English

  • མདུན་ངོས།
  • རྒྱལ་རབས།
  • ལོ་རྒྱུས།
    • ལུང་ཚན།
    • གནས་རི།
    • བྲག་ནགས་མཚོ།
    • སྣ་ཚོགས།
  • དགོན་སྡེ།
    • སྡེ་དགེའི་དབུ་ཁག་ལྔ།
    • གཡུང་དྲུང་བོན།
    • སྔ་འགྱུར་རྙིང་མ།
    • རྒྱལ་བ་བཀའ་བརྒྱུད།
    • དཔལ་ལྡན་ས་སྐྱ།
    • རི་བོ་དགེ་ལུགས།
  • པར་ཁང།
  • མི་སྣ།
    • སྐྱེས་ཆེན་དམ་པ།
    • ཤེས་ལྡན་མཁས་པ།
    • རླབས་ཆེན་མི་སྣ།
    • རྩོམ་པ་པོ།
    • ལྷ་པ།
    • སྒྲུང་པ།
    • གཞས་པ་གཞས་མ།
    • གྲགས་ཅན་མི་སྣ་གཞན།
  • ཆས་གོས།
    • རྒྱལ་བློན།
    • ཕོ་ཆས།
    • མོ་ཆས།
  • ཡུལ་སྲོལ།
    • བཟང་ངན་བརྩི་སྲོལ།
    • འབྲོག་པ།
    • རོང་པ།
    • རོང་མ་འབྲོག
    • ཡུལ་སྲོལ་ཁག་ཅིག
    • དུས་ཆེན།
  • ལས་འགུལ།
  • ལག་ཤེས།
    • ལྷ་བཟོ།
    • པར་བརྐོས།
    • མགར་བ།
    • རྫ་བཟོ།
    • ཤོག་བུ་བཟོ་བ།
    • ཤིང་བཟོ་བ།
    • འཚེམ་བཟོ།
    • སྤུ་རིགས་བཟོ་བ།
  • གླུ་གཞས།
    • སྡེ་དགེའི་བྲོ་ཆེན།
    • མགུར་མོ།
    • གླུའི་རིགས།
    • གླིང་བྲོ།
    • ཁེད་(གབ་ཚིག)
    • གཏམ་དཔེ།
  • ངོ་སྤྲོད།

སྡེ་དགེ་དྲ་བའི་་བྱུང་རིམ་དང་ངོ་སྤྲོད་མདོར་བསྡུས།

འདོན་སྤེལ། 2013/01/24 3:10 AM རྩོམ་པ་པོ། ཕུ་ནུ་གྲོས་ར།

༄༅། །སྡེ་དགེ་དྲ་བའི་ངོ་སྤྲོད་མདོར་བསྡུས།

རྣམ་པ་ཚོར་གུས་འདུད་དང་བཅས་ཐོག་མའི་འཚམ་འདྲི་ཞུ་བཞིན་ཡོད།

ད་ལྟའི་ཁྱེད་ཀྱི་མིག་ལམ་དུ་ཤར་བཞིན་པ་འདི་ནི་སྡེ་དགེ་དྲ་བ་རེད། དྲ་བ་འདིས་སྐྱེད་པའི་ཡབ་དང་སྐྱོང་བའི་མ་སུ་འདྲ་ཞིག་ལ་བརྟེན་ནས་འཛམ་བུ་གླིང་འདིར་འཁྲུངས་ཤིང་། འདིའི་དམིགས་འདུན་ཅི་འདྲ་ཞིག་བཅངས་ཏེ། རྒྱང་འབོད་གང་འདྲ་ཞིག་བྱེད་ཀྱིན་ཡོད་དམ་ཟེར་ན།

དེའང་དེང་སང་ཚན་རྩལ་གྱི་རིག་གསར་ཤིན་ཏུ་དར་ཁྱབ་འགྲོ་བཞིན་པའི་དུས་རབས་འདིར། བོད་སྤྱི་དང་སྡེ་དགེ་བའི་མི་ཐོག་འདིའང་འཕྲུལ་ཆས་དེ་ཚོའི་བེད་སྤྱོད་མཁན་གྱུར་ནས། ལག་ཐོག་ཁ་པར་ནང་གི་འཕྲིན་ཕྲན་wechat ཞེས་པའི་དྲ་ཐོག་ཏུ་སྡེ་དགེ་བའི་གཞོན་སྐྱེས་མང་པོ་ཞིག་མཉམ་འཛོམས་བྱ་རྒྱུ་བྱུང་བ་ནི། ཏག་ཏག་དྲ་བ་འདི་སྐྱེས་འགོ་ཚུགས་པའི་དུས་ཚོད་དེ་རེད།

དེའང་༢༠༡༢་༡༡་༡༧ ཉིན་ཤྲི་ལ་བུ་དབང་དྲག་རྡོ་རྗེས། རང་གི་འཕྲིན་ཕྲན་ནང་དུ་ཡོད་པའི་རོགས་པ་རྣམས་(འདིའི་ནང་སྡེ་དགེ་བ་ཡིན་མིན་གཉིས་ཀྱི་མི་བཅུ་ཙམ་ཡོད)སྡེ་ཚན་ཞིག་བཟོས་བྱུང་། འོན་ཀྱང་ཁོང་གིས་དམིགས་བསལ་མིང་ཅིའང་བཏགས་མི་འདུག (རྗེས་སུ་ཤེས་དུས་ཁོང་གི་མནན་ནོར་ཤོར་ནས་སྡེ་ཚན་དེ་གྱུར་སོང་པ་ལས་ཆེད་དུ་ཚོགས་པའམ་སྡེ་ཚན་དེ་བཟོས་མི་འདུག) དེ་མ་ཐག་དེའི་ནང་གི་འཆམ་ར་དྲི་མེད་རྒྱལ་མཚན་གྱིས་(ཕུ་ནུའི་གྲོས་ར་)ཞེས་པའི་མིང་ཞིག་བཏགས་བྱུང་། དེ་ནས་ཉིན་ཤས་ནང་ས་མིག་ཏག་ཏག་གང་ཚར་སོང་། (ཕྲན་འཕྲིན་wechat ས་མིག་ཚད་ནི་མི་བཞི་བཅུ་རེད་)

53506256_2511611665521003_7273580841521905664_nདེ་ནས་མང་མོས་ཐོག་འཆམ་ར་དྲི་མེད་རྒྱལ་མཚན་ཚོགས་གཙོར་བདམས་སོང་པས། ཁོང་གིས་གཙོ་སྐྱོང་འོག་ནམ་རྒྱུན་བོད་སྤྱི་དང་སྡེ་དགེའི་རྒྱལ་རབས་ལོ་རྒྱུས་བཤད་པ་དང་། ནང་ཆོས་ངོ་སྤྲོད་གནང་པ། དེ་མིན་བོད་དོན་དང་འབྲེལ་བའི་གསར་འགྱུར་སྙན་སྒྲོན་གནང་པ་སོགས་བྱས། ཕྱི་ཟླ་ ༡༡་༢༤ ཉིན་༼འདས་པའི་ལོ་རྒྱུས་དང་ད་ལྟའི་སྡེ་དགེ་བ།༽ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཐེངས་དང་པོ་བྱས་པས་ཧ་ཅང་དོན་ཕན་ལྡན་པ་བྱུང་བ་ལྟར། ཚོགས་མི་མང་པོ་ཞིག་ཀྱང་གསར་དུ་འཛུལ་ཞུགས་བྱེད་འདོད་འདུག་མོད། དྲྭ་ཐོག་མི་གྲངས་༤༠ ལས་ས་མིག་མེད་དུས། ཚོགས་པ་དང་པོ་དེ་ལ་ཕུ་ནུའི་གྲོས་ར་གོང་མ་ཞེས་བཏགས་ནས། ཕུ་ནུའི་གྲོས་ར་འོག་མ་ཞེས་པ་ཞིག་༢༠༡༢་༡༢་༡ ཉིན་གསར་དུ་བཟོས། དེ་ནས་ཕྱི་ཟླ་ ༡༢་༡་དང་༢ སྟེ་ཉིན་གཉིས་རིང་༼ད་ལྟའི་སྡེ་དགེ་བས་ཕ་མེས་ཀྱི་བརྒྱུད་འཛིན་ཇི་ལྟར་བྱེད་དགོས་སམ།༽ ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཐེངས་གཉིས་པ་བྱས་པས་སྡེ་དགེ་བའི་གཞོན་སྐྱེས་མང་པོ་ཞིག་འཛུལ་ཞུགས་བྱུང་བ་བཞིན་ཚང་མ་སེམས་ཤུགས་འཕར་བ་དང་། སྙིང་སྟོབས་རྒྱས་པ་སོགས་ཀྱིས་མཉམ་ལས་ལ་གཞི་རྩའི་ས་བོན་མང་པོ་ཞིག་བསྐྲུན་སོང་། དེ་ནས་ཕྱི་ཟླ་༢༠༡༢་༡༢་༦ ཉིན་ཕུ་ནུའི་གྲོས་ར་བར་མ་ཞེས་པའི་ཚོགས་རྭ་ཞིག་གསར་དུ་སྒོ་ཕྱེས་ནས་གྲོས་ར་གོང་འོག་བར་གསུམ་གྱི་དྲྭ་ཐོག་ཚོགས་ཁང་བཟོས་ཏེ། གྲོས་ར་གོང་མ་དང་བར་མའི་ནང་དུ་བྱེས་འཁོད་སྡེ་དགེ་བ་བཞུགས་གནས་དང་། འོག་མའི་ནང་དུ་གཞིས་བྱེས་གཉིས་ཀྱི་སྡེ་དགེ་བ་འཛོམས་ས་བཟོས་ཤིང་དེའི་ནང་དུ་གཞིས་སྡོད་སྤུན་ཟླའི་གནས་སྟངས་ལ་དོ་ཕོག་གཏོང་ངེས་པའི་སྐད་ཆ་དང་པར་རིས་སོགས་མི་སྤེལ་རྒྱུའི་ཁྲིམས་བཅས། དེ་བཞིན་ང་ཚོའི་ཚོགས་པ་འདིའི་ལངས་ཕྱོགས་སོགས་གཏོར་བརླག་མི་འགྲོ་བའི་ཆེད་དུ་མང་མོས་ཐོག་དོན་ཚན་དགུ་ཅན་གྱི་སྒྲིག་གཞི་ཞིག་བཟོས། དུས་ཚོད་ཐུང་ཐུང་ཞིག་གི་ནང་གྲོས་ར་གོང་འོག་བར་གསུམ་དུ་རྒྱལ་ཁབ་བཅུ་གསུམ་ཡན་མན་ཙམ་ནས་གནད་ཡོད་མི་སྣ་བརྒྱ་ལྷག་འདུ་འཛོམས་བྱུང་།

དེ་ནས་ཚོགས་མི་ཐུན་མོང་གི་རེ་བ་ལ་སྡེ་དགེ་དྲ་བ་ཞིག་གསར་བཟོ་ཐུབ་ན་དགེ་མཚན་ཆེ་ལུགས་སོགས་ཉིན་མང་པོ་ཞིག་གླེང་མོལ་གནང་པར་བརྒྱུད། མང་པོ་ཞིག་གིས་ཞབས་འདེབས་གནང་བྱུང་མོད། ཚོགས་པའི་ལངས་ཕྱོགས་ཤིག་ལ་གནས་སྐབས་རིང་ཞབས་འདེབས་བསྡུ་སློང་གཏན་ནས་མི་བྱེད་རྒྱུ་དང་། གལ་སྲིད་གནང་མཁན་ཡོད་ན་ལེན་རྒྱུ་བྱས། སྐབས་དེར་འཆམ་ར་བས་བལ་ཡུལ་ནས་ ༢༠༡༢་༡༢་༡༢ ཉིན་དྲ་བ་འདི་བཟོ་རྒྱུའི་འགོ་བཙུགས་ཐུབ་པ་བྱུང་།

53283487_2511612245520945_3896880890596294656_nདྲ་བ་འདིའི་དམིགས་འདུན་ནི། སྟབས་བདེའི་དྲ་ལམ་གྱི་སྡིངས་ཆ་འདིར་བརྒྱུད་ཁ་འཐོར་གནས་པའི་བོད་མི་སྤྱི་དང་། སྡེ་དགེ་བ། དེ་བཞིན་གནས་ཚུལ་འདི་དག་གི་སྐོར་ནས་ཞིབ་འཇུག་དང་། རྒྱུས་ལོན་གནང་འདོད་མཁན་ཚོར་སྟབས་བདེའི་མཐུན་རྐྱེན་རེ་བསྐྲུན་རྒྱུ་དང་། རླབས་ཆེན་གྱི་བྱས་རྗེས་ལྡན་པའི་ཕ་མེས་དམ་པའི་ལོ་རྒྱུས་རྣམས་བོར་བརླག་མི་འགྲོ་བའི་ཆེད། དེ་བཞིན་ཁོར་ཡུག་དང་གནས་སྟངས་འདྲ་མིན་ནང་འཚར་བཞིན་པའི་མི་རབས་གསར་པ་ཚོར་རང་གི་ཕ་ཡུལ་དང་རིག་གཞུང་། ཆོས་ལུགས་དང་གནས་སྟངས་རྣམས་ལས་སླ་པོའི་ངང་གསལ་སྟོན་ཐུབ་ཐབས། དེ་དག་བརྒྱུད་བོད་མི་རིགས་ཀྱི་སྐད་ཡིག་བཟང་པོ་འདི་དག་དུས་རབས་ཀྱི་རྗེས་སུ་བསླེབས་པར་བྱས་ཏེ་སྲུང་སྐྱོབ་ཡོང་ཐབས། གནས་ཚུལ་དང་སྡིངས་ཆ་འདི་འདྲ་ཞིག་བརྒྱུད་ནས་མ་འོངས་པའི་ང་ཚོ་ཆིག་སྒྲིལ་གྱི་ངང་ནས་མདུན་སྐྱོད་ཐུབ་ཐབས་སོགས་ཡིན།

དེས་ན་འདིའི་ནང་དུ་གཙོ་བོ་བོད་སྤྱི་དང་། སྡེ་དགེ་བའི་རྒྱལ་རབས་ལོ་རྒྱུས། རིག་གཞུང་། མི་སྣ། ཡུལ་སྲོལ། དགོན་སྡེ། རྩོམ་ཡིག གསར་འགྱུར་སོགས་འགོད་ཆགས་བཟོས་ཤིང་། དེ་ལུགས་ཚོགས་མང་མདུན་རང་རང་སོ་སོའི་ས་ཁོངས་ཀྱི་གནས་རི། དགོན་སྡེ། མི་སྣ་སོགས་ཀྱི་ཡིག་ཆ་མཁོ་སྒྲུབ་གནང་དགོས་ཚུལ་གྱི་གསལ་བསྒྲགས་རིམ་པ་བྱས། ཟླ་བ་གཅིག་གི་དུས་ཡུན་ནང་འཆམ་ར་བས་ཉིན་མཚན་གཉིས་ལ་དཀའ་ངལ་རིམ་པ་གདོང་ལེན་བྱས་ཤིང་། ཕུགས་རྒྱང་ལྡན་པའི་འགན་ཁུར་གནང་ནས་ཡིག་ཆ་བསྡུ་སྒྲིག་བྱས་པར་བརྒྱུད། དུས་ཚོད་དང་ལས་མི། ད་དུང་འགྲོ་སོང་ལ་དཔག་པའི་ལོ་རྒྱུས་དང་རྒྱལ་རབས་སོགས་སྣ་མང་ཞིག་བཀོད་ཐུབ་པ་བྱུང་ལ། ད་དུང་ཡང་ང་ཚོས་ནུས་ཤུགས་གཅིག་སྒྲིལ་གྱི་ཐོག་ནས། ཡིག་ཆ་དང་པར་རིས་སོགས་མཁོ་སྒྲུབ་ཀྱིས་ཡར་རྒྱས་དང་། ཁ་གསབ་བཏང་དང་གཏོང་བཞིན་པ་ཡིན་པས། རྣམ་པ་ཚོས་ཀྱང་དྲ་བ་འདི་ལ་དེ་བཀོད་མི་འདུག འདི་ཚུད་མི་འདུག་ཟེར་བ་ཙམ་མིན་པ། སྒོ་ཀུན་ནས་རམ་འདེགས་ཐོག་དགོས་གལ་ཅན་གྱི་ཡིག་ཆ་དང་པར་རིས་མཁོ་སྤྲོད་གནང་ན་དགའ་བསུ་ཞུ་བཞིན་ཡོད། ད་ལྟའི་ཕུ་ནུ་གྲོས་རའི་རྩ་བའི་དམིགས་འདུན་ནི་བོད་ཀྱི་སྐད་ཆ་ཡི་གེ ཆས་གོས་དང་གོམས་གཤིས་བཟང་པོ་སོགས་བོད་ཀྱི་རིག་གཞུང་བཟང་པོ་དག་རྒྱུན་བྱ་རྒྱུའི་མཚོན། ང་ཚོ་ཚང་མའི་ཆེད་དུ་དང་། ང་ཚོའི་ཚང་མའི་རྒྱལ་ཁའི་ཆེད་དུ་ཡིན་པས། རྣམ་པ་ཚོས་བློ་རྒྱ་ཡངས་པོ་དང་། སྤྱིར་སེམས་ཆེན་པོའི་ཐོག་རྒྱབ་སྐྱོར་གང་མང་གནང་རོགས་ཞུ་བཞིན་ཡོད། ཁ་དྲོ།

ཞེས་ཕུ་ནུའི་གྲོས་རའི་དབུས་སྤྱི་ཁྱབ་རྒྱུན་ལས་ལྷན་ཚོགས་ནས་༢༠༡༣་༢་༥ ཉིན།

One Response

  1. འཛུམ་གྲོལ། says:
    July 31, 2016 at 10:44 am

    སྡེ་དགེ་དྲ་བའི་དྲ་བདག་ཚོར་སྐད་འགའ་བཞག་ཀྱང་གོ་རིག་ཅི་ཡང་མི་འདུག གལ་ཏེ་སྐད་འདི་མཐོང་ན། ཉིད་ཀྱིས་སྡེ་དགེ་དྲ་བར་བཀོད་པའི་ནང་ཆེན་རྒྱལ་རབས་ཅེས་པ་དེའི་ཞབས་སུ་མཆན་ཞིག་བཏགས་ཡོད་པ་དེར་ཞིབ་གཟིགས་ཅིག་གནང་རོགས་ཞུ།

    Reply

བསམ་ཚུལ་འབྲི།

Click here to cancel reply.

' རྩོམ་འོག་མ། མ་བུ་བདེ་སྲུང་སྐོར་གྱི་སྔོན་འགྲོའི་རྒྱུན་ཤེས་ལག་ལེན་སྐོར།

འབྲེལ་ཡོད་ཀྱི་རྩོམ་གཞན།

  • སྡེ་དགེ་ཞེས་པའི་དོན།
  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་ངོ་སྤྲོད་སྙིང་བསྡུས།
  • A Brief Account of this Website and Development ངོ་སྤྲོད་དབྱིན་ཡིག

ཁྱབ་བསྒྲགས། མང་ ...
    Advertisement
འབྲེལ་མཐུད།
Advertisement
Advertisement
Advertisement
Advertisement
ངོ་དེབ།











  • ཁམས་པའི་དྲ་བ།
  • སྡེ་དགེའི་པར་ཁང་།
  • བོད་ཀྱི་བང་ཆེན།
  • བོད་ཀྱི་དུས་བབ།
  • རྒྱལ་བ་རིན་པོ་ཆེ།
  • ཆུ་སྒང་དྲ་བ།
  • བོད་ཀྱི་ཆ་འཕྲིན།
  • ཨ་རིའི་བརྙན་འཕྲིན།
  • བོད་ཀྱི་གཞས་ཚིག་དྲ་བ།་
  • དྲི་བ་དྲིས་ལན་དྲ་བ།
  • བོད་ཀྱི་འཕྲུལ་དེབ་དྲ་བ།
  • སམ་བྷོ་ཏྲ་དྲ་བ།།
  • འོད་ཟེར་དྲ་བ།
  • བོད་གཞུང་དྲ་བ།
  • སེང་རྡོར་དྲ་བ།།
  • སྨོན་ལམ་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • སྐར་ཁུང་དྲ་བ།
  • གེ་སར་རིག་གནས་དྲ་བ།
  • ཕ་ཡུལ་དྲ་བ།
  • སྤྱི་འཐུས་དྲ་བ།
  • འཛི་སྒར་དྲ་བ།
  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་།
  • © 2020 Dege Gyalyong welfare Society
  • House # D-44, New Tibetan Camp. New Aruna Nagar, Majnu-ka-tilla, Delhi-110054, India.
  • E-mail: [email protected] Tel. 01123815056 Mb: +9717153449

བཟོ་སྐྲུན་པ། བསྟན་འཛིན་ཆོས་གྲགས།