
    • སྔ་འགྱུར་རྙིང་མ།
    • རྒྱལ་བ་བཀའ་བརྒྱུད།
    • དཔལ་ལྡན་ས་སྐྱ།
    • རི་བོ་དགེ་ལུགས།
  • པར་ཁང།
  • མི་སྣ།
    • སྐྱེས་ཆེན་དམ་པ།
    • ཤེས་ལྡན་མཁས་པ།
    • རླབས་ཆེན་མི་སྣ།
    • རྩོམ་པ་པོ།
    • ལྷ་པ།
    • སྒྲུང་པ།
    • གཞས་པ་གཞས་མ།
    • གྲགས་ཅན་མི་སྣ་གཞན།
  • ཆས་གོས།
    • རྒྱལ་བློན།
    • ཕོ་ཆས།
    • མོ་ཆས།
  • ཡུལ་སྲོལ།
    • བཟང་ངན་བརྩི་སྲོལ།
    • འབྲོག་པ།
    • རོང་པ།
    • རོང་མ་འབྲོག
    • ཡུལ་སྲོལ་ཁག་ཅིག
    • དུས་ཆེན།
  • ལས་འགུལ།
  • ལག་ཤེས།
    • ལྷ་བཟོ།
    • པར་བརྐོས།
    • མགར་བ།
    • རྫ་བཟོ།
    • ཤོག་བུ་བཟོ་བ།
    • ཤིང་བཟོ་བ།
    • འཚེམ་བཟོ།
    • སྤུ་རིགས་བཟོ་བ།
  • གླུ་གཞས།
    • སྡེ་དགེའི་བྲོ་ཆེན།
    • མགུར་མོ།
    • གླུའི་རིགས།
    • གླིང་བྲོ།
    • ཁེད་(གབ་ཚིག)
    • གཏམ་དཔེ།
  • ངོ་སྤྲོད།

བོད་ཀྱི་གྲྭ་པས་བྱིས་པ་ནམ་བརྐུས་ནི་རེད།

འདོན་སྤེལ། 2015/09/1 5:15 AM རྩོམ་པ་པོ།

བོད་ཀྱི་གྲྭ་པས་བྱིས་པ་ནམ་བརྐུས་ནི་རེད།

ཡ་བྲང་གཡུ་འབྲུག

གཅིག

ཉིན་འདི་དག་གི་རིང་ལ་དྲྭ་ལམ་སོ་སོར་བོད་ཀྱི་གྲྭ་བ་གཉིས་ཀྱིས་བྱིས་པ་གཉིས་བརྐུས་པའི་གསར་འགྱུར་ཞིག་གང་སར་སྤུར། ཁུངས་ལུང་དང་གནས་ཚུལ་ལ་རྩད་ཞིབ་མེད་པར་བོད་པ་མང་པོ་ཞིག་གིས་ཅི་ཞིག་ཤེས་མདོག་གིས།  གསར་འགྱུར་དེ་ཉིད་གང་སར་ཁྱབ་བསྒྲགས་བྱས་པ་མ་ཟད།  ཐ་ན་བོད་པ་རང་གིས་རྒྱ་ཡིག་ཏུ་བསྒྱུར་ཏེ་འཕྲིན་ཕྲན་གྱི་སྤྱི་སྟེགས་རྣམས་སུ་ཡང་བསྐུར།   འདི་ནི་མི་རིགས་གཞན་པའི་མིག་མདུན་དུ་བོད་པ་ཚོས་རང་རྣ་རང་གིས་བཅད་པའོ།།

སྐབས་དེར།  ཕྲན་གྱིས་གནས་ཚུལ་དེ་ཉིད་རྫུན་མ་ཡིན་པ་གསལ་པོ་ཤེས་ཀྱང་།  དེ་རིང་བར་གསལ་བཤད་ཅི་ཡང་བྱ་ཐབས་མ་བྱུང་།  རྒྱུ་མཚན་ནི།  དུས་ཀྱི་སྔ་ཕྱི་ཙམ་གྱིས་བདེན་པ་ལྷང་ལ་འབུད་ངེས་པར་ཡིད་ཆེས་པ་དང་།   གཞན་ཡང་རེ་ཞིག་གནས་ཚུལ་གྱི་ཐོག་ཐ་བར་གསུམ་ཕྱི་གསལ་ནང་གསལ་བྱུང་མེད་པས་རེ་ཞིག་འགྱངས།

ཏག་ཏག་དུས་དེ་རིང་།  གནས་ཚུལ་དེ་ཉིད་ནི་ཞི་བདེ་དང་མཛའ་མཐུན་ངང་།  གྲྭ་བཙུན་རྣམ་གཉིས་ལ་མ་ཉེས་ཁ་གཡོག་ཕོག་པའི་གནས་ཚུལ་གསལ་པོ་བྱུང་བས།   ད་ནི་འདིའི་སྐོར་གཞི་ནས་དྲ་བར་སྤེལ་བ་ཡིན།

གཉིས།

དེ་ཡང་གྲྭ་བཙུན་ཁོང་རྣམ་པ་གཉིས་ནི། ཀུན་མཁྱེན་ཀརྨ་ཆགས་མེད་ཀྱི་གདན་ས་ཐོག་མ་སྟེ།   ལོ་ངོ་སུམ་བརྒྱ་ལྷག་ཙམ་གྱི་ལོ་རྒྱུས་ཡོད་ཅིང་། སྔར་དགའ་ལྡན་ཕོ་བྲང་སྐབས་སུ་སྡེ་དགེའི་ལྷོ་སྡེ་ཕྱི་འབྲོག་ཁག་ལྔའི་ནང་ཚན་མདོ་གཞུང་ན་ཡོད་པའི“གནས་མདོ་དགོན”པའི་གྲྭ་འབངས་ཡིན་ལ། དེང་གི་ས་ཁོངས་ལྟར་ན་བོད་འཇོ་མདའ་རྫོང་གཏེར་སྟོན་ཡུལ་ཚོ་ཡིན་པ་རེད།

སྤྱིར་བཏང་ཁོང་རྣམ་གཉིས་ནི་ཕྱི་ཚུལ་གྱི་དང་བ་འདྲེན་ཞིང་ནང་ཚུལ་གྱི་འདུལ་ཁྲིམས་གཙང་བའི་གྲྭ་བཙུན་གཉིས་ཡིན་ཁར། སྔར་གྱི་ཡུལ་སྲོལ་དུ་གྲྭ་རྐྱང་རྣམས་འཚོ་བའི་མཐུན་རྐྱེན་དམིགས་ནས། དབྱར་དུས་དཀར་ལྡོམ་དང་དགུན་དུས་འབྲུ་ལྡོམ(དཀར་བསོད་དང་ནས་བསོད)ཞེས་འགྲོ་སྲོལ་ཡོད་པ་གཞིར་བཞག   ཁོང་རྣམ་གཉིས་ཀྱང་ད་ཐེངས་དཀར་ལྡོམ་དུ་བོད་ཀྱི་བྱང་སྡེ་རྫ་སྟོད་ཕྱོགས་སུ་ཕེབས་པ་དང་བསྟུན། དེའི་ཕྱོགས་ཀྱི་བྱིས་པ་གཉིས་ཆུ་བོའི་ཕ་རོལ་ཏུ་བགྲོད་པར་དཀའ་ངལ་འཕྲད་པར་གཟིགས་ཏེ་འཕྲུལ་རྟའི་འཕོངས་སུ་བཞག  དུས་དེ་དང་བསྟུན་ཏེ་ཡུལ་དེའི་གཞོན་པ་མང་པོ་ཞིག་གིས་བསམ་ལོང་འདྲི་ལོང་མེད་པར་སྐད་འབོད་བྱེད་བཞིན།   གྲྭ་བཙུན་རྣམ་གཉིས་ལ་ཉེས་རྡུང་དང་བརྙས་སྨོད་ཚབས་ཆེན་བྱས་ཏེ་པར་དུ་བཏབ། བརྙན་དུ་བླངས། འཕྲིན་ཕྲན་དུ་བསྐུར་ཏེ་གྲྭ་བཙུན་རྣམ་གཉིས་རྫ་སྟོད་རྫོང་གི་ཉེན་རྟོག་པར་རྩིས་སྤྲད།

བདུད་འདུལ་སྤྲུལ་སྐུས་མདོ་གཞུང་གན་པའི་གྲགས་པར་མཇལ་དར་འབུལ།

དུས་དེ་དང་ཅུང་མ་འགོར་བར་བོད་ཕྱི་ནང་གཉིས་ཀྱིས་དེ་ཉིད་བརྒྱུད་བསྐུར་དང་དགག་རྒྱག་ཚ་པོ་བྱས་ཏེ།  བོད་མི་རིགས་དང་བོད་པའི་གྲྭ་བཙུན་སྤྱིའི་ངོ་གདོང་ལ་དམའ་ཕབ་པའི་ཁར།  མི་སྒེར་གྱི་རྩིས་ཐང་རྡོག་རོལ་བཏང་།  འདི་ནི་བོད་མི་རིགས་ཀྱི་ལ་རྒྱ་ཆུར་གཡུགས་པ་དང་རླུང་ལ་བསྐུར་པ་སྟེ།  ཅི་འདྲའི་མི་འོས་པ་ཞིག་རེད་ཨང་།

གསུམ།

ལར་དེང་གི་དུས་འདིར། གྲྭ་བཙུན་རྣམ་གཉིས་དཀར་ལྡོམ་ལ་འགྲོ་བ་ནི་ནོར་འཁྲུལ་གྱི་མཛད་པ་ཞིག་ཡིན་པ་ང་ཚོས་མི་འདོད་བཞིན་དུ་ངོས་འཛིན་རིགས་མོད།  གཞན་ཕན་དང་བྱམས་བརྩེ་ནི་ནང་པ་སངས་རྒྱས་པའི་བསླབ་བྱར་གཏོགས་ན། གྲྭ་བཙུན་གཉིས་པོས་ཆུ་བོ་བརྒལ་བར་དཀའ་ངལ་འཕྲད་པའི་བྱིས་པ་གཉིས་འཕྲུལ་རྟའི་འཕོངས་སུ་བཞག་པ་ནི་ནོར་འཁྲུལ་ཡིན་ཞེས་སུ་ཡིས་སྨྲ་སྤོབས།

གང་ལྟར། ཟླ་འདིའི་སྤྱི་ཚེས༢༧ཉིན་གྱི་ཕྱི་དྲོ་ཙམ་ལ། གྲྭ་པ་གཉིས་ཀྱིས་བྱིས་པ་བརྐུས་པའི་གནས་ཚུལ་དེ་ཉིད་རླུང་ལས་མྱུར་བའི་དྲྭ་སྟེང་དུ་དྲིལ་བསྒྲགས་བྱས་པར་བརྟེན།  བོད་ཡུལ་སྟོད་སྨད་བར་གསུམ་དུ་འཚོ་བའི་གྲྭ་བཙུན་གཉིས་ཀྱི་ཤ་རུས་གཅིག་པའི་ཕུ་ནུ་མང་པོའི་སེམས་པ་སྡུག་ཅིང་དངངས།  གློ་བ་དྲག་ཏུ་ཁྲོས་ཏེ།  ཤི་གསོན་གཉིས་ཀྱི་ལས་དེར་ཤ་ཁྲག་གི་འགྲོ་གྲོན་འཆོར་ཡང་སྣང་མེད་བྱ་ཐབས་བྲལ་བའི་གྲབས་གཤོམ་པའི་ཚེ།   ལྷ་བླ་མའི་བྱིན་རླབས་ཀྱིས་ཕ་ཨ་ཁུ་དག་གིས་ཡང་ཡང་གྲོས་བསྡུར་པ་ལས།  སྤྱིར་བོད་གངས་ཅན་གྱི་གནས་སྟངས་དང་སྒོས་རྒྱུ་རྐྱེན་འདི་ཡི་འབྱུང་རྩ་སོགས་ལ་བསམ་གཞིག་གནད་སྨིན་མཛད་དེ། མཐར་ཞི་བ་དང་མཛའ་མཐུན་གྱིས་སྦྲེལ་ལམ་འཛུགས་པར་དམ་བཅས་པས།

སྤྱི་ཚེས༢༨ཉིན་འགོ་བཙུགས་ཏེ།  གྲྭ་བཙུན་གཉིས་ཀྱི་ཤ་རུས་གཅིག་པའི་ཕུ་ནུ་མང་པོ་ལྷ་ས་དང་། ནག་ཆུ། སྡེ་དགེ། མགོ་ལོག ཆུ་མ་ལེབ་སོགས་ནས་རྫ་སྟོད་དུ་རྡོག་ཐོན་བྱས་ཤིང་།  ད་དུང་འཇོ་མདའ་རྫོང་དང་གཏེར་སྟོན་ཡུལ་ཚོ།  གནས་མདོ་དགོན་པའི་འགན་ཁུར་མི་སྣ་རྣམས་ཀྱང་དུས་ཐོག་ཏུ་འབྱོར་ནས།  དོན་འདིའི་ཐག་གཅོད་བྱ་བར་མ་གྲོས་གཅིག་ཏུ་འཛོམས།

བཞི།

སྤྱི་ཚེས༢༩དང༣༠གཉིས་སུ། རྫ་སྟོད་རྫོང་དང་འཇོ་མདའ་རྫོང་གི་འགོ་ཁྲིད་དང་ཕྱོགས་གཉིས་ཀྱི་མཐུས་མི་དག་གིས་འདུམ་འགྲིག་བྱས་ཏེ།  ཕན་ཚུན་ཞི་བདེའི་ངང་རྫ་སྟོད་ཕྱོགས་ཀྱི་བྱིས་པའི་ནང་མི་གཙོས་པའི་གནད་ཡོད་མི་སྣ་ཚོས་ནོར་འཁྲུལ་ངོས་འཛིན་དང་།  གྲྭ་བཙུན་རྣམ་གཉིས་ལ་ཉེས་མེད་ཉེས་འགེབས་ཡིན་པའི་དཀར་འདོན་བདེན་དཔང་གནང་བ་སྟེ། བོད་རང་གི་སྲོལ་རྒྱུན་བཞིན། “རྟ་ཕོ་མགྱོགས་པའི་མགྱོགས་དར་དང་།  མི་ཕོ་དཀར་བའི་དཀར་རྟེན”དུ།  དྲྭ་ལམ་དུ་གསར་འགྱུར་ཆེས་ཐོག་མ་གཏོང་མཁན་གྱི་སྤྲུལ་སྐུ་བདུད་འདུལ་ལགས་ཀྱིས་ནོར་འཁྲུལ་ངོས་ལེན་དང་བཅས།  མི་དམངས་ཤོག་སྒོར་འབུམ་གཉིས་དང་ཁྲི་ལྔ་འབུལ་རྒྱུ་དང་། མདོ་གཞུང་གཙོས་པའི་ཡུལ་ལུང་གང་ས་ནས་ཕེབས་པའི་ཕུ་ནུ་ལྷན་རྒྱས་ཀྱི་འགྲོ་སོང་མཐའ་དག་རྫ་སྟོད་རྫོང་སྲིད་གཞུང་གིས་ཕུད་རྒྱུ།   མ་ཟད་སྔ་ནད་ཕྱི་འཁོན་གང་ཡང་མེད་པར་བཟོས་ཏེ།   དོ་བདག་སོ་སོ་ནས་དྲི་མེད་ཁ་བཏགས་ཀྱི་མཛའ་མཐུན་བདེ་ལེགས་དབུལ་བཞིན་གྲྭ་བཙུན་རྣམ་གཉིས་ཕྱིར་རང་ཡུལ་ལ་བདེ་ཐང་ངང་གདན་འདྲེན་ཞུས།

གཞན་ཡང་།  ཟླ་འདིའི་ཚེས༣༡ཉིན་བྱིས་པ་གཉིས་ཀྱི་ནང་མིས་ཕུ་ནུ་ལྷན་རྒྱས་ལ་གསོལ་སྟོན་གྱ་ནོམ་པ་ཞིག་བཤམས་ཤིང་།  མ་འོངས་པའི་དུས་སུ་འདི་དང་འདི་ལྟ་བུའི་རི་བོང་ཅལ་འདྲོགས་ཀྱི་རྗེས་སུ་མི་འགྲོ་བར། བོད་གངས་ཅན་གྱི་ཕུ་ནུའི་འདུན་མ་མཉམ་དུ་བསྡེབས་ཏེ།  ཁ་བ་རི་བའི་དབུ་འཕང་དགུང་ལས་མཐོ་བའི་སྐྱབས་འཇུག་ཡང་ཡང་ཞུས་ཡོད་པ་རེད།  དེས་ན།   རྗེས་མའི་ཆར་ཡང་བོད་ཀྱི་ཡུལ་གྲུ་སོ་སོར་དོན་དག་ག་རེ་འབྱུང་ཡང་། དོན་དངོས་གནས་ཚུལ་མ་རྟོགས་པར།  མི་རིགས་དང་མི་སྒེར་ལ་གནོད་ཚབས་ཆེ་བའི་དྲིལ་སྒྲོག་འདི་རིགས་ལ་འཇུག་མི་འོས་པའི་གསོལ་འདེབས་དང་རེ་སྐུལ་བཅས།

༢༠༡༥.༨.༣༡ཉིན་ཡ་བྲང་གཡུ་འབྲུག་གིས་ཕུལ་བའོ། །

བསམ་ཚུལ་འབྲི།

Click here to cancel reply.

' རྩོམ་འོག་མ། སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་ངོ་སྤྲོད་སྙིང་བསྡུས།

འབྲེལ་ཡོད་ཀྱི་རྩོམ་གཞན།

  • དུས་རབས་སྔ་ཕྱིའི་ནང་གི་སྡེ་དགེའི་བོད་སྨན།
  • སྡེ་དགེའི་ཐུན་མོང་མ་ཡིན་པའི་བོད་ཤོག་བཟོ་རྩལ།
  • སྡེ་དགེའི་ཀུ་ཚེ་ཡུལ་དུ་ཤིང་པར་བརྐོ་སྲོལ་བྱུང་བ། ཁ་རྒྱབ་ཉི་མ།
  • བག་མའི་རྟ་ཁ་ལེན་དུས་ཀྱི་བཤད་པ། རབ་བརྟན་དགེ་ལེགས།
  • ཚུལ་ཁྲིམས་བློ་གྲོས་ནི་ཅི་ཞིག་རེད། སྡེ་དགེ་ཟླ་ཡག

ཁྱབ་བསྒྲགས། མང་ ...
    Advertisement
འབྲེལ་མཐུད།
Advertisement
Advertisement
Advertisement
Advertisement
ངོ་དེབ།











  • ཁམས་པའི་དྲ་བ།
  • སྡེ་དགེའི་པར་ཁང་།
  • བོད་ཀྱི་བང་ཆེན།
  • བོད་ཀྱི་དུས་བབ།
  • རྒྱལ་བ་རིན་པོ་ཆེ།
  • ཆུ་སྒང་དྲ་བ།
  • བོད་ཀྱི་ཆ་འཕྲིན།
  • ཨ་རིའི་བརྙན་འཕྲིན།
  • བོད་ཀྱི་གཞས་ཚིག་དྲ་བ།་
  • དྲི་བ་དྲིས་ལན་དྲ་བ།
  • བོད་ཀྱི་འཕྲུལ་དེབ་དྲ་བ།
  • སམ་བྷོ་ཏྲ་དྲ་བ།།
  • འོད་ཟེར་དྲ་བ།
  • བོད་གཞུང་དྲ་བ།
  • སེང་རྡོར་དྲ་བ།།
  • སྨོན་ལམ་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • སྐར་ཁུང་དྲ་བ།
  • གེ་སར་རིག་གནས་དྲ་བ།
  • ཕ་ཡུལ་དྲ་བ།
  • སྤྱི་འཐུས་དྲ་བ།
  • འཛི་སྒར་དྲ་བ།
  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་།
  • © 2020 Dege Gyalyong welfare Society
  • House # D-44, New Tibetan Camp. New Aruna Nagar, Majnu-ka-tilla, Delhi-110054, India.
  • E-mail: [email protected] Tel. 01123815056 Mb: +9717153449

བཟོ་སྐྲུན་པ། བསྟན་འཛིན་ཆོས་གྲགས།