English

  • མདུན་ངོས།
  • རྒྱལ་རབས།
  • ལོ་རྒྱུས།
    • ལུང་ཚན།
    • གནས་རི།
    • བྲག་ནགས་མཚོ།
    • སྣ་ཚོགས།
  • དགོན་སྡེ།
    • སྡེ་དགེའི་དབུ་ཁག་ལྔ།
    • གཡུང་དྲུང་བོན།
    • སྔ་འགྱུར་རྙིང་མ།
    • རྒྱལ་བ་བཀའ་བརྒྱུད།
    • དཔལ་ལྡན་ས་སྐྱ།
    • རི་བོ་དགེ་ལུགས།
  • པར་ཁང།
  • མི་སྣ།
    • སྐྱེས་ཆེན་དམ་པ།
    • ཤེས་ལྡན་མཁས་པ།
    • རླབས་ཆེན་མི་སྣ།
    • རྩོམ་པ་པོ།
    • ལྷ་པ།
    • སྒྲུང་པ།
    • གཞས་པ་གཞས་མ།
    • གྲགས་ཅན་མི་སྣ་གཞན།
  • ཆས་གོས།
    • རྒྱལ་བློན།
    • ཕོ་ཆས།
    • མོ་ཆས།
  • ཡུལ་སྲོལ།
    • བཟང་ངན་བརྩི་སྲོལ།
    • འབྲོག་པ།
    • རོང་པ།
    • རོང་མ་འབྲོག
    • ཡུལ་སྲོལ་ཁག་ཅིག
    • དུས་ཆེན།
  • ལས་འགུལ།
  • ལག་ཤེས།
    • ལྷ་བཟོ།
    • པར་བརྐོས།
    • མགར་བ།
    • རྫ་བཟོ།
    • ཤོག་བུ་བཟོ་བ།
    • ཤིང་བཟོ་བ།
    • འཚེམ་བཟོ།
    • སྤུ་རིགས་བཟོ་བ།
  • གླུ་གཞས།
    • སྡེ་དགེའི་བྲོ་ཆེན།
    • མགུར་མོ།
    • གླུའི་རིགས།
    • གླིང་བྲོ།
    • ཁེད་(གབ་ཚིག)
    • གཏམ་དཔེ།
  • ངོ་སྤྲོད།

བོད་ཀྱི་ཁ་བཏགས་བྱུང་འཕེལ་སྐོར་རགས་ཙམ་བཤད་པ།

འདོན་སྤེལ། 2014/07/13 1:01 PM རྩོམ་པ་པོ།

བོད་ཀྱི་ཁ་བཏགས་བྱུང་འཕེལ་སྐོར་རགས་ཙམ་བཤད་པ།

ཨ་སྐྱབས་རྒྱལ་སྲས་ཚང་།

དེ་ཡང་ཁ་བཏགས་ནི་བོད་ཀྱི་སྤྱི་ཚོགས་འཚོ་བའི་ཁྲོད་སྔ་མོ་ནས་དར་ཞིང་། ལྷ་མཇལ། མགྲོན་བསུ་སོགས་གང་ལ་ཡང་མེད་དུ་མི་རུང་བའི་བཀྲ་ཤིས་བདེ་ལེགས་ཞུ་བའི་དགེ་མཚན་མང་བོ་མཚོན་བྱེད་ཀྱི་རྫས་ཞིག་ཡིན་ནོ།།
1.ཁ་བཏགས་ཀྱི་འབྱུང་ཁུངས།
གནའ་དུས་སུ་རྒྱ་གར་བས་ལྷ་ཁང་རྟེན་གསུམ་ལ་མཆོད་མཇལ་དུ་འགྲོ་སྐབས་དང་། ཡང་ན་བླ་མ། དགེ་འདུན་ལ་བསྙེན་བཀུར་རམ་ཡོན་འབུལ་སྐབས་ན་བཟའ་རེ་འབུལ་སྲོལ་ཡོད་པ་དེ་བཞིན་དུ་བོད་ལ་ཡང་ཆོས་རྒྱལ་སྲོང་བཙན་སྒམ་པོའི་རིང་བོད་ཁམས་སྤྱིའི་ཁམས་བཀོལ་དུ་རུང་བའི་བོད་ཡིག་གསར་དུ་མཛད་པར་བརྟེན། རྒྱ་གར་དང་ཁ་ཆེ་སོགས་ནས་རིག་གནས་ཀྱི་ལེགས་ཆ་བསྡུ་ལེན་དང་སངས་རྒྱས་ཀྱི་ཆོས་ལུགས་དར་སྤེལ་བཏང་ནས་བཟུང་རིམ་རྗེས་བོད་ཀྱིས་རྒྱ་གར་བའི་ན་བཟའི་དོད་དུ་ཁ་དར་གོས་དར་རེ་འབུལ་བའི་སྲོལ་འདི་ཡང་དར་བར་འདོད།
2.ཁ་བཏགས་ཞེས་པའི་མིང་ཐོགས་ཚུལ།
ས་སྐྱ་གོང་མ་དང་མཆོད་ཡོན་གྱི་འབྲེལ་བྱུང་ནས་བཟུང་རྒྱ་ནག་དང་སོག་པོའི་ཡུལ་དུ་ཁ་བཏགས་དར་བར་ངེས་ལ། རྒྱ་སོག་གིས་བོད་སྐད་ཀྱི་བརྡ་ཇི་བཞིན་མ་ཐོན་པས་ཁ་དར་ལ། ཧ་བཏགས་སམ་ལ་བཏགས་ཞེས་བརྗོད་པར་བརྟེན་ཕྱིར་རབས་པ་རྣམས་ཀྱིས་ཁ་དར་གྱི་མིང་དེ་ཁ་བཏགས་སུ་ཟུར་ཆག་པ་ཨེ་ཡིན་སྙམ།
3.ཁ་བཏགས་ཀྱི་གྲུབ་རྒྱུ།
ལྷ་རྫས་སམ་ཁ་བཏགས་ཀྱི་གྲུབ་རྒྱུ་ནི་སྲིན་བུའི་ཁ་མཆི་དར་སྐུད་དེ་སྲིན་བལ་གྱིས་བཟོས་པའི་གོས་དར་ཁ་ཚར་ཅན་ཞིག་ཡིན་ལ། ཁ་མདོག་གི་ཆ་ནས་དྭངས་གཙང་གི་དཀར་བོ་དང་། ལྷད་མེད་ཀྱི་སེར་བོ་རྒྱུགས་ཆེ་བས་རང་གི་དག་སེམས་མཚོན་བྱེད་ཡིན་ནོ།། ཁ་བཏགས་ཀྱི་སྟེང་དུ་སྤྲིན་རིས་དང་། རྒྱལ་བ་རིགས་ལྔའི་སྐུ་པར།   སྒྲོལ་མའི་སྐུ་པར་སོགས་རི་མོ་ཅི་རིགས་བཀོད་ཡོད།
4.ཁ་བཏགས་ཀྱི་རྣམ་གྲངས།
ཁ་བཏགས་ལ་ཡང་སྤུས་ལེགས་མིན་གྱི་རྣམ་གྲངས་མང་བོ་ཞིག་མཆིས་ཏེ། དང་བོར་དར་བའི་ཁ་བཏགས་ནང་མཛོད་མ་རིག་གཉིད་སངས་མ་དང་། དཀོན་མཆོག་རིན་ཆེན་མ་གཉིས་ནི་ཆེས་བཟང་གྲས་ཡིན་ལ། བར་དུ་ཐོན་པའི་ཁ་བཏགས་ཉིན་བདེ་མ་དང་མདོམ་འཁོར་མ་ནི་དེ་ལས་སྤུས་ཞན་ཙམ་དང་། དེའི་ཕྱིས་ཐོན་པའི་ཁ་བཏགས་འཕྲིན་ལས་དར་རྒྱས་མ་དང་། ཨ་ཤེ། བར་མཛོད། ཟུབ་ཕྱི། ཕྱི་མཛོད། བསོད་ནམས་ཁ་བཏགས་བཅས་ཀྱི་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་སྤུས་རྒྱུ་ཞན་པ་ཡིན་ནོ།།
ཁ་བཏགས་ལ་མིང་གི་རྣམ་གྲངས་དུ་མ་ཞིག་མཆིས་ཏེ། ཁ་དར། ལྷ་རྫས། ལྷ་གོས། ལྷ་རེག མཇལ་དར། རིན་ཆེན་གཉིས་པ་སོགས་སོ།། གཞན་ཡང་ཁ་བཏགས་ཐོན་ཡུལ་ལ་གཞིར་བཟུང་ནས་མིང་བཏགས་པ། སྐུ་འབུམ་ཁ་བཏགས། རྒྱ་ནག་ཁ་བཏགས་དང་། རིན་གོང་ལ་གཞིར་བཟུང་ནས་མིང་དུ་བཏགས་པ་ཡང་མཛོ་བཏགས་ལྷ་བུའོ།།
5.ཁ་བཏགས་ཀྱི་ཁྱབ་ཁུལ་དང་འབུལ་ཡུལ།
ཁ་བཏགས་ནི་ཐོག་མར་བོད་དུ་དར་ཞིང་། ས་སྐྱ་གོང་མ་མཆོད་ཡོན་དུ་འབྲེལ་བ་ནས་བཟུང་རྒྱ་གར་ཧོར་སོག་གི་ཡུལ་གྲུ་ཀུན་ཏུ་དར་ཁྱབ་ཆེ། ཁ་བཏགས་འབུལ་ཡུལ་གྱི་ཆ་ནས་བླ་ཆེན་དཔོན་ཆེན་ལ་མཇལ་བ། འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ་བར་འབུལ་བ། རྟེན་གསུམ་ལ་མཆོད་མཇལ་དུ་འབུལ་བ། བྱས་རྗེས་ཅན་ལ་བྱ་དགའ་དང་དཔའ་བོར་དཔའ་རྟགས། མགྲོན་པོ་ལ་དགའ་བསུའི་སྐྱེས་དང་། གཉེན་སློང་གི་རྟགས་རྟེན། གཤིན་པོའི་བེམ་པོ་ཕྱིར་ཐོན་པར་འབུལ་བ་སོགས་ཡིན་པས། ཁ་བཏགས་ནི་བོད་རིགས་ཀྱི་ཉིན་རྒྱུན་འཚོ་བའི་ནང་མེད་དུ་མི་རུང་བ་ཞིག་ཡིན་ནོ།།
6.ཁ་བཏགས་གཏོང་ཚུལ།
ཁ་བཏགས་གཏོང་ཚུལ་ནི་ཞེང་གིས་ཉིས་ལྟེབས་བྱ་ཞིང་། གཏོང་ཡུལ་ལ་ཁ་ཕར་འཁོར་བ་བྱས་ཏེ་གཏོང་བ་འདིས་བརྡ་ཟབ་མོ་ཞིག་སྟོན་པ་ནི། ཆོས་ཐམས་ཅད་ཀྱི་དང་བོ་སྟོང་བ་ཉིད་དེ་རྒྱུ་རྐྱེན་རྟེན་འབྲེལ་ལས་གྲུབ་སྟེ་གཅིག་རྐྱང་གིས་གྲུབ་པ་མེད་པར་སྟོན་པ་ཡིན་ནོ།།
དེ་ལྟར་བོད་ཀྱི་ཁ་བཏགས་བྱུང་འཕེལ་སྐོར་ཁ་གསལ་མདོར་བསྡུས་ཙམ་བཤད་པ་འདི་ནི《རི་བོ་ཉི་ཟླ》ཞེས་པའི་དུས་དེབ་གསར་སྤེལ་གྱི་རྟེན་འབྲེལ་དུ་ལྷ་རེག་སྲིད་དུ་རིང་བ་གཅིག་དང་བཅས་གྲོང་ཁྱེར་ཟི་ལིང་ནས་ཕུལ་བ་འདིས་ཀྱང་རི་བོ་ཉི་ཟླའི་འོད་སྣང་ཕྱོགས་བརྒྱར་འགྱེད་པར་སྨོན།
སྨྲས་པ།
ཆབ་ཆའི་རྒྱ་མཚོ་བསྲུབས་ལས་ཉེར་འཁྲུངས་པའི།།
《རི་བོ་ཉི་ཟླ》ག་བུར་འཛིན་པའི་ལྷ།།
གངས་ཅན་མཁའ་ལམ་ཡངས་པོར་མངོན་འཕགས་ཚེ།།
སླད་མེད་གོས་བཏགས་དཀར་བོ་ཡུག་ཅིག་བསྲིངས།།
《རི་བོ་ཉི་ཟླ》ཡི་སྟེང་བཀོད།

བསམ་ཚུལ་འབྲི།

Click here to cancel reply.

' རྩོམ་འོག་མ། སློབ་ཡོན་བྱ་དགའ་ཞིག་ལ་སྙན་ཞུ་འབུལ་ཕྱོགས་སྐོར།

འབྲེལ་ཡོད་ཀྱི་རྩོམ་གཞན།

  • དུས་རབས་སྔ་ཕྱིའི་ནང་གི་སྡེ་དགེའི་བོད་སྨན།
  • སྡེ་དགེའི་ཐུན་མོང་མ་ཡིན་པའི་བོད་ཤོག་བཟོ་རྩལ།
  • སྡེ་དགེའི་ཀུ་ཚེ་ཡུལ་དུ་ཤིང་པར་བརྐོ་སྲོལ་བྱུང་བ། ཁ་རྒྱབ་ཉི་མ།
  • བག་མའི་རྟ་ཁ་ལེན་དུས་ཀྱི་བཤད་པ། རབ་བརྟན་དགེ་ལེགས།
  • ཚུལ་ཁྲིམས་བློ་གྲོས་ནི་ཅི་ཞིག་རེད། སྡེ་དགེ་ཟླ་ཡག

ཁྱབ་བསྒྲགས། མང་ ...
    Advertisement
འབྲེལ་མཐུད།
Advertisement
Advertisement
Advertisement
Advertisement
ངོ་དེབ།











  • ཁམས་པའི་དྲ་བ།
  • སྡེ་དགེའི་པར་ཁང་།
  • བོད་ཀྱི་བང་ཆེན།
  • བོད་ཀྱི་དུས་བབ།
  • རྒྱལ་བ་རིན་པོ་ཆེ།
  • ཆུ་སྒང་དྲ་བ།
  • བོད་ཀྱི་ཆ་འཕྲིན།
  • ཨ་རིའི་བརྙན་འཕྲིན།
  • བོད་ཀྱི་གཞས་ཚིག་དྲ་བ།་
  • དྲི་བ་དྲིས་ལན་དྲ་བ།
  • བོད་ཀྱི་འཕྲུལ་དེབ་དྲ་བ།
  • སམ་བྷོ་ཏྲ་དྲ་བ།།
  • འོད་ཟེར་དྲ་བ།
  • བོད་གཞུང་དྲ་བ།
  • སེང་རྡོར་དྲ་བ།།
  • སྨོན་ལམ་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • སྐར་ཁུང་དྲ་བ།
  • གེ་སར་རིག་གནས་དྲ་བ།
  • ཕ་ཡུལ་དྲ་བ།
  • སྤྱི་འཐུས་དྲ་བ།
  • འཛི་སྒར་དྲ་བ།
  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་།
  • © 2020 Dege Gyalyong welfare Society
  • House # D-44, New Tibetan Camp. New Aruna Nagar, Majnu-ka-tilla, Delhi-110054, India.
  • E-mail: [email protected] Tel. 01123815056 Mb: +9717153449

བཟོ་སྐྲུན་པ། བསྟན་འཛིན་ཆོས་གྲགས།