བཀྲ་ཤིས་ལྷ་དར་ལ་ལག་ཤེས་སྒྱུ་རྩལ་གྱི་གཟེངས་རྟཊ་ཐོབ་པར་འཚམས་འདྲི།
འདོན་སྤེལ། 2019/03/3 6:11 AM
རྩོམ་པ་པོ།
'
རྩོམ་འོག་མ།
སྡེ་དགེ་རྒྱལ་ཡོངས་ལྷན་ཚོཊ་ཀྱི་ ༢༠༡༩ ལོའི་སློབ་ཡོན་གསལ་བསྒྲགས།
དགའ་བསུའི་འཚམས་འཕྲིན།
དེའང་ཉེ་སྔོན་ ༢༠༡༩་༢་༢༧ ཉིན་ཁམས་སྡེ་དགེ་འཇོ་མདའ་(ཤམ་དགེ)ནས་ཡིན་པ་ཨ་ཁྲོ་ཚང་བཀྲ་ཤིས་ལྷ་དར་ལགས་ལ། འཇར་མན་གྱི་བྷེ་ཨེསི་ཨོ་ (BSO) Berufliches Schulzentrum Odenwaldkreis སློབ་གྲྭ་ནས་གསར་གཏོད་རང་བཞིན་ལྡན་པའི་ཐོན་རྫས་ཇུས་འགོད་འགྲན་བསྡུར་སྐབས་ ༢༥ པའི་༼ཤིང་བཟོའི་ལག་ཤེས་སྒྱུ་རྩལ་ཨང་དང་པོའི་གཟེངས་རྟགས་༽ཐོབ་འདུག་པར་སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་ངོས་ནས་བསྔགས་བརྗོད་དང་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་བཞིན་ཡོད། ཁོང་ནི་ ༡༩༩༨ ལོར་བོད་ནས་བཙན་བྱོལ་དུ་འབྱོར་ཞིང་། ༢༠༡༡ ལོ་ཙམ་ནས་ཇ་མན་དུ་ཕྱིན་ཏེ། (BSO)སློབ་གྲྭ་འདི་ནས་ལག་ཤེས་སྒྱུ་རྩལ་ཐད་ཆེད་སྦྱོང་གནང་པ་དང་། འདི་ལོར་ཨང་དང་པོའི་བྱ་དགའི་གཟེངས་རྟགས་དང་བཅས་ཏེ་སློབ་མཐར་ཕྱིན་བཞིན་ཡོད་པ་རེད།
སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་ཡིག་ཚང་ནས་ ༢༠༡༩་༣་༢ ཉིན།
བསམ་ཚུལ་འབྲི།
འབྲེལ་ཡོད་ཀྱི་རྩོམ་གཞན།
- ས་གནས་ཡུལ་མིའི་རེ་འབོད་ལ་བདག་སྐྱོང་དགོས་པའི་ཡོངས་ཁྱབ་བསྒྲགས་གཏམ།
- སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་ ༢༠༢༢ ལོའི་སློབ་ཡོན་གསལ་བསྒྲགས།
- སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་དབུས་རྒྱུན་སྐབས་ ༣ པའི་ལོ་འཁོར་༣ གྱི་ལས་བསྡོམས་སྙིང་བསྡུས།
- ༄༅། །འཛམ་གླིང་ཤར་ནུབ་གང་དུ་བཞུགས་ཡོད་པའི་རང་རེེའི་སྡེ་དགེ་བ་ཕུ་ནུ་མིང་སྲིང་ཡོངས་ལ་སྡེ་དགེའི་ཉིན་མོའི་གསལ་བརྡ།
- ཨ་ཧྥི་ཏབ་ཀརྨ་སིང་པུ་རེ་ཝལ་ (Aftab Karma Singh Pureval) ལགས་ཨ་རིའི་གྲོང་ཁྱེར་སིན་སི་ན་ཊི་( Cincinnati) ཡི་སྤྱི་ཁྱབ་གྲོང་ཁྱེར་དཔོན་པོའི་གོ་གནས་ཀྱི་རྒྱལ་ཁ་ཐོབ་པ།