English

  • མདུན་ངོས།
  • རྒྱལ་རབས།
  • ལོ་རྒྱུས།
    • ལུང་ཚན།
    • གནས་རི།
    • བྲག་ནགས་མཚོ།
    • སྣ་ཚོགས།
  • དགོན་སྡེ།
    • སྡེ་དགེའི་དབུ་ཁག་ལྔ།
    • གཡུང་དྲུང་བོན།
    • སྔ་འགྱུར་རྙིང་མ།
    • རྒྱལ་བ་བཀའ་བརྒྱུད།
    • དཔལ་ལྡན་ས་སྐྱ།
    • རི་བོ་དགེ་ལུགས།
  • པར་ཁང།
  • མི་སྣ།
    • སྐྱེས་ཆེན་དམ་པ།
    • ཤེས་ལྡན་མཁས་པ།
    • རླབས་ཆེན་མི་སྣ།
    • རྩོམ་པ་པོ།
    • ལྷ་པ།
    • སྒྲུང་པ།
    • གཞས་པ་གཞས་མ།
    • གྲགས་ཅན་མི་སྣ་གཞན།
  • ཆས་གོས།
    • རྒྱལ་བློན།
    • ཕོ་ཆས།
    • མོ་ཆས།
  • ཡུལ་སྲོལ།
    • བཟང་ངན་བརྩི་སྲོལ།
    • འབྲོག་པ།
    • རོང་པ།
    • རོང་མ་འབྲོག
    • ཡུལ་སྲོལ་ཁག་ཅིག
    • དུས་ཆེན།
  • ལས་འགུལ།
  • ལག་ཤེས།
    • ལྷ་བཟོ།
    • པར་བརྐོས།
    • མགར་བ།
    • རྫ་བཟོ།
    • ཤོག་བུ་བཟོ་བ།
    • ཤིང་བཟོ་བ།
    • འཚེམ་བཟོ།
    • སྤུ་རིགས་བཟོ་བ།
  • གླུ་གཞས།
    • སྡེ་དགེའི་བྲོ་ཆེན།
    • མགུར་མོ།
    • གླུའི་རིགས།
    • གླིང་བྲོ།
    • ཁེད་(གབ་ཚིག)
    • གཏམ་དཔེ།
  • ངོ་སྤྲོད།

ནད་པ་ཞིག་ལ་སྒོར་འབུམ་ ༢ ལྷག་གི་རོགས་རམ་བྱས་ཏེ་ནད་ལས་གྲོལ་བ།

འདོན་སྤེལ། 2015/08/5 8:06 AM རྩོམ་པ་པོ།

སྡེ་དགེ་འཇོ་མདའ་ནས་ཡིན་པའི་ནད་པ་ཚེ་རིང་ལྷ་མོ་ལགས་ལ་ཧིན་སྒོར་འབུམ་གཉིས་ལྷག་གིས་རོགས་རམ་བྱས་ཏེ་ཁོང་མོ་དྲག་སྐྱེད་བྱུང་ཡོད།

Tsering Lhamoརྒྱ་གར་དྷ་རམ་ས་ལའི་ཉེ་འཁྲིས་ནོར་གླིང་དུ་གནས་སྡོད་སྡེ་དགེ་འཇོ་མདའ་སྤོ་ལུ་ནས་ཡིན་པའི་ཚེ་རིང་ལྷ་མོ་ལགས་ལ་ལོ་ན་གཅིག་ཙམ་ལ་སོན་པའི་ཕྲུ་གུ་གཅིག་ཡོད་པ་དང་། ཁོ་མོའི་ཁྱོ་ག་བོད་དུ་ཕྱིན་ཏེ་གཏན་ནས་ཕྱིར་ལོག་མེད་པའི་ཁར། ཁོང་མོ་ཡུན་རིང་ནད་ཀྱིས་མནར་བ་མ་ཟད། ཁོག་པའི་ནང་ཤ་སྐྲན་ཆགས་ཏེ་ཛ་དྲག་གཤག་བཅོས་བྱེད་དགོས་ཁེལ་བ་སོགས་མ་བུ་གཉིས་ཀྱི་འཚོ་བའི་ཆ་རྐྱེན་ཞན་པའི་ཐོག སྨན་ཁང་གིས་ཁོང་མོར་སྨན་བཅོས་བྱེད་པར་ཧིན་སྒོར་ཁྲི་ ༧ ལྷག་གཏོང་དགོས་ཚུལ་བརྗོད་དེ། སྐྱབས་མེད་མགོན་མེད་དུ་གྱུར་བའི་མ་བུ་གཉིས་འུ་ཐུག་ཐབས་ཟད་ཀྱི་གནས་སུ་གྱར་ཡོད་སྟབས། འདི་ལོའི་ཕྱི་ཟླ་ ༥ ཚེས་ ༣ ཉིན་སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས། རྒྱལ་ཁབ་ཁག་གི་ནང་ཡོད་པའི་ས་གནས་རྒྱུན་ལས་རྣམས་བརྒྱུད་དེ་རོགས་རམ་གང་ལེགས་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས་པ་ལྟར། སུད་སི་ས་གནས་གྱིས་གཙོས་རྡ་ས་ས་གནས་ཀྱི་ཕ་ཡུལ་གཅིག་པ་མང་པོ་ཞིག་གིས་་གཞན་ཕན་ལྷག་བསམ་གྱི་ཕྱག་ཟུང་བརྐྱངས་ཏེ། ཁྱོན་བསྡོམས་ཧིན་སྒོར་འབུམ་གཉིས་དང་ཁྲི་གཉིས། གཅིག་སྟོང་དྲུག་བརྒྱ་དགུ་བཅུ་གོ་ལྔ་(༢.༢༡.༦༩༥)ཡི་རོགས་དངུལ་གནང་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༥ ཚེས་ ༡༥ ཙམ་ལ་ནད་པ་ཚེ་རིང་ལྷ་མོའི་ལག་ཏུ་དངུལ་རྣམས་ཚང་འབྱོར་བྱུང་ཡོད་སྟབས། ད་ལྟ་ཁོང་མོ་དྲག་སྐྱེད་བྱུང་སྟེ་མ་བུ་གཉིས་རེ་ཞིག་དཀའ་སྡུག་གི་ཁྲོད་ནས་བསྐྱབས་ཐུབ་པ་བྱུང་ཡོད།

རོགས་དངུལ་རྣམས་ཚང་འབྱོར་བྱུང་རྗེས། ཚེ་རིང་ལྷ་མོ་ལགས་ཀྱིས་བཀའ་དྲིན་ཆེ་ཞུའི་འབྱོར་འཛིན་ཞིག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དུ་ཕུལ་བའི་ནང་། བཀུར་འོས་སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་བརྒྱུད་ནས་གུས་མོར་ཁྱོན་བསྡོམས་ཧིན་སྒོར་ ༢༢༡༦༩༥ རོགས་རམ་གནང་སོན་བྱུང་བར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་ཞུ། ཞེས་བརྗོད་འདུག

བསམ་ཚུལ་འབྲི།

Click here to cancel reply.

' རྩོམ་འོག་མ། ཁམས་ཕྱོགས་ཀྱི་མདོ་འཛིན་པ་གྲགས་ཅན་གླུ་པ་ཚེ་དབང་།

འབྲེལ་ཡོད་ཀྱི་རྩོམ་གཞན།

  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་དབུས་རྒྱུན་སྐབས་ ༣ པའི་ལོ་འཁོར་༣ གྱི་ལས་བསྡོམས་སྙིང་བསྡུས།
  • ཨ་ཧྥི་ཏབ་ཀརྨ་སིང་པུ་རེ་ཝལ་ (Aftab Karma Singh Pureval) ལགས་ཨ་རིའི་གྲོང་ཁྱེར་སིན་སི་ན་ཊི་( Cincinnati) ཡི་སྤྱི་ཁྱབ་གྲོང་ཁྱེར་དཔོན་པོའི་གོ་གནས་ཀྱི་རྒྱལ་ཁ་ཐོབ་པ།
  • བོད་ཕྲུག་༢༧་ལ་སྲིད་སྐྱོང་གི་སློབ་ཡོན་གཟེངས་རྟགས་ཐོབ་པའི་ནང་རང་རེ་སྡེ་དགེ་བའི་སློབ་མ་གཅིག་ཡོད་པ་རེད།
  • ༑ ༢༠༢༡ ལོའི་སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་ཚོགས་པའི་དམིགས་འདུན་ལྟར་ཛ་དྲག་ནད་པ་དང་ཉམས་ཐག་དཀའ་ངལ་ཅན་རྣམས་ལ་རོགས་རམ་ཞུས་པའི་སྐོར།
  • ༑ ༢༠༢༡ ལོའི་སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་ཚོགས་པའི་དམིགས་འདུན་ལྟར་ཛ་དྲག་ནད་པ་དང་ཉམས་ཐག་དཀའ་ངལ་ཅན་རྣམས་ལ་རོགས་རམ་ཞུས་པའི་སྐོར།

ཁྱབ་བསྒྲགས། མང་ ...
    Advertisement
འབྲེལ་མཐུད།
Advertisement
Advertisement
Advertisement
Advertisement
ངོ་དེབ།











  • ཁམས་པའི་དྲ་བ།
  • སྡེ་དགེའི་པར་ཁང་།
  • བོད་ཀྱི་བང་ཆེན།
  • བོད་ཀྱི་དུས་བབ།
  • རྒྱལ་བ་རིན་པོ་ཆེ།
  • ཆུ་སྒང་དྲ་བ།
  • བོད་ཀྱི་ཆ་འཕྲིན།
  • ཨ་རིའི་བརྙན་འཕྲིན།
  • བོད་ཀྱི་གཞས་ཚིག་དྲ་བ།་
  • དྲི་བ་དྲིས་ལན་དྲ་བ།
  • བོད་ཀྱི་འཕྲུལ་དེབ་དྲ་བ།
  • སམ་བྷོ་ཏྲ་དྲ་བ།།
  • འོད་ཟེར་དྲ་བ།
  • བོད་གཞུང་དྲ་བ།
  • སེང་རྡོར་དྲ་བ།།
  • སྨོན་ལམ་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • སྐར་ཁུང་དྲ་བ།
  • གེ་སར་རིག་གནས་དྲ་བ།
  • ཕ་ཡུལ་དྲ་བ།
  • སྤྱི་འཐུས་དྲ་བ།
  • འཛི་སྒར་དྲ་བ།
  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་།
  • © 2020 Dege Gyalyong welfare Society
  • House # D-44, New Tibetan Camp. New Aruna Nagar, Majnu-ka-tilla, Delhi-110054, India.
  • E-mail: [email protected] Tel. 01123815056 Mb: +9717153449

བཟོ་སྐྲུན་པ། བསྟན་འཛིན་ཆོས་གྲགས།