English

  • མདུན་ངོས།
  • རྒྱལ་རབས།
  • ལོ་རྒྱུས།
    • ལུང་ཚན།
    • གནས་རི།
    • བྲག་ནགས་མཚོ།
    • སྣ་ཚོགས།
  • དགོན་སྡེ།
    • སྡེ་དགེའི་དབུ་ཁག་ལྔ།
    • གཡུང་དྲུང་བོན།
    • སྔ་འགྱུར་རྙིང་མ།
    • རྒྱལ་བ་བཀའ་བརྒྱུད།
    • དཔལ་ལྡན་ས་སྐྱ།
    • རི་བོ་དགེ་ལུགས།
  • པར་ཁང།
  • མི་སྣ།
    • སྐྱེས་ཆེན་དམ་པ།
    • ཤེས་ལྡན་མཁས་པ།
    • རླབས་ཆེན་མི་སྣ།
    • རྩོམ་པ་པོ།
    • ལྷ་པ།
    • སྒྲུང་པ།
    • གཞས་པ་གཞས་མ།
    • གྲགས་ཅན་མི་སྣ་གཞན།
  • ཆས་གོས།
    • རྒྱལ་བློན།
    • ཕོ་ཆས།
    • མོ་ཆས།
  • ཡུལ་སྲོལ།
    • བཟང་ངན་བརྩི་སྲོལ།
    • འབྲོག་པ།
    • རོང་པ།
    • རོང་མ་འབྲོག
    • ཡུལ་སྲོལ་ཁག་ཅིག
    • དུས་ཆེན།
  • ལས་འགུལ།
  • ལག་ཤེས།
    • ལྷ་བཟོ།
    • པར་བརྐོས།
    • མགར་བ།
    • རྫ་བཟོ།
    • ཤོག་བུ་བཟོ་བ།
    • ཤིང་བཟོ་བ།
    • འཚེམ་བཟོ།
    • སྤུ་རིགས་བཟོ་བ།
  • གླུ་གཞས།
    • སྡེ་དགེའི་བྲོ་ཆེན།
    • མགུར་མོ།
    • གླུའི་རིགས།
    • གླིང་བྲོ།
    • ཁེད་(གབ་ཚིག)
    • གཏམ་དཔེ།
  • ངོ་སྤྲོད།

བུ་མོ་ཤེས་རབ་མཚོ་མོས་གསེར་གྱི་རྟགས་མ་བླངས་པ།

འདོན་སྤེལ། 2015/04/23 11:48 AM རྩོམ་པ་པོ།

སྡེ་དགེ་འཇོ་མདའ་ནས་ཡིན་པའི་བུ་མོ་ཤེས་རབ་མཚོ་མོས་ཚན་རིག་དང་ཨང་རྩིས་ཡིག་ཚད་ཁྲོད་ཨང་དང་པོ་བླངས་འདུག
11160218_1049637731718411_1250836939_nའདི་ལོའི་ཕྱི་ཟླ་ ༣ ཚེས་ ༢༥ ཉིན་སུ་ཇ་བོད་ཁྱིམ་དབུ་བརྙེས་ནས་ལོ་ངོ་ ༢༩ འཁོར་བའི་དུས་དྲན་མཛད་སྒོ་ཚོགས་ཡོད་པ་དང་། སྐབས་དེར་སྐུ་མགྲོན་གཙོ་བོར་ས་སྐྱ་ཕུན་ཚོགས་ཕོ་བྲང་གི་སྲས་བགྲེས་པ་མཉྫུ་བཛྲ་རིན་པོ་ཆེ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཏེ། ཉེ་སྔོན་རྒྱ་གར་གྱི་ཨོ་ལུམ་ཕི་ཌི་ཚན་རིག་ཐེབས་རྩ་ཁང་(Science Olympiad Foundation)ཞེས་པའི་སྒེར་གྱི་ཚོགས་པ་ཞིག་གི་གོ་སྒྲིག་འོག རྒྱ་གར་རྒྱལ་ཡོངས་ནང་རིམ་པ་འདྲ་མིན་ཅན་གྱི་ཚན་རིག་དང་ཨང་རྩིས་ཀྱི་ཡིག་ཚད་འགྲན་སྡུར་ཞིག་སྤེལ་ཡོད་པ་ལྟར། སུ་ཇ་བོད་ཁྱིམ་གྱི་འཛིན་རིམ་ ༢ པ་ནས་ ༡༠ པ་བར་གྱི་སློབ་མ་ཚོར་རིམ་པ་གཉིས་ཀྱི་ཐོག་ནས་འགྲམ་སྡུར་བྱས་ཡོད་པའི་ཁྲོད། བྱ་དགའ་ཐོབ་པའི་སློབ་མ་ ༤༠ ཙམ་ལ་གཟེངས་རྟགས་གནང་ཡོད་པ་དང་། སྐབས་དེར་སྡེ་དགེ་འཇོ་མདའ་ནས་ཡིན་པའི་བུ་མོ་ཤེས་རབ་མཚོ་མོ་ལགས་ལ་འགྲན་སྡུར་རིམ་པ་དང་པོའི་ནང་ཨང་དང་པོ་ཐོབ་པར་གསེར་གྱི་རྟགས་མ་གནང་ཡོད་འདུག

བུ་མོ་ཤེས་རབ་མཚོ་མོ་ནི་ཁམས་སྡེ་དགེ་འཇོ་མདའ་འཛི་སྒར་གྲོང་ཚོ་ནས་ཡིན་པ་དང་། ད་ལྟ་རང་ལོ་ ༡༣ ཡིན་ཞིང་། ཕ་མིང་ལ་བཀྲ་ཤིས་དང་མ་མིང་ལ་སྒྲོལ་མ་ལྷ་མོ་ཟེར་གྱི་ཡོད་འདུག ཕྱི་ལོ་ ༢༠༠༥ ལོར་རྒྱ་གར་ནང་སྐྱབས་བཅོལ་དུ་འབྱོར་ཏེ་སྤིར་ཉིན་སློབ་ཏུ་བཞག་ཡོད་པ་དང་། སྔོན་འགྲོ་དང་པོ་ནས་སུ་ཇ་བོད་ཁྱིམ་དུ་ཞུགས་ཏེ་གཟེངས་རྟགས་ཤིག་ཀྱང་ཐོབ་ཡོད་འདུག ད་ལྟ་ཁོ་མོས་འཛིན་རིམ་ ༨ པའི་ནང་སློབ་གཉེར་བྱེད་བཞིན་ཡོད་ལ། ཐེངས་འདིའི་གཟེངས་སུ་ཐོན་པའི་གྲུབ་འབྲས་ལ་དགའ་སྤོབས་ཆེན་པོ་དང་བཅས་ངས་མུ་མཐུད་སློབ་སྦྱོང་ལ་འདི་ལྟར་འབད་བརྩོན་བྱ་ངེས་ཡིན་ཞེས་བརྗོད་འདུག

བསམ་ཚུལ་འབྲི།

Click here to cancel reply.

' རྩོམ་འོག་མ། ན་ཟུག་གི་གཏིང་ཞེས་པའི་རྩོམ་དེབ་གསར་པ་ཐོན་འདུག

འབྲེལ་ཡོད་ཀྱི་རྩོམ་གཞན།

  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་དབུས་རྒྱུན་སྐབས་ ༣ པའི་ལོ་འཁོར་༣ གྱི་ལས་བསྡོམས་སྙིང་བསྡུས།
  • ཨ་ཧྥི་ཏབ་ཀརྨ་སིང་པུ་རེ་ཝལ་ (Aftab Karma Singh Pureval) ལགས་ཨ་རིའི་གྲོང་ཁྱེར་སིན་སི་ན་ཊི་( Cincinnati) ཡི་སྤྱི་ཁྱབ་གྲོང་ཁྱེར་དཔོན་པོའི་གོ་གནས་ཀྱི་རྒྱལ་ཁ་ཐོབ་པ།
  • བོད་ཕྲུག་༢༧་ལ་སྲིད་སྐྱོང་གི་སློབ་ཡོན་གཟེངས་རྟགས་ཐོབ་པའི་ནང་རང་རེ་སྡེ་དགེ་བའི་སློབ་མ་གཅིག་ཡོད་པ་རེད།
  • དབུས་རྒྱུན་སྐབས་གསུམ་པའི་ཚོགས་ཐེངས་གཉིས་པ་དེ་བསྐོང་ཚོགས་གནང་
  • ལོ་གསར་པའི་འཚམ་འདྲི་བཀྲ་ཤིས་བདེ་ལེགས།

ཁྱབ་བསྒྲགས། མང་ ...
    Advertisement
འབྲེལ་མཐུད།
Advertisement
Advertisement
Advertisement
Advertisement
ངོ་དེབ།











  • ཁམས་པའི་དྲ་བ།
  • སྡེ་དགེའི་པར་ཁང་།
  • བོད་ཀྱི་བང་ཆེན།
  • བོད་ཀྱི་དུས་བབ།
  • རྒྱལ་བ་རིན་པོ་ཆེ།
  • ཆུ་སྒང་དྲ་བ།
  • བོད་ཀྱི་ཆ་འཕྲིན།
  • ཨ་རིའི་བརྙན་འཕྲིན།
  • བོད་ཀྱི་གཞས་ཚིག་དྲ་བ།་
  • དྲི་བ་དྲིས་ལན་དྲ་བ།
  • བོད་ཀྱི་འཕྲུལ་དེབ་དྲ་བ།
  • སམ་བྷོ་ཏྲ་དྲ་བ།།
  • འོད་ཟེར་དྲ་བ།
  • བོད་གཞུང་དྲ་བ།
  • སེང་རྡོར་དྲ་བ།།
  • སྨོན་ལམ་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • སྐར་ཁུང་དྲ་བ།
  • གེ་སར་རིག་གནས་དྲ་བ།
  • ཕ་ཡུལ་དྲ་བ།
  • སྤྱི་འཐུས་དྲ་བ།
  • འཛི་སྒར་དྲ་བ།
  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་།
  • © 2020 Dege Gyalyong welfare Society
  • House # D-44, New Tibetan Camp. New Aruna Nagar, Majnu-ka-tilla, Delhi-110054, India.
  • E-mail: [email protected] Tel. 01123815056 Mb: +9717153449

བཟོ་སྐྲུན་པ། བསྟན་འཛིན་ཆོས་གྲགས།