English

  • མདུན་ངོས།
  • རྒྱལ་རབས།
  • ལོ་རྒྱུས།
    • ལུང་ཚན།
    • གནས་རི།
    • བྲག་ནགས་མཚོ།
    • སྣ་ཚོགས།
  • དགོན་སྡེ།
    • སྡེ་དགེའི་དབུ་ཁག་ལྔ།
    • གཡུང་དྲུང་བོན།
    • སྔ་འགྱུར་རྙིང་མ།
    • རྒྱལ་བ་བཀའ་བརྒྱུད།
    • དཔལ་ལྡན་ས་སྐྱ།
    • རི་བོ་དགེ་ལུགས།
  • པར་ཁང།
  • མི་སྣ།
    • སྐྱེས་ཆེན་དམ་པ།
    • ཤེས་ལྡན་མཁས་པ།
    • རླབས་ཆེན་མི་སྣ།
    • རྩོམ་པ་པོ།
    • ལྷ་པ།
    • སྒྲུང་པ།
    • གཞས་པ་གཞས་མ།
    • གྲགས་ཅན་མི་སྣ་གཞན།
  • ཆས་གོས།
    • རྒྱལ་བློན།
    • ཕོ་ཆས།
    • མོ་ཆས།
  • ཡུལ་སྲོལ།
    • བཟང་ངན་བརྩི་སྲོལ།
    • འབྲོག་པ།
    • རོང་པ།
    • རོང་མ་འབྲོག
    • ཡུལ་སྲོལ་ཁག་ཅིག
    • དུས་ཆེན།
  • ལས་འགུལ།
  • ལག་ཤེས།
    • ལྷ་བཟོ།
    • པར་བརྐོས།
    • མགར་བ།
    • རྫ་བཟོ།
    • ཤོག་བུ་བཟོ་བ།
    • ཤིང་བཟོ་བ།
    • འཚེམ་བཟོ།
    • སྤུ་རིགས་བཟོ་བ།
  • གླུ་གཞས།
    • སྡེ་དགེའི་བྲོ་ཆེན།
    • མགུར་མོ།
    • གླུའི་རིགས།
    • གླིང་བྲོ།
    • ཁེད་(གབ་ཚིག)
    • གཏམ་དཔེ།
  • ངོ་སྤྲོད།

ཕྲད་པ་ཚང་གི་བསྟན་འཛིན་རྒྱ་མཚོ།

འདོན་སྤེལ། 2013/02/5 2:40 AM རྩོམ་པ་པོ།

ཡོང་ཁུངས། ཆུ་སྒང་ལོ་རྒྱུས།

ཕྲད་པ་ཚང་གི་བསྟན་འཛིན་རྒྱ་མཚོ།

སྤྱི་ལོ་ ༡༩༥༦ ལོར་མདོ་ཁམས་ཕྱོགས་དམངས་གཙོ་བཅོས་བསྒྱུར་ཞེས་པའི་ཤིན་ཏུ་མ་རུང་པའི་བྱུས་ངན་བཟོས་རྐྱེན་སྡེ་དགེ་མངའ་ཁུལ་ཧོར་སོག་རྫོང་ཕྲད་པ་ཚང་གི་བསྟན་འཛིན་རྒྱ་མཚོའི་ལོ་རྒྱུས་མདོར་བསྡུས། ཕྲན་གྱི་ཕ་རྒན་ཚེ་དབང་ཞེས་པར་ལོ་ ༥༦ ཅན་མིག་གཉིས་ཀར་མེད་པ་འཐབ་རྩོད་བྱས་པས་ཕྲན་ཚོ་སྤུན་མཆེད་དྲུག་ཡོད་པའི་ནང་ནས་གསུམ་ལྷ་ལྡན་ཕྱོགས་སུ་ཡོད་པར་གཉིས་ཆུང་ཆུང་ཡིན་པ་དང་། ཆེ་ཤོས་ངག་དབང་བཟང་པོ་ལ་རང་འཁོར་བློ་མཐུན་མི་བཅུ་བདུན་ཡོད་པར། འཆི་གསོན་ཅི་འགྱུར་འགྱོད་མེད་ཀྱི་བློ་ཐག་གཅིག་ཆོད་ཐོག ཧོར་སོག་རྫོང་ནང་རྒྱ་དམག་ལྔ་བརྒྱ་ཙམ་ཡོད་པར་དྲག་རྒོལ་གྱི་ཉིན་མཚན་བཅུ་བཞི་འཛིང་བས་མཐར་རྒྱ་མི་གསུམ་ཤོར་བ་ལས་གཞན་རྣམས་བསད། དེ་རྗེས་སྡེ་དགེ་ཕྱོགས་ནས་སྟོང་དམག་གཉིས་ལྷག་གིས་སྐད་ཐོས་སྐབས་གེ་ཤོད་ཟེར་སར་ལམ་སྒུག་གི་དམག་འཐབ་བྱས་པར་ཚུར་གྲུ་ཚ་ཀུན་དགའ་བསད། ཕར་རྒྱ་དམག་གཅིག་སྟོང་དྲུག་བརྒྱ་ཙམ་བསད་ཐུབ་པའི་ཡུལ་མིའི་ཁས་ནས་བཤད་པ་ཐོས་བྱུང་། དེ་ནས་དཔལ་ཡུལ་ཁྲམ་ཐར་སྒ་རྗེ་བཅས་ལ་དགྲ་ཐེངས་བཅུ་གསུམ་ཙམ་སོང་བས། འོག་ནུ་ཚེ་དབང་། སྦོས་འགོ་དཀོན་མཆོག གྲགས་འགོ་དཔལ་འབྱོར། སྦྲད་རྟེ་དཀོན་མཆོག་སོགས་མང་རབ་བསད་ཤོར་བ་དང་། ཕར་རྒྱ་དམག་སྔ་ཕྱིར་བཞི་བརྒྱ་དང་ལྔ་བརྒྱ་ལས་མ་ཉུང་བར་བསད་པ་གོ་ཐོས་བྱུང་། དེ་མཚམས་ལྷ་ལྡན་ཕྱོགས་ནས་སྤུན་མཆེད་གཞན་རྣམས་འབྱོར་བ་ཕ་རྒན་དང་བཟའ་མི་རང་འཁོར་བཅས་མི་ཚང་བཅུ་གསུམ་འབྲི་ཆུ་ནུབ་རྒྱུད་ཕྱོགས་སུ་འབྱོར། དེ་ཕྱོགས་སུ་རྒྱ་མཁར་འོག་མ་སྡོང་ཚེ་བཅས་ཡོད་པར་སྐྱིད་སྡུག་ལེགས་ཉེས་ཅི་བྱུང་མཉམ་ཁུར་བྱ་རྒྱུའི་ཐོ་ལོ་ངོ་གཉིས་ཙམ་དེ་ཕྱོགས་སུ་བསྡད་པར་དགྲ་ཐེངས་ཁ་ཤས་འཛིང་ཐོག་རྒྱ་མི་སྔ་རྗེས་བརྒྱ་སྐོར་བསད། སྤུན་ཆུང་བཀྲ་ཤིས་ཕུན་ཚོགས་དང་། ཨ་ཁུ་དབང་ཕྱུག་གཉིས་བསད་ཤོར་བ་དང་ང་རང་ལའང་རྨས་སྐྱོན་བྱུང་། རྒྱ་མིའི་མེ་མདའ་རིང་ཐུང་བཅུ་དྲུག་ཙམ་ཐོབ། ཨུ་རུ་སུའི་བལྟ་སྐོར་བ་མི་གཅིག་བསད་པ་དང་། དེ་རྗེས་ ༡༩༥༩ ལོར་ཟླ་ ༦ པ་ཙམ་ལ་རྒྱ་མིའི་དམག་ཤུགས་ཤིན་ཏུ་ཆེ་སྟབས་སྡེ་དགེ་ནུབ་མས་གོ་འཇོ་བྲག་གཡབ་ཕྱོགས་སྐྱོད་པར་ལམ་བར་དུ་རང་གི་མི་བདུད་འདུལ་སྤུན་འཇམ་དབྱངས་ཚེ་འཕེལ། ངག་དབང་བཟང་པོ། ཚེ་རིང་བཀྲ་ཤིས། ཨ་འབང་། དཔལ་འབྱོར། ཚེ་དཔག དབང་འདུད་བཅས་བསད་ཤོར་བ་དང་། འོག་མ་རིག་རྣམ་རྨས་སྐྱོན་ལྕི་བར་འཇུ་སྐལ་བཟང་འཆི་མེད། མ་དཔལ་གཡང་བཅས་དཔོན་གཡོག་ཉི་ཤུ་ཙམ་ཤུལ་སྡོད་མ་བྱས་མཐུ་མེད་བྱུང་བ་དང་། སྡེ་དགེ་སྲས་དབུ་དགའ་གཙོས་དཔོན་འབངས་ལྔ་བརྒྱ་བསྐོར་ཤར་བསྐྱོད་ཀྱི་ལྷ་ཐོག་དང་། ཆབ་མདོ་རི་བོ་ཆེ་བརྒྱུད་ཤོ་སྟ་ལྷོ་གསུམ་ཕྱོགས་སུ་འབྱོར། ལམ་བར་དགྲ་ཐེངས་བདུན་བརྒྱད་ཙམ་འཐབ་ཀྱང་ཚུར་བསད་རྨས་མ་བྱུང་། དེ་མཚམས་སྡེ་སྲས་དོན་ཡོད་ཅན་ཁམས་པའི་མི་སྣ་བཅོ་ལྔ་ཙམ་གནམ་གྲུ་ནས་ཕེབས་འབྱོར་བྱུང་བས་དགའ་ཚོར་ཆེན་པོའི་ངང་ཟླ་ཤས་དེར་ལུས། དེ་མཚམས་རྒྱ་མིའི་གནམ་ས་གཉིས་དམག་ཤུགས་ཤིན་ཏུ་ཆེ་བར་བརྟེན་ཉིན་མཚན་ལྔ་དྲུག་ལ་འཐབ་འཛིང་བར་མེད་ཀྱི་མཐར་མང་སྣེ་ཉུང་གིས་མ་བརྟན་པར་བྱང་ཁ་ཐུག་ཏུ་བྲོས་བྱོལ་ཅི་མཐར་ཕྱིན་པས་ལམ་བར་ལུག་ར་བསོད་ནམས། བློ་གྲོས། བསམ་དགའ་བཅས་བསད་ཤོར་བ་དང་། སྤུན་པད་རྒྱལ། དཀར་དགེ། དབང་རྒྱལ། སྲིང་མོ་ཚེ་རིང་ཆོས་སྒྲོན་བཅས་རྨས་སྐྱོན་བྱུང་བར་ཞག་མང་པོའི་མཚམས་འདམ་གཞུང་དུ་སླེབས། དེ་ཕྱོགས་ཀྱང་ཤིན་ཏུ་དམག་ཤུགས་ཆེ་བར་ཉིན་མཚན་བར་མེད་ཀྱི་དམྱལ་བ་ས་ཐོག་ཏུ་ཐོན་པ་ལྟར་གྱི་ཉིན་བཅུ་བཅོ་ལྔ་ཙམ་ལ་བྱང་མོ་ཊ་ལམ་ཁར་སླེབས། དེ་ནས་ཐང་ཁེ་ཁྲེ་ཞེས་པས་ཉིན་གསུམ་དེད་བྱུང་བར་འཇམ་དབྱངས་ལྷ་ཕྲུག་བསད། ཕྲན་གྱི་མགོ་ལ་མེ་མདའ་ཕོག་ནས་རྨས་སྐྱོན་བྱུང་བ་དང་། བྱང་མི་མེད་ལུང་སྟོང་དུ་སླེབས་ནས་ཉེས་མེད་རི་དྭགས་ཤ་ལ་ཟས་སྤྱོད་ཀྱི་ཟླ་བ་གཅིག་ཙམ་འགོར། དེ་ནས་ཨ་མདོ་སྟོད་མར་འབྱོར་ནས་མི་ཟས་ཕྲན་བུ་བཟའ་རྒྱུ་རག་ནས་མ་ཤི་ཙམ་བྱུང་བ་དང་། རང་ཡུལ་ནས་བལ་པོའི་འཚམས་བར་དགྲ་ཐེངས་བདུན་བཅུ་དོན་གསུམ་སོང་བ་དང་། སྤྱི་ལོ་ ༡༩༦༡ ལོར་བལ་པོའི་ས་མཚམས་མུ་གུམ་ཟེར་ས་འབྱོར་བ་བཅས་ཕྲན་གྱི་ལོ་རྒྱུས་སྙིང་བསྡུས་སུ་ཕྲད་པ་བསྟན་འཛིན་རྒྱ་མཚོས་ཕུལ།

 

བསམ་ཚུལ་འབྲི།

Click here to cancel reply.

' རྩོམ་འོག་མ། རྫོགས་ཆེན་སྦས་རབ་ཚང་།

འབྲེལ་ཡོད་ཀྱི་རྩོམ་གཞན།

  • མཁས་དབང་ནམ་མཁའི་ནོར་བུ་ལ་ཨི་ཊ་ལིའི་མི་སེར་གྱི་གཟེངས་རྟགས་མཐོ་ཤོས་དེ་ཕུལ།
  • ཚེ་དབང་ཕུན་ཚོགས་ཀྱི་ལོ་རྒྱུས་སྙིང་བསྡུས།
  • ཡིད་ལྷུང་འཆི་མེད་རྣམ་རྒྱལ།
  • ཡིད་ལྷུང་བཟོད་པ།
  • ཡ་ལུང་ཚེ་རིང་།

ཁྱབ་བསྒྲགས། མང་ ...
    Advertisement
འབྲེལ་མཐུད།
Advertisement
Advertisement
Advertisement
Advertisement
ངོ་དེབ།











  • ཁམས་པའི་དྲ་བ།
  • སྡེ་དགེའི་པར་ཁང་།
  • བོད་ཀྱི་བང་ཆེན།
  • བོད་ཀྱི་དུས་བབ།
  • རྒྱལ་བ་རིན་པོ་ཆེ།
  • ཆུ་སྒང་དྲ་བ།
  • བོད་ཀྱི་ཆ་འཕྲིན།
  • ཨ་རིའི་བརྙན་འཕྲིན།
  • བོད་ཀྱི་གཞས་ཚིག་དྲ་བ།་
  • དྲི་བ་དྲིས་ལན་དྲ་བ།
  • བོད་ཀྱི་འཕྲུལ་དེབ་དྲ་བ།
  • སམ་བྷོ་ཏྲ་དྲ་བ།།
  • འོད་ཟེར་དྲ་བ།
  • བོད་གཞུང་དྲ་བ།
  • སེང་རྡོར་དྲ་བ།།
  • སྨོན་ལམ་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • སྐར་ཁུང་དྲ་བ།
  • གེ་སར་རིག་གནས་དྲ་བ།
  • ཕ་ཡུལ་དྲ་བ།
  • སྤྱི་འཐུས་དྲ་བ།
  • འཛི་སྒར་དྲ་བ།
  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་།
  • © 2020 Dege Gyalyong welfare Society
  • House # D-44, New Tibetan Camp. New Aruna Nagar, Majnu-ka-tilla, Delhi-110054, India.
  • E-mail: [email protected] Tel. 01123815056 Mb: +9717153449

བཟོ་སྐྲུན་པ། བསྟན་འཛིན་ཆོས་གྲགས།