པད་སྟོབས་ལགས་བཙོན་གྲོལ་ཐོབ་པར་ཕེབས་བསུ།
དེའང་ཟླ་བ་འདིའི་ཕྱི་ཚེས་ ༢༡ ཉིན་གྱི་སྔ་དྲོར་སྡེ་དགེ་དཔལ་ཡུལ་ནས་ཡིན་པ་པད་སྟོབས་ལགས་བཙོན་གྲོལ་བཏང་ཡོད་འདུག
འབྲེལ་ཡོད་ནས་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཕྱི་ལོ་ ༢༠༠༩ ལོའི་ ༸གོང་ས་མཆོག་ལ་ནོར་སྤེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པའི་དུས་དྲན་སྐབས། པད་སྟོབས་ལགས་ཀྱིས་བོད་ཀྱི་རྒྱལ་ས་ལྷ་ས་རུ་རྒྱ་གཞུང་གི་དམ་དྲག་ལ་མ་འཛེམས་པར་ཁོང་དང་ཁོང་གི་ཚོང་རོགས་ཁ་ཤས་ཀྱིས། ༸གོང་ས་མཆོག་གི་སྐུ་པར་གདན་དྲངས་ཏེ་བསང་གསོལ་བཏང་བ་དང་། ཇོ་བོར་ཞལ་གསེར་ཕུལ་པ་སོགས་ཞུས་ཏེ་དུས་དྲན་སྲུང་བརྩི་ཞུས་ཡོད་སྟབས། དེའི་རྗེས་ཁོང་རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་ཆབ་སྲིད་ཀྱི་ཁེ་དབང་འཕྲོག་ཡོད་པ་མ་ཟད། ལོ་ ༦ ལ་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་ལྟར། ཉེ་ཆར་ཟླ་བ་འདིའི་ཕྱི་ཚེས་ ༢༡ ཉིན་ཀློད་གྲོལ་བཏང་སྟེ་ཕ་ཡུལ་དུ་འབྱོར་ཡོད་པ་དང་། སྐབས་དེར་ས་གནས་བོད་མི་ཚོས་ཁོང་ལ་དགའ་གུས་ཀྱི་ཁ་བཏགས་གཡོགས་པ་དང་། གཞས་དང་ཞབས་བྲོ་འཁྲབ་ནས་ཕེབས་བསུ་ཟབ་རྒྱས་ཞུས་ཡོད་འདུག
པད་སྟོབས་ལགས་ནི་སྡེ་དགེ་དཔལ་ཡུལ་ནས་ཡིན་པ་དང་། བོད་རིགས་སྤུན་ཟླ་ནང་ཁུལ་དུ་ཤ་ཞེན་ཆེན་པོ་ཡོད་མཁན་ཞིག་ཡིན་པ་མ་ཟད། སྔོན་མ་ས་གནས་བོད་མི་ཚོས་གཟིག་དང་སྲམ་སོགས་ཀྱི་པགས་རིགས་རྒྱན་ཆས་གྱོན་པར་ཁོང་གིས་བཀག་འགོག་གནང་ཡོད་པ་སོགས་ཀྱི་གནས་ཚུལ་ཡོད་འདུག
བསམ་ཚུལ་འབྲི།

འབྲེལ་ཡོད་ཀྱི་རྩོམ་གཞན།
-
སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་དབུས་རྒྱུན་སྐབས་ ༣ པའི་ལོ་འཁོར་༣ གྱི་ལས་བསྡོམས་སྙིང་བསྡུས།
-
ཨ་ཧྥི་ཏབ་ཀརྨ་སིང་པུ་རེ་ཝལ་ (Aftab Karma Singh Pureval) ལགས་ཨ་རིའི་གྲོང་ཁྱེར་སིན་སི་ན་ཊི་( Cincinnati) ཡི་སྤྱི་ཁྱབ་གྲོང་ཁྱེར་དཔོན་པོའི་གོ་གནས་ཀྱི་རྒྱལ་ཁ་ཐོབ་པ།
-
བོད་ཕྲུག་༢༧་ལ་སྲིད་སྐྱོང་གི་སློབ་ཡོན་གཟེངས་རྟགས་ཐོབ་པའི་ནང་རང་རེ་སྡེ་དགེ་བའི་སློབ་མ་གཅིག་ཡོད་པ་རེད།
-
དབུས་རྒྱུན་སྐབས་གསུམ་པའི་ཚོགས་ཐེངས་གཉིས་པ་དེ་བསྐོང་ཚོགས་གནང་
-
ལོ་གསར་པའི་འཚམ་འདྲི་བཀྲ་ཤིས་བདེ་ལེགས།